གནད་སྡུད།

གནད་སྡུད་ མཆོང་ལྡེ་གི་ ཤོག་ལེབ་འདི་གིས་ འབྲི་ཤོག་དང་ འབྲེལ་མཐུད་འབད་བའི་ གནད་སྡུད་གཞི་རྟེན་ལུ་ གཞི་བསྟུན་འབད་མི་ འབྲི་ཤོག་གི་རྒྱུ་དངོས་ཚུ་ ངེས་འཛིན་འབདཝ་ཨིན།

འབྲི་ཤོག་དེ་ བརྟེན་པའི་གནད་སྡུད་འབྱུང་ཁུངས་འདི་ ངེས་འཛིན་འབདཝ་ཨིན་ ཡང་ན་ གནད་སྡུད་དེ་ ལག་ལེན་པ་འདི་གིས་ ཞུན་དག་འབད་བཏུབ་ཨིན་ན་ གསལ་བཀོད་འབདཝ་ཨིན། དབྱེ་སེལ་དང་ ཚགས་མའི་ ལས་འགན་ ཚུ་ལས་ ཡན་ལག་འབྲི་ཤོག་ ཅིག་ གསར་བསྐྲུན་འབད་ནི་ལུ་ ཁྱོད་ཀྱི་ ཉེ་བར་མཁོ་བའི་ རྒྱུ་དངོས་ཆ་མཉམ་རང་ འཐོབ་ཚུགས།

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

སེལ་འཐུ་འབད་ཡོད་པའི་ཆ་ཤས་རྣམ་པ་གི་སྐབས་དོན་དཀར་ཆག་འདི་ཁ་ཕྱེ་ རྣམ་པ་ - གནད་སྡུད་ཨེབ་ལྡེ་གདམ་ཁ་རྐྱབས།

ཨོ་པན་རྣམ་པ་གིས་ལག་ཆས་ཕྲ་རིང་ཚད་འཛིན་ནི་ ཡང་ན་ རྣམ་པ་བཀོད་སྒྲིག་ལག་ཆས་ཕྲ་རིང་ཁ་ཕྱེ་ རྣམ་པ་ ངོས་དཔར་ - གནད་སྡུད་ཨེབ་ལྡེ་ཨེབ་གཏང་།


ཁ་སྐོང་འབད་བཅུག

གནད་སྡུད་འདི་ཚུ་ ཁ་སྐོང་རྐྱབ་བཏུབ་ཨིན་ན་ གཏན་འབེབས་བཟོཝ་ཨིན།

གནད་སྡུད་འབྱུང་ཁུངས།

འབྲི་ཤོག་འདི་གིས་ གཞི་བསྟུན་འབད་དགོ་པའི་ གནད་སྡུད་འབྱུང་ཁུངས་དེ་ ངེས་འཛིན་འབདཝ་ཨིན། ཁྱོད་ཀྱི་ ...ཨེབ་རྟ་ལུ་ ཨེབ་གཏང་འབད་བ་ཅིན་ ཁྱོད་ཀྱི་ ཁྱོད་རའི་གནད་སྡུད་འབྱུང་ཁུངས་ཚུ་ གདམ་ཁ་རྐྱབ་བཏུབ་པའི་ཁ་ཕྱེ་ཌའི་ལོག་ལུ་ བོད་བརྡ་འབད།

གནད་སྡུད་རྐྱམ་ཅིག་ ཁ་སྐོང་རྐྱབ།

འབྲི་ཤོག་འདི་གིས་ གནད་སྡུད་གསརཔ་རྐྱངམ་ཅིག་ ཁ་སྐོང་རྐྱབ་བཅུག་པ་ཅིན་ (ཨིན་)དང་ ཡང་ན་ འདི་གིས་མ་ཚད་ གཞན་རྒྱུ་དངོས་ཚུ་ཡང་ ཁ་སྐོང་རྐྱབ་བཅུག་པ་ཅིན་(མེན་)ཚུ་གཏན་འབེབཧ་བཟོཝ་ཨིན།

དྲན་འཛིན་ངོས་དཔར།

ཁ་སྐོང་གནད་སྡུད་དེ་"Yes"ལུ་ གཞི་ཧྒྲིག་འབད་ཡོད་པ་ཅིན་ གནད་སྡུད་ བསྒྱུར་བཅོས་འབད་ནི་དང་ བཏོན་གཏང་ནི་ཚུ་མི་བཏུབ།


