ཀོམ་བོ་སྒྲོམ/ཐོ་ཡིག་སྒྲོམ་ཝི་ཛརཌི།

ཁྱོད་ཀྱི་ཡིག་ཆ་ནང་ ཀོམ་བོ་སྒྲོམ་ ཡང་ན་ ཐོ་ཡིག་གི་སྒྲོམ་ཅིག་བཙུགས་པ་ཅིན་ ཝི་ཛརཌི་དེ་ རང་བཞིན་གྱི་འགོ་བཙུགསཔ་ཨིན། འ་ནི་ཝི་ཛརཌི་འདི་གིས་ཁྱོད་ལུ་ ཕན་ཚུན་འབྲེལ་ལྡན་གྱིས་ བརྡ་དོན་ག་དེ་སྟོནམ་ཨིན་ན་ གསལ་བཀོད་འབད་བཅུགཔ་ཨིན།

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

ཨོ་པན་རྣམ་པ་ཚད་འཛིན་ལག་ཆས་ཕྲ་རིང་ ཀོམ་བོ་སྒྲོམ་ཡང་ན་ཐོ་འགོད་སྒྲོམ་ ངོས་དཔར་ཨེབ་གཏང་ནི་དང་ ས་སྒོ་བཟོ་བཏོན་འབད་ནིའི་དོན་ལས་ མཱའུསི་འདི་འདྲུད་ད། གནད་སྡུད་གཞི་རྟེན་གྱི་རྣམ་པ་འདི་གནས་འདི་འོང་དགོས།


དྲན་འཛིན་ངོས་དཔར།

ཁྲོད་ཀྱི་ཝི་ཛརཌི་འདི་རང་བཞིན་གྱིས་འགོ་བཙུགས་མ་བཅུག་པར་ བཞག་ནི་ལུ་ ཝི་ཛརཌི་ ཨཱོན་/ཨཱོཕ་གི་ངོས་དཔར་དེ་ ལག་ལེན་འཐབ་བཏུབ།


ཀོམ་བོ་སྒྲོམ་དང་ཐོག་ཡིག་སྒྲོམ་ཚུ་གི་དོན་ལུ་ ཝི་ཛརཌི་འདི་ ཁོང་རའི་མཐའ་མཇུག་གི་རིམ་པ་ནང་ གཅིག་དང་གཅིག་གི་བར་ན་ ཁྱད་པར་ཞུགསཔ་ཨིན། འ་ནཱི་ཁྱད་པར་ཞུགས་དགོ་མི་འདི་ ཚད་འཛིན་ས་སྒོ་ཚུ་གི་ རང་བཞིན་ལས་བརྟེན་ཨིན་:

ཐོ་ཡིག་གི་སྒྲོམ་ཚུ།

ཐོ་ཡིག་སྒྲོམ་གྱི་གནད་དོན་གྱི་ཐད་ལུ་ ལག་ལེན་པ་འདི་གིས་ ཧྲིལ་བུ་ཚུ་གི་ཐོ་ཡིག་ནང་ལས་ ཐོ་ཡིག་ཅིག་སེལ་འཐུ་འབདཝ་ཨིན། འ་ནཱི་ཧྲིལ་བུ་འདི་ཚུ་ གནད་སྡུད་གཞི་རྟེན་གྱི་ཐིག་ཁྲམ་ནང་ སྲུངས་བཞག་འབད་ཡོདཔ་ཨིནམ་དང་ ཐོ་ཡིག་གི་སྒྲོམ་བརྒྱུད་དེ་ ལེགས་བཅོས་འབད་མི་བཏུབ།

