མཆོང་ལྡའི་གོ་རིམ།

ལག་ལྡེ་གོ་རིམ་ ཌའི་ལོག་གི་ནང་ ལག་ལེན་པ་འདི་གིས་ ལོག་ལྡེ་དེ་མར་མནན་འབདཝ་ད་ ཚད་འཛིན་གྱི་ས་སྒོ་ཚུ་ག་ཅི་ནང་ ཆེད་དམིགས་དེ་ལེནམ་ཨིན་ནའི་གོ་རིམ་འདི་ཚུ་ ལེགས་བཅོས་འབད་བཏུབ།

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

ྲ་རིང་ཨེབ་གཏང་འབད།

ངོས་དཔར།

ཤུགས་བཟོ་གོ་རིམ།


འབྲི་ཤོག་གི་ ཆ་ཤས་ཚུ་ ཡིག་ཆ་ནང་ བཙུགས་སྟེ་ཡོད་པ་ཅིན་ LibreOfficeའདི་གི་ རང་བཞིན་གྱིས་ མཆོང་ལྡེ་འདི་ ལག་ལེན་འཐབ་པའི་སྐབས་ ཚད་འཛིན་གཅིག་ནང་ལས་གཅིག་ལུ་ གོ་རིམ་ག་ཅིག་ནང་ སྤོ་བཤུད་འབད་ནི་ཨིན་ན་ གཏན་འབེབས་བཟོཝ་ཨིན། ཚད་འཛིན་གསརཔ་འདི་ཚུ་ རེ་རེ་བཞིན་ རང་བཞིན་གྱིས་ འ་ནཱི་རྒྱུན་རིམ་འདི་གི་ མཇུག་ལུ་ བཞགཔ་ཨིན། ཨེབ་ལྡེ་ གོ་རིམ་གྱི་ ཌའི་ལོག་ནང་ ཁྱོད་ཀྱི་ འ་ནཱི་རྒྱུན་རིམ་གྱི་གོ་རིམ་འདི་ཚུ་ ཁྱོད་རའི་ངོ་རྐྱང་གི་དགོཔ་ཚུ་ལུ་ འདྲིས་མཐུན་འབད་བཏུབ།

ཁྱོད་ཀྱིས་ཡང་ཚད་འཛིན་གྱི་རྒྱུ་དངོས་ཚུའི་ཌའི་ལོག་ནང་ གོ་རིམ་གྱི་འོག་ལུ་ རེ་འདུན་བསྐྱེད་པའི་གནས་གོང་ ཐོ་བཀོད་འབད་ཐོག་ལས་དེའི་དམིགས་བསལ་གྱི་རྒྱུ་དངོས་ཚུ་བརྒྱུད་དེ་ ཚད་འཛིན་གྱི་ཟུར་ཐོ་ངེས་འཛིན་འབད་ཚུགས།

རེ་ཌིའོ་ཨེབ་རྟ་ཅིག་ སེལ་འཐུ་འབད་ཡོད་པ་ཅིན་རྐྱངམ་ཅིག་ རེ་ཌིའོ་ཨེབ་རྟ་འདི་ ལག་ལྡེ་གིས་ འཇུག་སྤྱོད་འབད་བཏུབ་ཨིན། ག་ནཱི་ཡང་ སེལ་འཐུ་མ་འབད་བར་ཡོད་མི་ནང་ ཁྱོད་ཀྱི་ རེ་ཌིའོ་ཨེབ་རྟ་ སྡེ་ཚན་གཅིག་ བཀོད་སྒྲིག་འབད་ཡོད་པ་ཅིན་ དེ་ལས་ལག་ལེན་པ་འདི་གིས་ ལྡེ་སྒྲོམ་གྱི་ཐོག་ལས སྡེ་ཚན་ ཡང་ན་ རེ་ཌིའོ་ཨེབ་རྟ་ཚུ་ག་ནི་ཡང་ འཇུག་སྤྱོད་འབད་མི་ཚུགས།

ཚད་འཛིན་འདི་ཚུ།

འབྲི་ཤོག་ནང་ཚད་འཛིན་ཚུ་ཆ་མཉམ་ཐོ་བཀོད་འབདཝ་ཨིན། ཚད་འཛིན་འདི་ཚུ་མགོ་ལས་མཇུག་ལུ་འབྱིན་ཡོད་པའི་གོ་རིམ་ནང་མཆོང་ལྡེ་གཅིག་ཁར་སེལ་འཐུ་འབད་ཚུགས། མཆོང་ལྡེའི་གོ་རིམ་ནང་རེ་འདུན་བསྐྱེད་པའི་གནས་ས་འགན་སྤྲོད་འབད་ནི་ལུ་ ཚད་འཛིན་ཚུའི་ཐོ་ཡིག་ལས་ ཚད་འཛིན་སེལ་འཐུ་འབད།

ཡར་སྤོ་བཤུད་འབད་

སེལ་འཐུ་འབད་ཡོད་པའི་ཚད་འཛིན་འདི་ མཆོང་ལྡེ་གོ་རིམ་ནང་ གནས་ས་གཅིག་ཡར་བཤུད་ནི་ལུ་ཡར་བཤུད་ཨེབ་རྟ་ཨེབ་གཏང་།

མར་སྤོ་བཤུད་འབད།

སེལ་འཐུ་འབད་ཡོད་པའི་ཚད་འཛིན་འདི་ མཆོང་ལྡེ་གོ་རིམ་ནང་ གནས་ས་གཅིག་མར་བཤུད་ནི་ལུ་མར་བཤུད་ཨེབ་རྟ་ཨེབ་གཏང་།

རང་བཞིན་གྱི་ དབྱེ་སེལ།

ཚད་འཛིན་ཚུ་ཡིག་ཆ་ནང་ཁོང་རའི་གནས་ས་དང་འཁྲིལ་ རང་བཞིན་གྱིས་དབྱེ་སེལ་འབད་ནི་ལུ་ རང་བཞིན་གྱི་དབྱེ་སེལ་ཨེབ་རྟ་ཨེབ་གཏང་།