དྲན་ཐོ་འཚོལ།

ཁྱོད་ཀྱིས་ དམིགས་བསལ་བེ་ལུསི་གི་དོན་ལུ་ འབྲི་ཤོག་ ཡང་ན་ གནད་སྡུད་གཞི་རྟེན་གྱི་ཐིག་ཁྲམ་ནང་ གནད་སྡུད་ས་སྒོ་དང་ཐོ་ཡིག་སྒྲོམ་ དེ་ལས་ ཞིབ་དཔྱད་སྒྲོམ་ཚུ་འཚོལ་ཞིབ་འབད་ཚུགས།

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

ཐིག་ཁྲམ་གནད་སྡུད་ཕྲ་རིང་དང་ རྣམ་པ་བཀོད་བསྒྲིག་ཕྲ་རིང་གུ་དྲན་ཐོ་འཚོལ་ངོས་དཔར།

ངོས་དཔར་

དྲན་ཐོ་འཚོལ།


ཐིག་ཁྲམ་འཚོལ་བཞི་སྐབས་ལུ་ ད་ལྟོའི་ཐིག་ཁྲམ་གྱི་གནད་སྡུད་ས་སྒོ་ཚུ་འཚོལ་ཞིབ་འབདཝ་ཨིན། འདི་བཟུམ་སྦེ་འབྲི་ཤོག་ཅིག་ནང་འཚོལ་ཞིབ་འབདཝ་ད་ འབྲི་ཤོག་དང་འབྲེལ་མཐུད་འབད་ཡོད་པའི་ཐིག་ཁྲམ་གྱི་གནད་སྡུད་ས་སྒོ་ཚུ་འཚོལ་ཞིབ་འབདཝ་ཨིན།

ཊི་ཨའི་པི་ངོས་དཔར།

ནཱ་ལུ་འགྲེལ་བཤད་བརྐྱབས་ཡོད་མི་འཚོལ་ཞིབ་དེ་ LibreOffice གིས་འབདཝ་ཨིན། ཁྱོད་ཀྱིས་ གནད་སྡུད་གཞི་རྟེན་ཅིག་ནང་ལུ་འཚོལ་ཞིབ་འབད་ནའི་དོན་ལུ་ ཨེསི་ཀིཡུ་ཨེལ་སར་བར་དེ་ལག་ལེན་འཐབ་དགོ་མནོ་བ་ཅིན་ ཁྱོད་ཀྱིས་གཞི་སྒྲུབ་ཕྲ་རིང་གུ་ཡོད་མི་ གཞི་གྲུབ་-གཞི་རྟེན་འབད་ཡོད་མི་ཚགས་མ་ཚུ་ དེ་ལག་ལེན་འཐབ་དགོཔ་ཨིན།


འཚོལ་ཞིབ་ལས་འགན་འདི་ཡང་ ཐིག་ཁྲམ་ཚད་འཛིན་གྱི་དོན་ལུ་ལངམ་སྦེ་ཐོབ་ཚུགས། འཚོལ་ཞིབ་ལས་འགན་འདི་ ཐིག་ཁྲམ་ཚད་འཛིན་ཅིག་ནང་ལས་བོད་བརྡ་འབད་བའི་སྐབས་ ཁྱོད་ཀྱིས་ འབྲེལ་མཐུད་འབད་ཡོད་པའི་གནད་སྡུད་གཞི་རྟེན་གྱི་ཐིག་ཁྲམ་གྱི་གནད་སྡུད་གཞི་རྟེན་ཀེར་ཐིག་ལུ་ཆ་མཉམ་པའི་ཐིག་ཁྲམ་ཚད་འཛིན་གྱི་ཀེར་ཐིག་རེ་རེ་འཚོལ་ཞིབ་འབད་ཚུགས།

གི་དོན་ལུ་འཚོལ་ཞིབ་འབད།

འཚོལ་ཞིབ་ཀྱི་དབྱེ་བ་ཚུ་གསལ་བཀོད་འབདཝ་ཨིན།

ཚིག་ཡིག:

སྒྲོམ་ནང་ལུ་འཚོལ་ཞིབ་ཐ་སྙད་བཙུགས་ ཡངན་ ཐོ་ཡིག་ནང་ལས་སེལ་འཐུ་འབད། འོད་རྟགས་འོག་གི་ཚིག་ཡིག་འདི་ཧེ་མ་ལས་ར་ ཚིག་ཡིག་ཀོམ་བོ་སྒྲོམ་ནང་ལུ་འདྲ་བཤུས་བརྐྱབས་ཅི། འཚོལ་ཞིབ་འདི་འབྲི་ཤོག་ནང་གཡོག་བཀོལ་བའི་བསྒང་ལུ་ མཆོང་ལྡེ་དང་གྲལ་ཐིག་མཚམས་ཚུ་ལས་སྦྱོར་འབད་མི་ཚུགསཔ་ཨིནམ་སེམས་ཁར་ངེས།