དབྱེ་སེལ།

གནད་སྡུད་དེ་ འབྲི་ཤོག་ནང་ལུ་ དབྱེ་སེལ་འབད་ནི་ལུ་ གནས་སྟངས་དེ་ཚུ་ གསལ་བཀོད་འབདཝ་ཨིན། གནས་སྟངས་ཚུ་ དབྱེ་སེལ་འབད་ནིའི་ གསལ་བཀོད་འདི་གིས་ ORDER BY clauseདེ་ ལག་ལེན་མ་འཐབ་པར་ ཨེསི་ཀིའུ་ཨེལ་གྱི་ ལམ་ལུགས་དེ་ཚུ་གི་ རྗེས་སུ་འབྲངམ་ཨིན། དཔེ་ར་ན་ ཁྱོད་ལུ་ གནད་སྡུད་གཞི་རྟེན་དྲན་ཐོ་དེ་ཚུ་ ས་སྒོ་གཅིག་ནང་ ཡར་འཛེགས་གོ་རིམ་དང་ ས་སྒོ་གཞན་མི་ནང་ མར་བབ་གོ་རིམ་ནང་ བསག་བཞག་དགོ་པ་ཅིན་ མིང་དང་པམ་ ASC་དང་ མིང་DESC( མིང་དང་པམ་ཁས་ལེན་ནི་དང་ མིང་དེ་ཚུ་ གནད་སྡུད་ས་སྒོ་ཚུ་གི་ མིང་ཨིན།) ཚུ་ཐོ་བཀོད་འབད།

འབྲི་ཤོག་འགྲུལ་བསྐྱོད་པ་ ཕྲ་རིང་འདི་གུའི་་་འོས་ལྡན་ངོས་དཔར་ཚུ་ ལག་ལེན་པ་ཐབས་ལམ་ནང་དབྱེ་སེལ་ལུ་ལག་ལེན་འཐབ་བཏུབ་ཨིན: ཡར་འཛེགས་དབྲེ་སེལ, མར་འབབ་དབྱེ་སེལ་, དབྱེ་སེལ་འབད།

ནང་དོན་དབྱེ་བ།

གནད་སྡུད་འབྱུང་ཁུངས་དེ་ ཡོད་བཞིན་པའི་ གནད་སྡུད་འབྱུང་ཁུངས་ ཐིག་ཁྲམ་ཨིན་དགོཔ་འབད་དང་ ཡངན་ འབྲི་ཤོག་དེ་ ཨེསི་ཀིའུ་ཨེལ་ གསལ་བཤད་དང་བསྟུན་ འབད་དགོ་ནི་ཨིན་མི་དེ་ ངེས་འཛིན་འབདཝ་ཨིན།

ཁྱོད་ཀྱི་ "Table" ཡང་ན་ "Query"ཅིག་གདམ་ཁ་རྐྱབ་པའི་སྐབས་ འབྲི་ཤོག་འདི་གིས་ ཁྱོད་ཀྱི་ནང་དོན་གྱི་འོག་ལུ་གསལ་བཀོད་འབད་མི་ ཐིག་ཁྲམ་དང་ ཡང་ན་ འདྲི་དཔྱད་ལུ་ གཞི་བསྟུན་འབད་འོང་། ཁྱོད་ཀྱི་ འདྲི་དཔྱད་དང་ ཡང་ན་ ཡན་ལག་འབྲི་ཤོག་གསརཔ་ཅིག་ གསར་བསྐྲུན་འབད་དགོ་པ་ཅིན་ ཁྱོད་ཀྱི་ "SQL"གྱི་གདམ་ཁ་ཅིག་ གདམ་ཁ་རྐྱབ་དགོ དེ་ལས་ཁྱོད་ཀྱི་ ཚད་འཛིན་རྒྱུ་དངོས་གྱི་ གནད་སྡུད་མཆོང་ལྡེའི་ཤོག་ལེབ་གུར་ཐོ་ཡིག་ནང་དོན་ གྱི་སྒྲོམ་ནང་ ཐད་ཀར་དུ་ ཨེསི་ཀིའུ་ཨེལ་ འདྲི་དཔྱད་དང་ ཡང་ན་ ཡན་ལག་འབྲི་ཤོག་གི་དོན་ལུ་ གསལ་བཤད་ཚུ་ ཐོ་བཀོད་འབད་བཏུབ།

