གཙོ་དམིགས་འབད་དོ

ད་ལྟོའི་ གཙོ་དམིགས་ཚོས་གཞི་འདི་ ཚིག་ཡིག་སེལ་འཐུ་ཅིག་གི་ རྒྱབ་གཞི་ལུ་ འཇུག་སྤྱོད་འབད་བཏུབ། ཚིག་ཡིག་སེལ་འཐུ་མ་འབད་བར་ཡོད་པ་ཅིན་ གཙོདམིགས་འབད་ནི་ ངོས་དཔར་ལུ་ ཨེབ་གཏང་འབད་ཞིནམ་དང་ ཁྱོད་རང་ག་དགོ་པའི་ཚིག་ཡིག་དེ་སེལ་འཐུ་འབད་ དེ་ལས་ ལོག་སྟེ་རང་གཙོག་དམིགས་འབད་ནིའི་ངོས་དཔར་ལུ་ ཨེབ་གཏང་འབད། གཙོ་དམིགས་ཀྱི་ཚོས་གཞི་འདི་ སོར་ནི་ལུ་ གཙོག་དམིགས་འབད་ནིའི་ ངོས་དཔར་གྱི་ ཤུལ་མ་ཡོད་མི་ མདའ་རྟགས་འདི་ལུ་ ཨེབ་གཏང་འབད་ཞིནམ་དང་ དེ་ལས་ཁྱོད་རང་ག་དགོ་པའི་ ཚོས་གཞི་དེ་ལུ་ ཨེབ་གཏང་འབད།

ངོས་དཔར།

Highlight Color

གཙོ་དམིགས་ འཇུག་སྤྱོད་འབད་ནི་ལུ།

  1. རྩ་སྒྲིག་འབད་ནིའི་ཕྲ་རིང་ གུར་ གཙོག་དམིགསའབད་ནིའི་ ངོས་དཔར་ལུ་ ཨེབ་གཏང་འབད།

    དྲན་འཛིན་ངོས་དཔར།

    གཙོ་དམིགས་ཀྱི་ཚོས་གཞི་འདི་ བསྒྱུར་བཅོས་འབད་ནི་ལུ་གཙོ་དམིགས་ངོས་དཔར་གྱི་ ཤུལ་མ་ཡོད་མི ་མདའ་རྟགས་འདི་ལུ་ ཨེབ་གཏང་འབད་ཞིནམ་དང་ ཁྱོད་རང་ག་དགོ་མི་ ཚོས་གཞི་འདི་ལུ་ ཨེབ་གཏང་འབད།


  2. ཁྱོད་རང་ ཚིག་ཡིག་ག་དེ་ལུ་ གཙོ་དམིགས་འབད་ནི་ཨིན་ན་ འདི་སེལ་འཐུ་འབད།

    ཊི་ཨའི་པི་ངོས་དཔར།

    གཙོག་དམིགས་དེ་ མིང་ཚིག་རྐྱང་པ་མིང་ཚིག་ལུ་ འཇུག་སྤྱོད་འབད་ནི་ལུ་ མིང་ཚིག་ལུ་ ཨེབ་གཏང་ཐེངས་གཉིསའབད།


  3. གཙོ་དམིགས་བཟོ་ནི་དེ་ ཊཱན་ཨོཕ་འབད། གློག་ཐེམ་ལུ་ཧེབ་ངཏང་འབད།

གཙོ་དམིགས་འབད་ནི་ རྩ་བསྐྲད་གཏང་ནི་ལུ།

  1. གཙོ་དམིགསའབད་ཡོད་པའི་ཚིག་ཡིག་འདི་སེལ་འཐུ་འབད།

  2. རྩ་སྒྲིག་འབད་ནིའི་ ཕྲ་རིང་གུར་ གཙོ་དམིགས་ ངོས་དཔར་གྱི་ཤུལ་མ་ཡོད་མི་ མདའ་རྟགས་འདི་ལུ་ ཨེབ་གཏང་འབད་ཞིནམ་ལས་ བཀང་བ་མེད་མི་ལུ་ ཨེབ་གཏང་འབད།