ཁྱོད་ཀྱི་འཚོལ་ཞིབ་ཐ་སྙད་འདི་ ཐིག་ཁྲམ་ ཡང་ན་ མན་ངག་ཡིག་ཆ་འདི་ཁ་མ་ཕྱེ་བར་དུ་ སྲུང་བཞག་འབད་དེ་བཞག་འོང་། ཁྱོད་ཀྱིས་ འཚོལ་ཞིབ་གཅིག་ལས་ལྷག་སྟེ་གཡོག་བཀོལ་ནི་དང་ འཚོལ་ཞིབ་ཐ་སྙད་འདི་ཡང་བསྐྱར་འབད་དགོ་མནོ་བ་ཅིན་ ཀོམ་བོ་སྒྲོམ་ནང་ལས་ ཧེ་མ་ལས་ལག་ལེན་འཐབ་ཡོད་པའི་འཚོལ་ཞིབ་ཐ་སྙད་འདི་སེལ་འཐུ་འབད།

ས་སྒོའི་ནང་དོན་འདི་ སྟོང་ཆ་ཨིན་པས།

གནད་སྡུད་དང་མི་ལྡན་པའི་ས་སྒོ་ཚུ་ཐོབ་པའི་གསལ་བཀོད་འབདཝ་ཨིན།

ས་སྒོའི་ནང་དོན་འདི་ སྟོང་ཆ་མེན་པས།

གནད་སྡུད་དང་ལྡན་པའི་ས་སྒོ་ཚུ་ཐོབ་པའི་གསལ་བཀོད་འབདཝ་ཨིན།

ག་སྟེ་ལུ་འཚོལ་ཞིབ་འབད་ནི།

ག་སྟེ་ལུ་འཚོལ་ཞིབ་འབད་ནི་ཨིན་ན་གསལ་བཀོད་འབདཝ་ཨིན།

འབྲི་ཤོག

ཁྱོད་ཀྱིས་ འཚོལ་ཞིབ་འབད་དགོ་མནོ་མི་གཏན་ཚིགས་ཅན་གྱི་འབྲི་ཤོག་ གསལ་བཀོད་འབདཝ་ཨིན།

དྲན་འཛིན་ངོས་དཔར།

འབྲི་ཤོག་ ཀོམ་བོ་སྒྲོམ་འདི་ ད་ལྟོའི་ཡིག་ཆ་འདི་ གཅིག་ལས་ལྷག་པའི་གཏན་ཚིགས་ཅན་གྱི་འབྲི་ཤོག་དང་བཅས་པའི་འབྲི་ཤོག་ཡིག་ཆ་ཅིག་ཨི་ནཔ་ཅིན་རྐྱངམ་ཅིག་མཐོང་ཚུགས། དེ་ཐིག་ཁྲམ་ ཡངན་ འདྲི་དཔྱད་ཚུ་ནང་འཚོལ་ཞིབ་འབད་བའི་སྐབས་ལུ་མི་འབྱུང་།


འབྲི་ཤོག་ཡིག་ཆ་ནང་ལུ་ སྣ་མང་གཏན་ཚིགས་ཅན་གྱི་འབྲི་ཤོག་ཚུ་ཡོདཔ་འོང་། དེ་ཚུ་ཆ་མཉམ་ ཐིག་ཁྲམ་ཅིག་ལུ་ཕན་ཚུན་འབྲེལ་ལམ་ཡོད་པའི་ངོ་རྐྱང་འབྲི་ཤོག་ཆ་ཤས་ཨིན།

འབྲི་ཤོག་ཀོམ་བོ་སྒྲོམ་ནང་ལུ་ ཡོད་མི་ཚུ་ལུ་ཚད་འཛིན་འབད་བའི་གཏན་ཚིགས་ཅན་གྱི་འབྲི་ཤོག་ཆ་མཉམ་གྱི་མིང་ཚུ་ཡོདཔ་ཨིན།

ས་སྒོ་ཚུ་གེ་རང།

ས་སྒོ་ཆ་མཉམ་ལས་བརྒྱུད་དེ་འཚོལ་ཞིབ་འབདཝ་ཨིན། ཁྱོད་ཀྱིས་ཐིག་ཁྲམ་ནང་འཚོལ་ཞིབ་ཅིག་གཡོག་བཀོལ་བ་ཅིན་ དེ་ནང་གི་ཐིག་ཁྲམ་ཚུ་ཆ་མཉམ་ར་འཚོལ་ཞིབ་འབད་འོང་། དེ་མེན་པར་འཚོལ་ཞིབ་འདི་འབྲི་ཤོག་ནང་གཡོག་བཀོལ་བ་ཅིན་ གཏན་ཚིགས་ཅན་གྱི་འབྲི་ཤོག་(འབྲི་ཤོག་ འོག་ལུ་ཐོ་བཀོད་འབད་ཡོདཔ་)གི་ས་སྒོ་ཆ་མཉམ་ར་འཚོལ་ཞིབ་འབད་འོང་། དོ་རུང་འཚོལ་ཞིབ་འདི་ ཐིག་ཁྲམ་ཚད་འཛིན་ས་སྒོ་ཅིག་ནང་གཡོག་བཀོལ་བ་ཅིན་ ནུས་ཅན་གནད་སྡུད་གཞི་རྟེན་གྱི་ཐིག་ཁྲམ་ས་སྒོ་ཅིག་དང་འབྲེལ་མཐུད་འབད་ཡོད་པའི་ཀེར་ཐིག་ཆ་མཉམ་ར་འཚོལ་ཞིབ་འབད་འོང་།