ནང་དོན།

འབྲི་ཤོག་གི་དོན་ལུ་ ལག་ལེན་འཐབ་ནི་ཨིན་པའི་ ནང་དོན་དེ་ གཏན་འབེབས་བཟོཝ་ཨིན། ནང་དོན་དེ་ཚུ་ ཡོད་བཞིན་པའི་ ཐིག་ཁྲམ་དང་ ཡང་ན་ འདྲི་དཔྱད་ (ཧེ་མ་ལས་ གནད་སྡུད་གཞི་རྟེན་ནང་ གསར་བསྐྲུན་འབད་ཡོདཔ།) ཡང་ན་ དེ་ཚུ་ ཨེསི་ཀིའུ་ཨེལ་ གསལ་བཤད་ཀྱིས་ངེས་འཛིན་འབད་བཏུབ་ཅིག་ཨིན། གྱོད་ཀྱི་ཧེ་མ་ ནང་དོན་ཅིག་ ཐོ་བཀོད་མ་འབདཝ་ལས་ ནང་དོན་གྱི་དབྱེ་བ་ནང་ལུ་ ཁྱོད་ཀྱི་དབྱེ་བ་ཏག་ཏག་དེ་ ངེས་འཛིན་འབད་དགོཔ་ཨིན།

ཁྱོད་ཀྱི་ ནང་དོན་གྱི་དབྱེ་བ་ནང་"Table" ཡང་ན་ "Query"ཅིག་སེལ་འཐུ་འབད་ཡོད་པ་ཅིན་ སྒྲོམ་འདི་གིས་ སེལ་འཐུ་འབད་ཡོད་པའི་ གནད་སྡུད་གཞི་རྟེན་ནང་ ཐིག་ཁྲམ་དང་ འདྲི་དཔྱད་གཞི་སྒྲིག་འབད་ཡོད་མི་ཚུ་ ཐོ་བཀོད་འབདཝ་ཨིན།

བཏོན་གཏང་བཅུག

གནད་སྡུད་དེ་ཚུ་ བཏོན་གཏང་བཏུབ་ཨིན་ན་ གཏན་འབེབས་བཟོཝ་ཨིན།

བསྐྱར་འཁོར།

འགྲུལ་བསྐྱོདཔ་དེ་ ཨེབ་ལྡེ་ལག་ལེན་འཐབ་ཐོག་ལས་ ག་དེ་སྦེ་ འབད་དགོཔ་ཨིན་ན་ཚུ་ གཏན་འབེབས་བཟོཝ་ཨིན།ཨེབ་ལྡེ་ ལག་ལེན་འཐབ་ཐོག་ལས་ ཁྱོད་ཀྱི་འབྲི་ཤོག་ནང་ གདོང་ཁར་ལུ་ སྤོ་བཤུད་འབད་བཏུབ། ཁྱོད་ཀྱི་དུ་མཉམ་དུ་ སོར་ལྡེ་འདི་ལུ་ ཨེབ་གཏང་འབད་བ་ཅིན་ འགྲུལ་བསྐྱོདཔ་འདི་གིས་ འགལ་ཟླ་ཁ་ཕྱོགས་ཀྱི་ རྗེས་སུ་འབྲངམ་ཨིན། ཁྱོད་ཀྱི་མཇུག་གི་ (ཡང་ན་ མགོའི་) ས་སྒོ་དེ་ནང་ལྷོད་པ་ཅིན་ ཨེལ་ལྡེ་འདི་ ལེག་སྟེ་རང་ ཨེབ་གཏང་འབད། འདི་ལུ་འདྲ་མིན་སྣ་ཚོགས་ཀྱི་ ནུས་པ་འདི་ཚུ་འོང་། འོག་གི་གདམ་ཁ་ཚུ་དང་གཅིག་ཁར་ ཚད་འཛིན་ཁྱི་ལྡེ་མིག་དེ་ ངེས་འཛིན་འབད།