མཐུད་མོངས་ཀྱི་ ལམ་ལུགས་བཟུམ་ཅིག་སྦེ་ གནད་སྡུད་གཞི་རྟེན་གྱི་ཐིག་ཁྲམ་ འབྲི་ཤོག་ནང་མཐོང་ཚུགས་པའི་ཐོ་ཡིག་གི་ ཐོ་བཀོད་་འདི་ཚུ་ཡོད་མི་དེ་ འབྲི་ཤོག་དེ་བརྟེན་པའི་ ཐིག་ཁྲམ་དེ་མེན། འབྲི་ཤོག་ནང་གི་ཐོ་ཡིག་གི་སྒྲོམ་འདི་ཚུ་ གཞི་བསྟུན་འདི་ཚུ་ལག་ལེན་འཐབ་ཐོག་ལས་ ལཱ་འབདཝ་ཨིན་ འདི་ཡང་ མཐོང་ཚུགས་པའི་ཐོ་ཡིག་ ཐོ་བཀོད་ཀྱི་གཞི་བསྟུན་འདི་ཚུ་ འབྲི་ཤོག་གི་ཐིག་ཁྲམ་ནང་ (གནས་གོང་ཚུ་གི་ ཐིག་ཁྲམ)གནས་ཡོདཔ་ཨིནམ་དང་ ལག་ལེན་པ་འདི་ཚུ་གིས་ ཐོ་ཡིག་ནང་ལས་ ཐོ་བཀོད་ཅིག་སེལ་འཐུ་འབད་ཞིནམ་ལས་ སྲུངས་བཞག་འབད་བ་ཅིན་ གནས་གོང་གི་ཐིག་ཁྲམ་ནང་ལུ་ཡང་ ཐོ་བཀོད་འབདཝ་ཨིན། གཞིས་བསྟུན་གྱི་གནས་གོང་ཚུ་ བརྒྱུད་དེ་ ཐོ་ཡིག་གི་སྒྲོམ་འདི་ཚུ་གིས་ འབྲེལ་མཐུད་ཡོད་པའི་ཐིག་ཁྲམ་ཅིག་ནང་ལས་ ད་ལྟོའི་འབྲི་ཤོག་གི་ཐིག་ཁྲམ་ལུ་ གནད་སྡུད་ཅིག་ བཀྲམ་སྤེལ་འབད་བཏུབ་ཨིན། འདི་འབདཝ་ལས་ ཐོ་ཡིག་སྒྲོམ་ཝི་ཛརཌི འདི་གིས་ ཚད་འཛིན་གྱི་ས་སྒོ་འདི་གིས་ གནད་སྡུད་གཞི་རྟེན་ས་སྒོ་གི་ རྒྱས་བཤད་འབད་ཡོད་པའི་ ཐོ་ཡིག་ ས་སོ་ཐིག་ཁྲམ་ལུ་གནས་ཡོད་མི་ གཅིག་ནང་ལས་ འབྲི་ཤོག་དེ་བསྟུན་འབད་མི་བཀྲམ་སྟོན་འབད་བཏུབ་ནིའི་དོན་ལུ་ གནད་སྡུད་གཞི་རྟེན་གྱི་ཐིག་ཁྲམ་གཉིས་ འབྲེལ་མཐུད་འབད་བཅུགཔ་ཨིན།

ཐིག་ཁྲམ་གཞན་མི་ཚུ་ནང་ དགོས་མཁོ་ཡོད་པའི་ ས་སྒོ་འདི་ཚུ་ ས་སྒོ་གི་མིང་ཚུ་(ཚད་འཛིན་གྱི་འབྱུང་ཁུངས)ལག་ལེན་འཐབ་ཐོག་ལས་ འཛོལ་ཞིབ་འབདཝ་ཨིནམ་དང་ དེ་ལས་ས་སྒོ་འདི་ཚུ་རིམ་བཞིན་མཇུག་བསྡུ་འོང་། ས་སྒོ་གི་མིང་དེ་མ་ཐོབ་པ་ཅིན་ ཐོ་ཡིག་འདི་སྟོངམ་སྦེ་ལུས་འོང་། ཐོ་ཡིག་ས་སྒོ་འདི་ལུ་ འབྲེལ་ལམ་ཡོད་པའི་ ཀེར་ཐིག་ཚུ་ལུ་ཡོད་པ་ཅིན་ ཐིག་ཁྲམ་གཞན་མི་གི་ ཀེར་ཐིག་དང་པམ་འདི་ འགོ་དང་པ་སྟོན་ཡོདཔ་ལས་ འདི་ཚུ་འདྲི་དཔྱད་མེད་པར་ལག་ལེན་འཐབ་འོང་།