ད་ལྟོའི་གཏན་ཚིགས་ཅན་གྱི་འབྲི་ཤོག་གི་ས་སྒོ་ཚུ་ འབྲི་ཤོག་ཡིག་ཆའི་ས་སྒོ་ཚུ་དང་ཅོག་འཐད་མི་དགོཔ་ཨིནམ་ སེམས་ཁར་དྲན། འབྲི་ཤོག་ཡིག་ཆ་ནང་ལུ་ སྣ་མང་གནད་སྡུད་འབྱུང་ཁུངས་(དེ་ཡང་ སྣ་མང་གཏན་ཚིགས་ཅན་གྱི་འབྲི་ཤོག་)ལུ་དཔག་པའི་ས་སྒོ་ཚུ་ཡོད་པ་ཅིན་ ས་སྒོ་ཆ་མཉམ་གདམ་ཁ་གིས་ འབྲི་ཤོག་ནང་གནད་སྡུད་འབྱུང་ཁུངས་ལུ་འབྲེལ་མཐུད་འབད་ཡོད་པའི་ས་སྒོ་ལུ་རྐྱངམ་ཅིག་འཚོལ་ཞིབ་འབད་འོང་།

ས་སྒོ་རྐྱང་པ།

གསལ་བཀོད་འབད་ཡོད་པའི་གནད་སྡུད་ས་སྒོ་ལས་བརྒྱུད་དེ་ འཚོལ་ཞིབ་འབདཝ་ཨིན།

གཞི་སྒྲིག་ཚུ།

སྒྲིག་སྟངས་འདི་ཚུ་ ཚད་འཛིན་འཚོལ་ཞིབ་ནང་ལུ་ ངེས་འཛིན་འབདཝ་ཨིན།

གནས་ས།

འཚོལ་ཞིབ་ཐ་སྙད་དང་ས་སྒོའི་ནང་དོན་གཉིས་ཀྱི་མཐུན་ལམ་ གསལ་བཀོད་འབདཝ་ཨིན། འོག་གི་གདམ་ཁ་ཚུ་ལངམ་སྦེ་ཐོབ་ཚུགས་:

ས་སྒ་ནང་ག་སྟེ་རང་འབད་རུང་།

ས་སྒོའི་ཕྱོགས་ག་སྟེ་ཡང་ཡོད་པའི་འཚོལ་ཞིབ་དཔེ་གཞི་དང་ལྡན་པའི་ས་སྒོ་ཆ་མཉམ་ སླར་ལོགཔ་ཨིན།

ས་སྒོའི་མགོ

ས་སྒོའི་འགོ་ཐོག་ལས་ཡོད་པའི་འཚོལ་ཞིབ་དཔེ་གཞི་དང་ལྡན་པའི་ས་སྒོ་ཆ་མཉམ་ སླར་ལོག་འབདཝ་ཨིན།

ས་སྒོའི་མཇུག

ས་སྒོའི་མཇུག་གི་འཚོལ་ཞིབ་དཔེ་གཞི་དང་ལྡན་པའི་ས་སྒོ་ཚུ་ཆ་མཉམ་ སླར་ལོགཔ་ཨིན།

ས་སྒོ་ཧྲིལ་བུ།

ས་སྒོའི་ནང་དོན་དང་མཐུན་སྒྲིག་ཡོདཔ་བཟུམ་གྱི་འཚོལ་ཞིབ་དཔེ་གཞི་དང་ལྡན་པའི་ས་སྒོ་ཚུ་ཆ་མཉམ་ར་ སླར་ལོགཔ་ཨིན།


དྲན་འཛིན་ངོས་དཔར།

ཝའིལ་ཀརཌི་གསལ་བརྗོད་ ཞིབ་དཔྱད་སྒྲོམ་འདི་གུ་རྟགས་བཀལ་ཡོད་པ་ཅིན་ ལས་འགན་འདི་འཐོབ་མི་ཚུགས།


ས་སྒོའི་རྩ་སྒྲིག་འདི་འཇུག་སྤྱོད་འབད།

ས་སྒོའི་རྩ་སྒྲིག་ཆ་མཉམ་ར་ ད་ལྟོའི་ཡིགཆ་འཚོལ་བའི་སྐབས་ལུ་ ཆ་འཇོག་འབད་ཡོདཔ་སྦེ་གསལ་བཀོད་འབདཝ་ཨིན། སསྒོའི་རྩ་སྒྲིག་འདི་འོག་གི་ཚུ་ལག་ལེན་འཐབ་པའི་ཐོག་ལས་ གསར་བསྐྲུན་འབད་ཡོད་པའི་མཐོང་ཚུགས་པའི་རྩ་སྒྲིག་ཅིག་ཨིན།