གདམ་ཁ།

དོན་དག

སྔོན་སྒྲིག

འ་ནཱི་སྒྲིག་སྟང་འདི་ རང་བཞིན་གྱིས་ ཡོད་བཞིན་པའི་ གནད་སྡུད་གཞི་རྟེན་ འབྲེལ་ལམ་གྱི་ རྗེས་སུ་འབྲང་པའི་ བསྐྱར་འཁོར་ཅིག་ ངེས་འཛིན་འབདཝ་ཨིན: འབྲི་ཤོག་འདི་ལུ་ གནད་སྡུད་གཞི་རྟེན་གྱི་འབྲེལ་ལམ་ ཡོད་པ་ཅིན་ ཨེབ་ལྡེ་འདི་གིས་ སྔོན་སྒྲིག་གི་ཐོག་ལས་ མཇུག་གི་ས་སྒོ་ནང་ལས་ (དྲན་ཐོ་ཚུ་ ཆ་མཉམ་བལྟ།) ཕྱིར་འཐོན་གུར་ དྲན་ཐོ་གཞན་མི་ ཡང་ན་ ཧེ་མའི་དྲན་ཐོ་ལུ་ བསྒྱུར་བཅོས་འབད་ནི་ འགོ་བཙུགས་འོང་། གནད་སྡུད་གཞི་རྟེན་གྱི་ འབྲེལ་ལམ་མེད་པ་ཅིན་ གཞན་མི་/ཧེ་མའི་ འབྲི་ཤོག་དེ་ སྟོནམ་ཨིན(ད་ལྟོའི་ ཤོག་ལེབ་ལུ་ བལྟ།)།

དྲན་ཐོ་ཚུ་ཆ་མཉམ

གདམ་ཁ་འདི་ཚུ་ གནད་སྡུད་གཞི་རྟེན་གྱི་ འབྲི་ཤོག་ལུ་རྐྱངམ་ཅིག་ འཇུག་སྤྱོད་འབདཝ་ཨིནམ་དང་ འདི་ཚུ་ དྲན་ཐོ་འདི་ཚུ་ ཆ་མཉམ་བརྒྱུད་དེ་ འགྲུལ་བསྐྱོདཔ་འབད་ནི་ལུ་ ལག་ལེན་འཐབ་ཨིན། ཁྱོད་ཀྱི་མཆོང་ལྡ་དེ་ འབྲི་ཤོག་གི་ས་སྒོ་ མཇུག་གི་ནང་ཕྱིར་འཐོན་འབད་ནི་ལུ་ ལག་ལེན་འཐབ་པ་ཅིན་ ད་ལྟོའི་དྲན་ཐོ་འདི་ བསྒྱུར་བཅོས་འབདཝ་ཨིན།

དྲན་ཐོ་ ཤུགས་ལྡ་བཟོ།

གདམ་ཁ་འདི་ གནད་སྡུད་གཞི་རྟེན་གྱི་ འབྲི་ཤོག་རྐྱངམ་ཅིག་ནང་ལུ་ འཇུག་སྤྱོད་འབདཝ་ཨིནམ་དང་ ད་ལྟོའི་ དྲན་ཐོ་གི་ནང་འཁོད་ འགྲུལ་བསྐྱོདཔ་འབད་ནི་ལུ་ ལག་ལེན་འཐབ་ཨིན། ཁྱོད་ཀྱི་ མཆོང་ལྡེ་འདི་ འབྲི་ཤོག་མཇུག་གི་ས་སྒོ་ནང་ལས་ ཕྱིར་འཐོན་འབད་ནི་ལུ་ ལག་ལེན་འཐབ་པ་ཅིན་ ད་ལྟོའི་དྲན་ཐོ་འདི་ བསྒྱུར་བཅོས་འབདཝ་ཨིན།

ད་ལྟོའི་ཤོག་ལེབ།

ཕྱིར་འཐོན་འབྲི་ཤོག་ནང་ལུ་ འབྲི་ཤོག་གི་ མཇུག་གི་ས་ཁོངས་ འོད་རྟགས་འདི་གིས་ གཞན་མི་འབྲི་ཤོག་ནང་ ས་སྒོ་དང་པམ་འདི་ལུ་ གོམ་འགྱོ་འབདཝ་ཨིན། འ་ནཱ་འདི་ ཨེཆ་ཊི་ཨེམ་ཨེལ་འབྲི་ཤོག་ཚུ་གི་དོན་ལུ་ ཚད་ལྡན་ཅིག་ཨིན་ འདི་འབདཝ་ལས་ འ་ནཱི་གདམ་ཁ་དེ་ དམིགས་བསལ་གྱི་ ཨེཆ་ཊི་ཨེམ་ཨེལ་འབྲི་ཤོོག་ཚུ་གི་དོན་ལུ་ འབྲེལ་བ་ཡོད་མི་ཅིག་ཨིན།


