ཀོམ་བོ་ སྒྲོམ་ / ཐོ་ཡིག་གི་སྒྲོམ་ཝི་ཛརཌི: ཐིག་ཁྲམ་གྱི་ སེལ་འཐུ།

ཐོབ་ཚུགས་པའི་གནད་སྡུད་གཞི་རྟེན་གྱི་ ཐིག་ཁྲམ་ཚུ་ནང་ལས་ གནད་སྡུད་ཀྱི་ས་སྒོ་ཡོད་མི་ འདི་གི་ནང་དོན་དེ་ ཐོ་ཡིག་གྱི་ཐོ་བཀོད་སྦེ་ བཀྲམ་སྟོན་འབད་དགོ་མི་ ཐིག་ཁྲམ་གཅིག་གསལ་བཀོད་འབདཝ་ཨིན།

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

ཨོ་པན་རྣམ་པ་གིས་ལག་ཆས་ཕྲ་རིང་འདི་ཚད་འཛིན་འབདཝ་ཨིན་ ཀོམ་བོ་སྒྲོམ་ ཡང་ན་ ཐོ་འགོད་སྒྲོམ་ངོས་དཔར་ཨེབ་གཏང་ནི་དང་ ས་སྒོ་བཟོ་བཏོན་འབད་ནི་ལུ་མཱའུསི་འདི་འདྲུད་ད། གནད་སྡུད་མཐུད་ལམ་འདི་རྣམ་པ་གི་ནང་ལུ་གནས་འདི་འོང་དགོས : ཝི་ཛརཌི་- ཤོག་ལེབ་ ༡ །


ཐོ་ཡིག་སྒྲོམ་ཚུ་གི་དོན་ལུ་ ཐིག་ཁྲམ་ ད་ལྟོའི་འབྲི་ཤོག་གི་ཐིག་ཁྲམ་དང་ གཅིག་ཁར་འབྲེལ་མཐུད་འབད་བཏུབ་མི་འདི་ བརྡ་སྟོན་འབད་ཡོདཔ་ཨིན། འབྲེལ་མཐུད་ཡོད་པའི་ ཐིག་ཁྲམ་འདི་ལུ་ ད་ལྟོའི་འབྲི་ཤོག་གི་ ཐིག་ཁྲམ་དང་གཅིག་ཁར་ མཐུན་མོངས་དུ་ ཉུང་ཤོས་རང་ ས་སྒོ་གཅིག་དགོཔ་ཨིན། འ་ནཱི་འདི་གིས་ ངེས་ཅན་གྱི་གཞི་བསྟུན་ཅིག་ གཞི་འཛུགས་འབད་ཚུགསཔ་བཟོཝ་ཨིན།

ཀོ་བོ་སྒྲོམ་ཚུ་གི་དོན་ལུ་ འབྲི་ཤོག་ཐིག་ཁྲམ་དང་ ཀོམ་བོ་སྒྲོམ་ནང་ བཀྲམ་སྟོན་འབད་ནི་ཨིན་མི་ གནད་སྡུད་ཡོད་མི་ཐིག་ཁྲམ་ཚུ་གི་ བར་ན་ མཐུན་འབྲེལ་དགོཔ་ཨིན།

ཐིག་ཁྲམ།

ཐིག་ཁྲམ་ས་སྒོ་གི་ནང་ གནད་སྡུད་ཀྱི་ས་སྒོ་ཡོད་མི་ཐིག་ཁྲམ་ ཁོ་རའི་ནང་དོན་ཚུ་ ཚད་འཛིན་གྱི་ས་སྒོ་ནང་བཀྲམ་སྟོན་འབད་དགོ་མི་དེ་ སེལ་འཐུ་འབད།

ནཱ་ལུ་བྱིན་བཞག་ཡོད་མི་ཐིག་ཁྲམ་འདི་ ཚད་འཛིན་གྱི་རྒྱུ་དངོས་ཚུ་གི་ནང་ཐོ་ཡིག་ནང་དོན་གྱི་ ས་སྒོ་གི་ནང་ ཨེསི་ཀིའུ་ཨེལ་གསལ་བཤད་ཀྱི་ ཆ་བཤད་སྦེ་འབྱུངམ་ཨིན།