  1. ས་སྒོའི་རྒྱུ་དངོས་ཀྱི་དོན་ལུ་ ཐིག་ཁྲམ་བཀོད་སྒྲིག་ཐབས་ལམ་ནང་

  2. གནད་སྡུད་འབྱུང་ཁུངས་མཐོང་སྣང་ནང་གི་ཀེར་ཐིག་རྩ་སྒྲིག་གུ་

  3. འབྲི་ཤོག་གི་ནང་ཚད་འཛིན་གྱི་རྒྱུ་དངོས་ཚུ་གུར།

ས་སྒོའི་རྩ་སྒྲིག་འཇུག་སྤྱོད་འབད་སྒྲོམ་འདི་རྟགས་བཀལ་ཡོད་པ་ཅིན་ ཐིག་ཁྲམ་གནད་སྡུད་འབྱུང་ཁུངས་ཀྱི་མཐོང་སྣང་ ཡང་ན་ འབྲི་ཤོག་འདི་ དེ་ཁར་གཞི་སྒྲིག་འབད་དེ་ཡོད་པའི་རྩ་སྒྲིག་གི་ཐོག་ལས་ འཚོལ་ཞིབ་འབདཝ་ཨིན། ག་དེམ་ཅིག་འབད་སྒྲོམ་འདི་གུ་རྟགས་མ་བཀལ་བ་ཅིན་ གནད་སྡུད་གཞི་རྟེན་འདི་ གནད་སྡུད་གཞི་རྟེན་ནང་སྲུངས་ཡོད་པའི་རྩ་སྒྲིག་ལག་ལེན་ཐོག་ལས་འཚོལ་ཞིབ་འབདཝ་ཨིན།

དཔེར་ན:

ཁྱོད་ལུ་ གནད་སྡུད་གཞི་རྟེན་(དཔེར་ན་ ༡༧་༠༢་༦༥) ནང་གི་"DD.MM.YY"རྩ་སྒྲིག་ནང་ལུ་ སྲུངས་ཡོད་པའི་ཚེས་གྲངས་ས་སྒོ་ཅིག་འདུག ཐོ་བཀོད་རྩ་སྒྲིག་འདི་ གནད་སྡུད་འབྱུང་ཁུངས་མཐོང་སྣང་ནང་ "DD. MMM YYYY" (སྤྱི་ལོ་༡༩༦༥སྤྱི་ཟླ་༢་པའི་སྤྱི་ཚེས་༡༧་་)ལུ་བསྒྱུར་བཅོས་འབད་ནུག དཔེ་འདི་གི་རྗེས་སུ་འབྲང་སྟེ་ སྤྱི་ཟླ་༢་པའི་སྤྱི་ཚེས་༡༧་དང་ལྡན་པའི་དྲན་ཐོ་འདི་ ས་སྒོའི་རྩ་སྒྲིག་འཇུག་སྤྱོད་འབད་ གདམ་ཁ་འདི་ཨཱོན་འབད་བའི་སྐབས་ལུ་ མཐོང་ཚུགསཔ་ཨིན།

ས་སྒོའི་རྩ་སྒྲིག་འདི་འཇུག་སྤྱོད་འབད།

དཔེ་གཞི་དེ་ འཚོལ་ཞིབ་འབད།

ཨཱོན

"Feb" འདི་སླར་ལོག་འབད་ནུག་ འདི་འབདཝ་ད་ "2"ལུ་མིན་འདུག

ཨོཕ།

"2" འདི་སླར་ལོག་འབད་ནུག་ འདི་འབདཝ་ད་ "Feb"་མེན་པས།


ཁྱོད་ཀྱིས་ ཨ་རྟག་ར་ས་སྒོ་རྩ་སྒྲིག་ལག་ལེན་འཐབ་ཐོག་ལས་འཚོལ་ཞིབ་འབདཝ་ཨིན་པའི་འོས་སྦྱོར་འབདཝ་ཨིན།

ས་སྒོ་རྩ་སྒྲིག་མེད་པ་འཚོལ་ཞིབ་འབད་བའི་སྐབས་ལུ་ འོག་གི་དཔེ་ཚུ་གིས་ གནད་དོན་ཚུ་སྟོནམ་ཨིན། གནད་དོན་འདི་ཚུ་ གནད་སྡུད་གཞི་རྟེན་ལག་ལེན་འཐབ་ཡོད་མི་ལུ་བརྟེནམ་ཨིནམ་དང་ཕྱིའི་སྔོན་སྒྲིག་རྩ་སྒྲིག་དག་པ་ཅིག་གི་དོན་ལུ་རྐྱངམ་ཅིག་འབྱུངམ་ཨིན་:

འཚོལ་ཞིབ་འབད་བའི་ གྲུབ་འབྲས་ཚུ།

རྒྱུ་རྐྱེན།

"5" འདི་ "14:00:00" ཆུ་ཚོད་སྦེ་སླར་ལོགཔ་ཨིན་

ཆུ་ཚོད་ས་སྒོ་ཚུ་ ཌི་བེསི་གནད་སྡུད་གཞི་རྟེན་ཚུ་གི་དོན་ལུ་ངེས་འཛིན་མ་འབདཝ་དང་ མཚུངས་བཟོ་འབད་དགོཔ་ཨིན། ཆུ་ཚོད་ "14:00:00"འདི་ནང་ལུ་འབད་བཀྲམ་སྟོན་འབད་ནི་ལུ་ ༥་འདི་དགོཔ་ཨིན།

"00:00:00" གིས་ ཚད་ལྡན་ཚེས་གྲངས་ས་སྒོ་ཅིག་གི་དྲན་ཐོ་ཆ་མཉམ་ར་སླར་ལོགཔ་ཨིན་

གནད་སྡུད་གཞི་རྟེན་གྱིས་ མཉམ་མུཐད་འབད་ཡོད་པའི་ཚེས་གྲངས་/ཆུ་ཚོད་ས་སྒོ་ཅིག་ལག་ལེན་འཐབ་ཐོག་ལས་ ནང་ན་སྦེ་ཚེས་གྲངས་བེ་ལུ་ཅིག་གསོག་འཇོག་འབདཝ་ཨིན།

ས་སྒོ་ཧྲིལ་བུ་ གདམ་ཁ་འདི་ Positionགི་འོག་ལུ་སེལ་འཐུ་འབད་དེ་ཡོད་རུང་ "45.79" མི་ལོགཔ་ཨིན་ "45.79"།

སྟོན་ཡོད་པའི་མཐོང་སྣང་འདི་ ནང་ལུ་གསོག་འཇོག་འབད་ཡོད་མི་དང་མཐུན་སྒྲིག་མི་འབདཝ་ཨིན། དཔེར་ན་ བེ་ལུ་ ༤༥་༧༨༩འདི་ གནད་སྡུད་གཞི་རྟེན་ནང་ དབྱེ་བའི་ཨང་གྲངས་ཀྱི་ས་སྒོ་ཅིག་/གཉིས་ལྡན་སྦེ་བཟོ་ཡོད་པ་ཅིན་དང་ སྟོན་ཡོད་པའི་རྩ་སྒྲིག་འདི་བཅུ་ཚག་གཉིས་རྐྱངམ་ཅིག་བཀྲམ་སྟོན་འབད་ནི་གི་དོན་ལུ་ བཀྲམ་སྟོན་འབད་ཡོད་པ་ཅིན་ "45.79"འདི་ ས་སྒོ་རྩ་སྒྲིག་དང་གཅིག་ཁར་ འཚོལ་ཞིབ་ནང་རྐྱངམ་ཅིག་ལོགཔ་ཨིན།


གནད་དོན་འདི་ནང་ ཚད་ལྡན་རྩ་སྒྲིག་འདི་ ནང་ལུ་སྦེ་གསོག་འཇོག་འབད་ཡོད་པའི་གནད་སྡུད་ལུ་གཞི་བསྟུན་འབད་མི་རྩ་སྒྲིག་ཅིག་ཨིན། འདི་ཨ་རྟག་་ར་ལག་ལེན་པ་གིས་མི་མཐོངམ་ཨིན་ དེ་ཡང་དམིགས་བསལ་གྱིས་ གནད་སྡུད་དབྱེ་བ་(དཔེར་ན་ ཌི་བེསི་གནད་སྡུད་གཞི་རྟེན་ནང་གི་ཆུ་ཚོད་ས་སྒོ་)མཚུངས་བཟོའི་དོན་ལུ་ལག་ལེན་འཐབ་ཡོད་པ་ཅིན་ མི་མཐོངམ་ཨིན། འདི་ གནད་སྡུད་གཞི་རྟེན་ལག་ལེན་འཐབ་ཡོད་མི་དང་ངོ་རྐྱང་གནད་སྡུད་དབྱེ་བ་ལུ་བརྟེནམ་ཨིན། ཁྱོད་ཀྱིས་ ག་ཅི་འདི་སྟོན་ཡོདཔ་ཨིན་ན་འཚོར་ནི་རྐྱངམ་ཅིག་ཨིན་པ་ཅིན་ ས་སྒོ་རྩ་སྒྲིག་དང་གཅིག་ཁར་འཚོལ་ཞིབ་འབད་ནི་འདི་འོས་ལྡན་ཡོདཔ་ཨིན། འདི་གི་གྲངས་སུ་ དབྱེ་བའི་ཚེས་གྲངས་ཀྱི་ས་སྒོ་དང་ཆུ་ཚོད་ དེ་ལས་ཚེས་གྲངས་/ཆུ་ཚོད་དང་ཨང་གྲངས་/གཉིས་ལྡན་ཚུ་ཚུདཔ་ཨིན།