ཚགས་མ།

འབྲི་ཤོག་ནང་གནས་སྡུད་ཚག་མ་དོན་ལུ་དགོས་མཁོ་ཡོད་པའི་གནས་སྟངས་ཚུ་བཙུགས། ཚག་མ་གསལ་བཀོད་ཚུ་དབྱེ་དོན་ག་ཏེ་འདི་ལག་ལེན་མ་འཐབ་པར་ཨེསི་ཀིའུ་ཨེལ་ལམ་ལུགས་ཚུ་རྗེས་སུ་འབྲངམ་ཨིན། དཔེར་ན་ཁྱོད་ཀྱིས་དྲན་ཐོ་ཚུ་་ཆ་མཉམ་ "Mike" སྔོན་མིང་དང་གཅིག་ཁར་བཀྲམ་བཏོན་འབད་ནི་ཨིན་པ་ཅིན་ གནས་སྡུད་ས་སྒོ་འདི་ནང་ཡིག་དཔར་རྐྱབས: སྔོན་མིང་ = 'Mike'། གནས་སྟངས་ཚུ་ཡང་མཉམ་མཐུད་འབད་བཏུབ་ཨིན་: སྔོན་མིང་ = 'Mike' ཡང་ན་སྔོན་མིང་ = 'Peter'། དེ་གཉིས་་དང་མཐུན་སྒྲིག་འབད་མི་དྲན་ཐོ་ཆ་མཉམ་གནས་སྟངས་ཚུ་ག་འབད་རུང་བཀྲམ་བཏོན་འབད་ཡོདཔ་ཨིན།

ཚག་མ་ལས་འགན་འདི་ལག་ལེན་པ་ཐབས་ལམ་ནང་ རང་བཞིན་ཚག་མ་ དང་ སྔོན་སྒྲིག་ཚག་མ་ ངོས་དཔར་ འགྲུལ་བསྐྱོད་པ་ཕྲ་རིང་ལས་འགན་འགྲུབ་ ཕྲ་རིང་གུ་ཡོད་མི་འདི་་བརྒྱུད་དེ་འཐོབ་ཚུགསཔ་ཨིན།

འགྲུལ་སྤྱོདཔ་ཕྲ་རིང་།

འོག་གི་འབྲི་ཤོག་གི་ ཕྲ་རིང་དེ་ནང་གི་ འགྲུལ་བསྐྱོདཔ་ལས་འགན་འདི་ཚུ་ ལག་ལེན་འཐབ་བཏུབ་ཨིན་ན་ གསལ་བཀོད་འབདཝ་ཨིན།

"Parent Form" གྱི་གདམ་ཁ་དེ་ ཡན་ལག་འབྲི་ཤོག་ཚུ་གི་དོན་ལུ་ ལག་ལེན་འཐབ་ཨིན། ཁྱོད་ཀྱི་ ཡན་ལག་འབྲི་ཤོག་གི་དོན་ལུ་ གདམ་ཁ་ཅིག་ གདམ་པ་ཅིན་ ཁྱོད་ཀྱི་འབྲི་ཤོག་ངོ་མའི་ དྲན་ཐོ་ཚུ་ལག་ལེན་འཐབ་ཐོག་ལས་ འོད་རྟགས་དེ་ ཡན་ལག་འབྲི་ཤོག་ནང་ལུ་ བཞག་ཡོད་པ་ཅིན་ འགྲུལ་བསྐྱོད་འབད་བཏུབ་ཨིན། ཡན་ལག་འབྲི་ཤོག་དེ་ རྩ་ལག་འབྲི་ཤོག་ནང་ལུ་ ༡:༡གི་འབྲེལ་ལམ་ལས་བརྟེན་ འབྲེལ་མཐུད་འབད་ཡོདཔ་ཨིན་ འདི་འབདཝ་ལས་ འགྲུལ་བསྐྱོདཔ་དེ་ རྩ་ལག་འབྲི་ཤོག་ནང་ལུ་ ཨ་རྟག་རང་ ལག་ལེན་འཐབ་ཨིན།