རྩོམ་འབྲི་གི་ཐིག་ཁྲམ་ཅིག་ལུ་ དཔེར་ན་ བཀྲམ་སྤེལ་བ་གི་ ཨང་གྲངས་ཅིག་ཡོད་པ་ཅིན་ ཐོ་ཡིག་གི་སྒྲོམ་འདི་ བཀྲམ་སྤེལ་བའི་ཐིག་ཁྲམ་ནང་ལས་ བཀྲམ་སྤེལ་བའི་མིང་བཀྲམ་སྟོན་འབད་ནི་ལུ་ "Supplier number"འབྲེལ་ལམ་འདི་ལག་ལེན་འཐབ་བཏུབ་ཨིན། ས་སྒོ་འབྲེལ་ལམ་གྱི་ཤོག་ལེབ་ཚུ་གུར་ ཝི་ཛརཌི་འདི་གིས་ཁྱོད་ལུ་ འ་ནཱི་འབྲེལ་ལམ་དེ་ལུ་ དགོས་མཁོ་ཡོད་པའི་ སྒྲིགས་སྟངས་ཚུ་གི་བསྐོར་ལས་འདྲི་འོང་།

ཀོམ་བོའི་སྒྲོམ་ཚུ།

ཀོམ་བོ་སྒྲོམ་ཚུ་ནང་འབད་བ་ཅིན་ ལག་ལེན་པ་འདི་ཚུ་གིས་ ཐོ་ཡིག་ཐོ་བཀོད་ཚུ་ནང་ལས་ ཐོ་བཀོད་ཅིག་སེལ་འཐུ་འབད་བཏུབ་ ཡང་ན་ ཚིག་ཁོང་ར་ཆ་ཁྱབ་རང་ཐོ་བཀོད་འབད་བཏུབ། ལག་ལེན་པ་འདི་ཚུ་གིས་སེལ་འཐུ་འབད་བཏུབ་པའི་ ཐོ་ཡིག་གི་འབྲི་ཤོག་སྦེ་བྱིན་ཡོད་མི་ ཐོ་ཡིག་ཧྲིལ་བུམ་འདི་ཚུ་ གནད་སྡུད་གཞི་རྟེན་གྱི་ ཐིག་ཁྲམ་གང་རུང་གཅིག་ནང་ལས་འཐོན་འོང། འབྲི་ཤོག་ ཡང་ན་ གནད་སྡུད་གཞི་རྟེན་ནང་ སྲུངས་བཞག་འབད་ཛུགས་ནིའི་དོན་ལུ་ ལག་ལེན་པ་འདི་ཚུ་གིས་ སེལ་འཐུ་ ཡང་ན་ ཐོ་བཀོད་འབད་མི་ ཐོ་བཀོད་འདི་ཚུ་།

ཀོ་བོ་སྒྲོམ་ཚུ་གིས་ ཐིག་ཁྲམ་ག་གི་ གནད་སྡུད་གའབད་རུང་ བཀྲམ་སྟོན་འབད་བཏུབ། ད་ལྟོའི་འབྲི་ཤོག་གི་ཐིག་ཁྲམ་དང་ ཐིག་ཁྲམ་གི་གནས་གོང་ ཀོམ་བོ་སྒྲོམ་(ཐོ་ཡིག་གི་སྒྲོམ) ནང་བཀྲམ་སྟོན་འབད་ནི་ཨིན་མི་བར་ན་ ཐད་ཀར་འབྲེ་མཐུད་འདི་དགོས་མཁོ་མེདཔ་ཨིན། ཀོ་བོ་སྒྲོམ་འདི་ གཞི་བསྟུན་དང་གཅིག་ཁར་ལཱ་མི་འབད། ལག་ལེན་པ་འདི་གིས་ གནས་གོང་ཅིག་ ཐོ་བཀོད་ ཡང་ན་ སེལ་འཐུ་འབད་ཞིནམ་ལས་ སྲུངས་བཞག་འབད་བ་ཅིན་ ངོ་མ་སྦེ་བཀྲམ་སྟོན་འབད་ཡོད་མི་ གནས་གོང་འདི་ འབྲི་ཤོག་ཐིག་ཁྲམ་ནང་ལུ་ ཐོ་བཀོད་འབད་འོང་། འབྲི་ཤོག་ཐིག་ཁྲམ་དང་ ཐོ་ཡིག་ཐིག་ཁྲམ་གྱི་ བར་ན་ འབྲེལ་མཐུད་མེདཔ་ལས་ ས་སྒོ་འབྲེལ་ལམ་གྱི་ ཐིག་ཁྲམ་འདི་ ནཱ་ལུ་མི་འབྱུང་།