ག་དེ་ཨིན་རུང་ ས་སྒོ་རྩ་སྒྲིག་འཇུག་སྤྱོད་ དང་མ་འཁྲིལ་བར་འཚོལ་ཞིབ་འབད་མི་འདི་ རྩ་སྒྲིག་གནད་དོན་མེད་པའི་གནད་སྡུད་གཞི་རྟེན་སྦོམ་མི་ཚུ་ལུ་འོས་ལྡན་ཡོདཔ་ཨིན་ ག་ཅི་འབད་ཟེར་བ་ཅིན་ འདི་མགྱོགས་དྲགས་ཡོདཔ་ཨིན།

ཁྱོད་ཀྱིས་ ས་སྒོའི་རྩ་སྒྲིག་འཇུག་སྤྱོད་ དང་གཅིག་ཁར་ ཞིབ་དཔྱད་སྒྲོམ་ཚུ་འཚོལ་ཞིབ་འབདཝ་ཨིན་པ་ཅིན་ རྟགས་བཀལ་ཡོད་མི་ཞིབ་དཔྱད་སྒྲོམ་ལུ་ "1" ཅིག་དང་ རྟགས་མ་བཀལ་མི་ཞིབ་དཔྱད་སྒྲོམ་ལུ་"0"ཅིག་དང་ དེ་ལས་ ངེས་འཛིན་མ་འབད་མི་(ཊི་སི་ཊེཊི་)ཞིབ་དཔྱད་སྒྲོམ་ལུ་ ཡིག་རྒྱུན་སྟོོངམ་ཚུ་ཐོབ་འོང་། ག་དེམ་ཅིག་འབད་འཚོལ་ཞིབ་འདི་ ས་སྒོ་རྩ་སྒྲིག་འཇུག་སྤྱོད་ འདི་མེད་པར་འབད་ཡོད་པ་ཅིན་ སྐད་ཡིག་ལུ་བརྟེན་པའི་སྔོན་སྒྲིག་བེ་ལུསི་"TRUE" ཡང་ན་ "FALSE" མཐོང་འོང་།

ཐོ་ཡིག་སྒྲོམ་ནང་ལུ་འཚོལ་ཞིབ་འབད་བའི་བསྒང་ལུ་ ས་སྒོ་རྩ་སྒྲིག་འཇུག་སྤྱོད་ འདི་ལག་ལེན་འཐབ་པ་ཅིན་ ཁྱོད་ཀྱིས་ ཐོ་ཡིག་སྒྲོམ་ནང་ཚིག་ཡིག་བཀྲམ་སྟོན་འབད་དེ་མཐོང་ཚུགས། ག་དེམ་ཅིག་འབད་ ས་སྒོ་རྩ་སྒྲིག་འཇུག་སྤྱོད་འདི་ལག་ལེན་མ་འཐབ་པ་ཅིན་ ཚད་ལྡན་ས་སྒོའི་རྩ་སྒྲིག་ལུ་ཆ་མཉམ་པའི་ནང་དོན་ཚུ་མཐོང་ཚུགས།

མཐུན་སྒྲིག་འབད་བའི་ཡི་གུ་ཚུ།

འཚོལ་ཞིབ་སྐབས་ལུ་ ཚུགས་ཡིག་དང་མགྱོགས་ཡི་གཉིས་ཀུ་ཆ་འཇོག་འབད་ནུག་

རྒྱབ་བསྐྱོད་ལུ་འཚོལ་ཞིབ་འབད།

འཚོལ་ཞིབ་ལས་སྦྱོར་འདི་རིམ་ལོག་ཁ་ཕྱོགས་ནང་སྦེ་ དྲན་ཐོའི་མཇུག་ལས་མགུ་ཚུན་ གཡོག་བཀོལ་བཏུབ་པའི་གསལ་བཀོད་འབདཝ་ཨིན།

མགོ་ལས/མཇུག་ལས།

གིས་ འཚོལ་ཞིབ་ལོག་འགོ་བཙུགཔ་ཨིན། གདོང་བསྐྱོད་འཚོལ་ཞིབ་འདི་ དྲན་ཐོ་དང་པམ་གྱིས་ལོག་འགོ་བཙུགཔ་ཨིན། དེ་བཟུམ་སྦེ་རྒྱབ་བསྐྱོད་འཚོལ་ཞིབ་འདི་ མཇུག་གི་དྲན་ཐོ་གིས་ ལོག་འགོ་བཙུགཔ་ཨིན།

ཝའིལ་ཀརཌི་གསལ་བརྗོད་

ཁྱོད་ཀྱིས་ འོག་གི་ཝའིལ་ཀརཌིསི་ཚུ་ལག་ལེན་འཐབ་བཏུབ་:

ཝའིལ་ཀརཌིསི།

དོན་དག

དཔེར་ན།

?