འབྲེལ་མཐུད་འབྲན་གཡོག་གི་ ས་སྒོ་ཚུ།

ཁྱོད་ཀྱི་ཡན་ལག་འབྲི་ཤོག་ཅིག་ གསར་བསྐྲུན་འབད་བ་ཅིན་ འགྱུར་ཅན་འདི་ རྩ་ལག་འབྲི་ཤོག་གི་ས་སྒོ་ནང་ལས་ གནས་སྲིད་པའི་ གནས་གོང་ཚུ་ གསོག་འཇོག་འབད་བཏུབ་ས་ལུ་ ཐོ་བཀོད་འབད། ཡན་འབྲི་ཤོག་འདི་ འདྲི་དཔྱད་ལུ་བརྟེན་མི་ཨིན་པ་ཅིན་ ཁྱོད་ཀྱི་འདྲི་དཔྱད་ནང་ ངེས་འབད་ཡོད་པའི་ འགྱུར་ཅན་དེ་ ཐོ་བཀོད་འབད། ཁྱོད་ཀྱི་གནད་སྡུད་འབྱུང་ཁུངས་ཀྱི་ ས་སྒོ་ནང་ ཐོ་བཀོད་འབད་ཡོད་པའི་ ཨེསི་ཀིའུ་ཨེལ་ གསལ་བཤད་དེ་ ལག་ལེན་འཐབ་ཐོག་ལས་ འབྲི་ཤོག་ཅིག་ གསར་བསྐྲུན་འབད་བ་ཅིན་ ཁྱོད་ཀྱི་གསལ་བཤད་ནང་ ལག་ལེན་འཐབ་མི་ འགྱུར་ཅན་དེ་ ཐོ་བཀོད་འབད། ཁྱོད་ཀྱི་འགྱུར་ཅན་གྱི་མིང་ ག་ཅིག་རང་འབདརུང་ གདམ་ཁ་རྐྱབ་བཏུབ། ཁྱོད་ཀྱི་ སྣ་མང་གནས་གོང་ཚུ་ ཐོ་བཀོད་འབད་བ་ཅིན་ སོར་ལྡེ་དང་ལོག་ལྡེ་ལུ་ མར་མནན་འབད།

དཔྱེ་འབད་བ་ཅིན་ ཁྱོད་ཀྱི་Customer_ID་ གནད་སྡུད་གཞི་རྟེན་གྱི་ས་སྒོ་འདི་ འབྲེལ་ལམ་ ཨམ་གྱི་ས་སྒོ་ཚུ་གི་འོག་ལུ་ རྩ་ལག་ས་སྒོ་སྦེ་ གསལ་བཀོད་འབད་ཡོད་པ་ཅིན་ དེ་ལས་ཁྱོད་ཀྱི་ འབྲེལ་ལམ་ བྲན་གཡོག་ ས་སྒོ་ཚུ་གི་འོག་ལུ་ འགྱུར་ཅན་གྱི་མིང་དེ་ Customer_ID་གནད་སྡུད་གཞི་རྟེན་ཁྱི་ས་སྒོ་ནང་ གསོག་འཇོག་འབད་བཏུབ་པའི་ གནས་གོང་ཚུ་ ངེས་འཛིན་འབད་བཏུབ། ད་འབདན་ཁྱོད་ཀྱི་ འ་ནཱི་འགྱུར་ཅན་འདི་ ལག་ལེན་འཐབ་ཐོག་ལས་ གནད་སྡུད་འབྱུང་ཁུངས་ཀྱི་ སྒྲོམ་ནང་ ཨེསི་ཀིའུ་ཨེལ་གྱི་གསལ་བཤད་དེ་ གསལ་བཀོད་འབད་བ་ཅིན་ འབྲེལ་ཡོད་ཀྱི་གནས་གོང་ཚུ་ ཡན་ལག་འབྲི་ཤོག་ནང་ བཀྲམ་སྟོན་འབད་ཡོདཔ་ཨིན།