ཐོག་ཡིག་སྒྲོམ་གྱི་ཐད་ཁ་ ཁྱོད་ཀྱི་ཐོ་བཀོད་འདི་ཚུ་ ཐོ་ཡིག་ནང་ལས་སེལ་འཐུ་འབད་ཞིནམ་ལས་ འདི་ཚུ་ཐིག་ཁྲམ་ཐོ་ཡིག་ནང་ལུ་ སྲུངས་བཞག་འབདཝ་ཨིན། ཀོམ་བོ་སྒྲོམ་གྱི་ཐད་ཁ་ལྷོདཔ་ད་ ཁྱོད་ཀྱི་ འབྲི་ཤོག་གི་(གནས་གོང་ཚུ་གི་ ཐོ་ཡིག) གནད་སྡུད་གཞི་རྟེན་གྱི་ཐིག་ཁྲམ་ལུ་ འབྲི་བཏུབ་མི་ ཁ་སྐོང་ཚིག་ཡིག་འདི་ཚུ་ ཁ་སྐོང་རྐྱབ་བཏུབ་དང་ རེ་འདོད་བསྐྱེད་དོ་བཟུམ་སྦེ་རང་ གསོག་འཇོག་འབདཝ་ཨིན འ་ནཱི་ལས་འགན་འདི་གི་དོན་ལུ་ ཀོམ་བོ་ སྒྲོམ་ ཝི་ཛརཌི འདི་ལུ་ གནད་སྡུད་ ལས་སྦྱོར་འབད་ནིའི་ ཤོག་ལེབ་འདི་ མཇུག་གི་ཤོག་ལེབ་སྦེ་ ཡོདཔ་ཨིན་ ཐོ་ཡིག་སྒྲོམ་ཚུ་གི་ཐད་ཁ་ འ་ནཱི་ཤོག་ལེབ་འདི་མི་སྡོད། ནཱ་ལུ་ ཁྱོད་ཀྱི་ཐོ་བཀོད་འབད་ཡོད་མི་འདི་ གནས་གོང་ཐིག་ཁྲམ་ནང་ སྲུངས་བཞག་འབད་ནི་ཨིན་ན་ མེན་ན་ ཐོ་བཀོད་འབད་ཚུགས།

ཐིག་ཁྲམ་གྱི་ཆ་ཤས / ཐོ་ཡིག་སྒྲོམ། / ཀོམ་བོ་ སྒྲོམ་ཝི་ཛརཌི: གནད་སྡུད།

འབྲི་ཤོག་ས་སྒོ་འདི་གིས་ ཆ་མཉམ་འབད་བའི་ གནད་སྡུད་འབྱུང་ཁུངས་དང་ ཐིག་ཁྲམ་ཚུ་སེལ་འཐུ་འབད། ཁྱོད་ཀྱི་འབྲི་ཤོག་ས་སྒོ་འདི་ ཧེ་མ་ལས་འབྲེལ་ལམ་ཡོད་པའི་ གནད་སྡུད་འབྱུང་ཁུངས་ཅིག་ལུ་ བཙུགས་པ་ཅིན་ འ་ནཱི་ཤོག་ལེབ་འདི་མ་མཐོངམ་ལུ་ འགྱུརཝ་ཨིན།