མཐུན་སྒྲིག་ཡིག་ཏག་ཏ་ཅིག་ལུ་

"?loppy" ལོགཔ་ཨིན་ "Floppy"

"M?ller" སླར་ལོགཔ་ཨིན་ དཔེར་ན་ མི་ལར་དང་མོ་ལར་

*

༠་ ཡང་ན་ མཐུན་སྒྲིག་ཡིག་འབྲུ་ལེ་ཤ་ལུ་

"*-*" སླར་ལོག་ "ZIP-Drive" འབདཝ་ཨིནམ་དང་ "CD-ROM"

"M*er" གིས་ "M"གིས་འགོ་བཙུགས་མི་དང་"er" (དཔེར་ན་ མི་ལར་དང་མོ་ལར་ དེ་ལས་མ་དར་ཚུ་ཨིན་)གིས་ མཇུག་བསྡུ་བའི་ཐོ་བཀོད་ཚུ་ཆ་མཉམ་ སླར་ལོགཔ་ཨིན།


ཡིག་འབྲུ་ངོ་མ་ ? ཡང་ན་ * འཚོལ་ནི་ཨིན་པ་ཅིན་ དེ་ཚུ་གཡོ་ཤད་ལོག་པ་གིས་སྔོན་བརྗོད་་འབད་:"\?" ཡང་ན་ "\*"། ག་དེ་ཨིན་རུང་ འདི་ ཝའིལ་ཀརཌི་གསལ་བརྗོད་ ལྕོག་ཅན་བཟོ་ཡོད་པའི་སྐབས་ལུ་དགོཔ་ཨིན། གདམ་ཁ་འདི་ལྕོགས་ཅན་མ་བཟོ་བའི་སྐབས་ཝའིལ་ཀརཌི་ཡིག་འབྲུ་ཚུ་ སྤྱིར་བཏང་ཡིག་འབྲུ་ཚུ་བཟུམ་སྦེ་ལས་སྦྱོར་འབདཝ་ཨིན།

དུས་རྒྱུན་གྱི་གསལ་བརྗོད།

དུས་རྒྱུན་བརྗོད་པའི་ཐོག་ལས་འཚོལ་ཞིབ་འབདཝ་ཨིན། ནཱ་ལུ་རྒྱབ་སྐྱོར་འབད་དེ་ཡོད་པའི་ཅོག་འཐད་པའི་དུས་རྒྱུན་བརྗོད་པ་ཚུ་ LibreOfficeའཚོལ་ཏེ་སྦྱར་བའི་ཌའི་ལོག་ནང་ལུ་ཡང་རྒྱབ་སྐྱོར་འབད་ཡི།

དུས་རྒྱུན་བརྗོད་པའི་ཐོག་ལས་འཚོལ་ཞིབ་འབད་མི་འདི་བ་ཡང་ ཝའིལ་ཀརཌི་ཐོག་ལས་འཚོལ་ཞིབ་འབད་མི་འདི་གིས་ ལེ་ཤ་བྱིནམ་ཨིན། དུས་རྒྱུན་བརྗོད་པའི་ཐོག་ལས་འཚོལ་ཞིབ་འབད་བ་ཅིན་ འོག་གི་ཡིག་འབྲུ་ཚུ་ ཝའིལ་ཀརཌིསི་ཐོག་ལས་འཚོལ་ཞིབ་ནང་ལགལེན་འཐབ་ཡོད་མི་དང་ཆ་མཉམ་ཨིན་:

ཝའིལ་ཀརཌི་གསལ་བརྗོད་དང་མཉམ་ འཚོལ་ཞིབ་འབད་

དུས་རྒྱུན་གྱི་གསལ་བརྗོད་དང་མཉམ་ཅིག་འཚོལ་ཞིབ་འབད་

?

.

*

.*


ཆ་འདྲ་བའི་འཚོལ་ཞིབ།

Find terms that are similar to the Find text. Select this checkbox, and then click the Similarities button to define the similarity options.

(ཨེ་ཤི་ཡཱན་སྐད་ཡིག་ཚུ་ལྕོགས་ཅན་སྦེ་ཡོད་པ་ཅིན་རྐྱངམ་ཅིག་ ) ཡིག་འབྲུའི་རྒྱ་ཚད་འདི་མཐུན་སྒྲིག་འབད།

རྒྱ་ཚད་ཕྱེད་དང་རྒྱ་ཚད་ཆ་ཚང་གི་ཡིག་འབྲུའི་རྣམ་པ་ཚུ་གི་བར་ན་ ཁྱད་པར་སྟོནམ་ཨིན།

(ཨེ་ཤི་ཡཱན་གྱི་སྐད་ཡིག་ཚུ་ལྕོགས་ཅན་ཡོད་པ་ཅིན་རྐྱངམ་ཅིག་)(ཇ་པ་ནིསི་)བཟུམ་སྦེ་མཐོངམ་མས།