འབྲེལ་མཐུད་ཨམ་གྱི་ས་སྒོ།

ཁྱོད་ཀྱི་ ཡན་ལག་འབྲི་ཤོག་ཅིག་གསར་བསྐྲུན་འབད་བ་ཅིན་ རྩ་ལག་དང་ ཡན་ལག་འབྲི་ཤོག་གི་ བར་ན་ མཉམ་བྱུང་འབད་ནིའི་དོན་ལུ་ འགན་ཁག་ཕོག་མི་ རྩ་ལག་འབྲི་ཤོག་ཚུ་གི་ གནད་སྡུད་ས་སྒོ་འདི་ཚུ་ ཐོ་བཀོད་འབད། སྙོམས་གྲངས་ཀྱི་གནས་གོང་ཚུ་ ཐོ་བཀོད་འབད་ནི་ལུ་ ཨིན་པུཊི་ གྲལ་ཐིག་རེ་རེ་ བཞིན་གྱི་ཤུལ་མར་ སོར་ལྡེ་+ལོག་ལྡེ་འདི་ ཨེབ་གཏང་འབད།

ཡན་ལག་འབྲི་ཤོག་འདི་ཨེསི་ཀིའུ་ཨེལ་ འདྲི་དཔྱད་དང་ དམིགས་བསལ་གྱིས་ ཚད་བཟུང་ འདྲི་དཔྱད་ལུ་བརྟེནམ་ཨིན། ས་སྒོ་གི་མིང་ཅིག་ འབྲེལ་ལམ་ཨམ་ ས་སྒོའི་ སྒྲོམ་ནང་ལུ་ ཐོ་བཀོད་འབད་ཡོད་པ་ཅིན་ ཁྱོད་ཀྱི་ འབྲི་ཤོག་ངོ་མ་ནང་གི་ ས་སྒོ་དེ་ནང་་ཡོད་པའི་གནད་སྡུད་དེ་ འབྲེལ་ལམ་ བརྩོན་ཤུགས་ཀྱི་ ས་སྒོ་ཚུ་ནང་བཙུགས་དགོ་པའི་ འགྱུར་ཅན་ལྷག་ནི་ཅིག་ཨིན། འོས་ལྡན་ཨེསི་ཀིའུ་ཨེལ་གྱི་ གསལ་བཤད་ཅིག་ནང་ ཡན་ལག་འབྲི་ཤོག་གིས་ གཞི་བསྟུན་འབད་མི་ འ་ནཱི་འགྱུར་ཅན་དེ་ ཐིག་ཁྲམ་གྱི་གནད་སྡུད་ལུ་ ག་བསྡུར་རྐྱབ་ཨིན། ཁྱོད་ཀྱི་ ཐབས་གཞན་གྱི་ཐོག་ལས་འབྲེལ་ལམ་ ཨམ་གྱི་ ས་སྒོ་ཚུ་གི་ སྒྲོམ་ནང་ ཀེར་ཐིག་གི་མིང་དེ་ ཐོ་བཀོད་འབད་བཏུབ།

འོག་གི་ དཔེ་འདི་ཚུ་ ཆ་འཇོག་འབད།

འབྲི་ཤོག་དེ་བརྟེན་པའི་ གནད་སྡུད་གཞི་རྟེན་གྱི་ཐིག་ཁྲམ་འདི་ དཔེར་ན་ ཚོང་མགྲོན་པའི་ གནད་སྡུད་གཞི་རྟེན་ ("Customer")ཟེར་ ཚོང་མགྲོན་པ་ རེ་རེ་བཞིན་ལུ་ གནད་སྡུད་ཀྱི་ས་སྒོ་ནང་ "Cust_ID"ཟེར་ མིང་བཏགས་མི་ མཐུན་མོངས་མ་ཡིན་པའི་ ཨང་ཅིག་བྱིན་ཡོད་པ་ཅིན་ ཚོང་མགྲོན་པའི་ མངགས་ཆ་དེ་ཚུ་ གནད་སྡུད་གཞི་རྟེན་ཐིག་ཁྲམ་གཞན་མི་ནང་ལུ་ རྒྱུན་སྐྱོང་འབདཝ་ཨིན། ད་འབདན་ཁྱོད་ཀྱི་ ཚོང་མགྲོན་པ་རེ་རེ་བཞིན་གྱི་ མངགས་ཆ་དེ་ཚུ་ འབྲི་ཤོག་ནང་ ཐོ་བཀོད་འབད་ཚར་བའི་ཤུལ་ལུ་ བལྟ་དགོ་མནོཝ་འདུག་ འདི་འབད་ནིའི་དོན་ལུ་ ཁྱོད་ཀྱི་ཡན་ལག་འབྲི་ཤོག་ཅིག་ གསར་བསྐྲུན་འབད་དགོ འབྲེལལམ་གྱི་ས་སྒོ་ཨམ་ཚུ་གི་ འོག་ལུ་ ཚོང་མགྲོན་པའི་Cust_ID་ཚུ་གསལ་ཏོག་ཏོ་སྦེ་ ངོས་འཛིན་འབད་མི་ ཚོང་མགྲོན་པའི་གནད་སྡུད་གཞི་རྟེན་ནང་ལས་ གནད་སྡུད་ཀྱི་ས་སྒོ་དེ་ ཐོ་བཀོད་འབད། འབྲེལ་ལམ་བྲན་གཡོག་གི་ས་སྒོ་ཚུ་གི་འོག་ལུ་Cust_ID་ས་སྒོ་གི་ གནད་སྡུད་དེ་ དང་ལེན་འབད་ནི་ཨིན་པའི་ འགྱུར་ཅན་གྱི་མིང་དེ་ ཐོ་བཀོད་འབད་ དཔྱེ་འབད་བ་ཅིན་ x་བཟུམ་ཨིན།