ཀོམ་བོ་ སྒྲོམ་ / ཐོ་ཡིག་གི་སྒྲོམ་ཝི་ཛརཌི: ཐིག་ཁྲམ་གྱི་ སེལ་འཐུ།

ཐོབ་ཚུགས་པའི་གནད་སྡུད་གཞི་རྟེན་གྱི་ ཐིག་ཁྲམ་ཚུ་ནང་ལས་ གནད་སྡུད་ཀྱི་ས་སྒོ་ཡོད་མི་ འདི་གི་ནང་དོན་དེ་ ཐོ་ཡིག་གྱི་ཐོ་བཀོད་སྦེ་ བཀྲམ་སྟོན་འབད་དགོ་མི་ ཐིག་ཁྲམ་གཅིག་གསལ་བཀོད་འབདཝ་ཨིན།

ཀོམ་བོ་/ཐོ་ཡིག་སྒྲོམ་ ཝི་ཛརཌི: ས་སྒོའི་སེལ་འཐུ།

ཧེ་མའི་ཤོག་ལེབ་གུར་ ཐིག་ཁྲམ་གི་ནང་ན་ གསལ་བཀོད་འབད་ཡོད་མི་ ་གནད་སྡུད་ཀྱི་ས་སྒོ་ འདི་གི་ནང་དོན་ ཐོ་ཡིག་ ཡང་ན་ ཀོམ་བོ་སྒྲོམ་གྱི་ནང་ བཀྲམ་སྟོན་འབད་དགོ་མི་འདི་སེལ་འཐུ་འབད།

ཐོ་ཡིག་སྒྲོམ་ ཝི་ཛརཌི: ས་སྒོའི་ འབྲེལ་ལམ།

གནས་གོང་ཐིག་ཁྲམ་གྱི་ས་སྒོ་ཚུ་ དང་ ཐོ་ཡིག་ཐིག་ཁྲམ་ཚུ་ འབྲེལ་ལམ་ཡོད་མི་ཚུ་ བརྒྱུད་དེ་ བརྡ་སྟོན་འབདཝ་ཨིན།

ཀོམ་བོ་སྒྲོམ་ཝི་ཛརཌི་:གནད་སྡུད་གཞི་རྟེན་གྱི་ས་སྒོ།

ས་སྒོ་མཉམ་མཐུད་འབད་ཡོད་མི་ཚུ་གི་ ཐོག་ལས་ གནད་སྡུད་གཞི་རྟེན་ཅིག་ནང་ ཁྱོད་ཀྱི་ས་སྒོ་གི་གནས་གོང་ཅིག་ སྲུངས་བཞག་འབད་བཏུབ་ ཡང་ན་ འ་ནཱི་གནས་གོང་འདི་ འབྲི་ཤོག་ནང་ བཀྲམ་སྟོན་འབད།

ཆ་མེད་གཏང་།

ཨེབ་གཏང་ ཆ་མེད་གཏང་དེ་གིས་ བསྒྱུར་བཅོས་ཚུ་མ་སྲུང་པར་ ཌའི་ལོག་འདི་ཁ་བསྡམས་བཞགཔ་ཨིན།

རྒྱབ་ལོག

ཧེ་མའི་རིམ་པ་གི་ནང་ལུ་བཟོ་ཡོད་པའི་ཌའི་ལོག་ནང་གི་སེལ་འཐུ་ཚུ་སྟོན། ད་ལྟོའི་སྒྲིག་སྟངས་ཚུ་བསྒྱུར་བཅོས་མེདཔ་འབད་ལུསཔ་ཨིན།་ འ་ནི་ཨེབ་རྟ་འདི་ ཤོག་ལེབ་གཉིས་པ་ལས་རྐྱངམ་ཅིག་ཤུགས་ལྡན་བཟོ་བཏུབ།

ཤུལ་མམ།

ཤུལ་མམ་གྱི་ཨེབ་རྟ་འདི་ཨེབ་གཏང་ནི་དང་ དེ་ལས་ ཝི་ཛརཌི་གིས་ ད་ལྟོའི་ཌའི་ལོག་གི་སྒྲག་སྟངས་འདི་ལག་ལེན་འཐབ་ཨིན།ཨེབ་གཏང་ the ཤུལ་མམ་ ཁྱོད་མཇུག་གི་རིམ་པ་གུ་ཨིན་པ་ཅིན་ འ་ནི་ཨེབ་རྟ་འདི་ གསར་བསྐྲུན་འབད་. ལུ་འགྱུར་ནི་ཨིན།