གིས་ ཇ་པ་ནིསི་ཚིག་ཡིག་ནང་དབྱངས་རྟགས་ལག་ལེན་འཐབ་ཡོད་མི་ གཅིག་པའི་དོན་ལུ་ ཁྱོད་ལུ་ འཚོལ་ཞིབ་གདམ་ཁ་འདི་གསལ་བཀོད་འབད་བཅུགསཔ་ཨིན། ཞིབ་དཔྱད་སྒྲོམ་འདི་སེལ་འཐུ་འབད་དེ་ དེ་ལས་ འཚོལ་ཞིབ་གདམ་ཁ་ཚུ་གསལ་བཀོད་འབད་ནི་དོན་ལུ་ ...ཨེབ་རྟ་དེ་གུ་ཨེབ་གཏང་།

ཇ་པ་ནིསི་ཚིག་ཡིག་ནང་ལག་ལེན་འཐབ་སྟེ་ཡོད་པའི་ དབྱངས་རྟགས་གཅིག་པ་གི་དོན་ལུ་ འཚོལ་ཞིབ་འདི་གཞི་སྒྲིག་འབདཝ་ཨིན།

མཉམ་པ་སྦེ་བརྩི་འཇོག་འབད།

Specifies the options to be treated as equal in a search.

སྣང་མེད་བཞག

Specifies the characters to be ignored.

མངའ་སྡེ།

མངའ་སྡེ་གྲལ་ཐིག་གིས་ འཚོལ་ཞིབ་ཀྱིས་སླར་ལོག་འབད་ཡོད་པའི་དྲན་ཐོ་ཚུ་སྟོནམཨིན། ག་དེམ་ཅིག་འབད་ འཚོལ་ཞིབ་འདི་ཐིག་ཁྲམ་གྱི་མཇུག་(ཡངན་ འགོ་བཙུགཔ་ད་)ལུ་ལྷོད་པ་ཅིན་ འཚོལ་ཞིབ་འདི་ རང་བཞིན་གྱིས་ མཇུག་གཞན་ཅིག་ཁར་འཕྲོ་མཐུད་དེ་སྡོད་འོང་།

གནད་སྡུད་གཞི་རྟེན་སྦོམ་ནང་ལུ་ རིམ་ལོག་འཚོལ་ཞིབ་གོ་རིམ་ནང་དྲན་ཐོ་འཚོལ་ནི་ལུ་དུས་ཚོད་ཨ་ཙི་འགོརཝ་ཨིན། དེ་ནང་ གནས་ཚད་ཕྲ་རིང་གིས་ཁྱོད་ལུ་ དྲན་ཐོ་ཚུ་ན་ལྟོ་ཡང་ གྱངས་ཁ་རྐྱབ་སྟེ་ཡོདཔ་སྦེ་བརྡ་དོན་འབདཝ་ཨིན།

འཚོལ་ཞིབ་/ཆ་མེད་གཏང་

འཚོལ་ཞིབ་འདི་མཐར་འཁྱོལ་སྦེ་མཇུག་བསྡུ་ཡོད་པ་ཅིན་ ཐིག་ཁྲམ་ནང་གི་ཆ་མཉམ་ས་སྒོ་འདི་གཙོ་དམིགས་འབད་དེ་སྡོད་འོང་། ཁྱོད་ཀྱིས་ལོག་སྟེ་ འཚོལ་ཞིབ་ ཨེབ་རྟ་གུ་ཨེབ་གཏང་འབད་བའི་ཐོག་ལས་ འཚོལ་ཞིབ་འཕྲོ་མཐུད་ཚུགས། དོ་རུང་ཁྱོད་ཀྱིས་ ཆ་མེད་གཏང་ ཨེབ་རྟ་གུ་ཨེབ་གཏང་འབད་བའི་ཐོག་ལས་ འཚོལ་ཞིབ་འབད་བའི་བསྒང་ཡོད་མི་འདི་ཆ་མེད་གཏང་བཏུབ།

ཁ་བསྡམས།

ཌའི་ལོག་ཁ་བསྡམ་ཨིན་ མཇུག་ལུ་འཚོལ་ཞིབ་འབད་མི་སྒྲིག་སྟངས་ཚུ་ ཁྱོད་ཀྱིས་ LibreOffice མ་སྤང་ཚུན་ཚོད་ སྲུངས་ཏེ་སྡོད་འོང་།

ཐིག་ཁྲམ་ ཡངན་ འབྲི་ཤོག་ལེ་ཤ་ར་ཁ་ཕྱེ་སྟེ་ཡོད་པ་ཅིན་ ཡིག་ཆ་རེ་རེ་ལུ་ འཚོལ་ཞིབ་གདམ་ཁ་མ་འདྲཝ་གཞི་སྒྲིག་འབད་ཚུགས། དེ་ལས་ཡིག་ཆ་འདི་ཁ་བསྡམ་པ་ཅིན་ མཇུག་ལུ་ཁ་བསྡམས་ཡོད་པའི་ཡིག་ཆའི་འཚོལ་ཞིབ་གདམ་ཁ་ཚུ་རྐྱངམ་ཅིག་སྲུངམ་ཨིན།