ཡན་ལག་འབྲི་ཤོག་འདི་གིས་ ཚོང་མགྲོན་པ་རེ་རེ་བཞིན་གྱི་ ཨའི་ཌི་ (Customer_ID -> x)གི་དོན་ལུ་ མངགས་ཆ་འབད་ཡོད་པའི་ ཐིག་ཁྲམ་ ("Orders")ནང་ལས་ འོས་ལྡན་གྱི་གནད་སྡུད་དེ་ཚུ་ སྟོན་དགོ། དེ་སྦེ་འབད་ནི་འདི་ མངགས་ཆ་གི་ཐིག་ཁྲམ་ནང་ ཚོང་མགྲོན་པ་གཅིག་ལུ་ མངགས་ཆ་་རེ་རེ་བཞིན་ མཐུན་མོངས་མ་ཡིན་པ་སྦེ་འགན་སྤྲོད་འབད་ཡོད་པ་ཅིན་རྐྱངམ་གཅིག་འབད་ཚུགས། ཐབས་གཞན་ ཁྱོད་ཀྱི་ Customer_ID་ཟེར་སླབ་མི་ས་སྒོ་དེ་ ལག་ལེན་འཐབ་བཏུབ་ ག་དེ་འབད་ཨིན་རུང་ འ་ནཱི་ས་སྒོ་འདི་ འབྲི་ཤོག་ངོ་མ་ནང་གི་ ས་སྒོ་གཅིགཔ་སྦེ་ཡོད་མི་འདི་དང་ ངོ་མ་འཛོལ་བར་ ངེས་གཏན་བཟོ་ནིའི་དོན་ལུ་ ས་སྒོ་འདི་གི་མིང་ Customer_Number་ཟེར་བཏགས་ཡོདཔ་ཨིན།

ད་ "Orders" གི་ཐིག་ཁྲམ་ནང་ཡོད་པའི་Customer_Number་འདི་ "Customers"ཐིག་ཁྲམ་ནང་གི་ Customer_ID དང་གཅིག་ཁར་ ག་བསྡུར་རྐྱབ་བཏུབ་ལས་ ག་བསྡུར་རྐྱབ། དཔེར་ན་ x འགྱུར་ཅན་འདི་ འོག་གི་གསལ་བཤད་ཨེསི་ཀིའུ་ཨེལ་དང་གཅིག་ཁར་ ལག་ལེན་འཐབ་དོ་བཟུམ་ཅིག་ཨིན།

Customer_Number =: x འབད་ས་ལས་ * FROM ་གི་འབྲི་ཤོག་འདི་སེལ་འཐུ་འབད་(ཁྱོད་ཀྱི་ ཡན་ལག་འབྲི་ཤོག་འདི་གིས་ གོ་རིམ་ཐིག་ཁྲམ་ནང་ལས་ གནད་སྡུད་ཚུ་ཆ་མཉམ་ སྟོན་དགོ་པ་ཅིན་)

ཡང་ན་:

Customer_Number =: x འབད་ས་སའི་ གོ་རིམ་ཚུ་ནང་ལས་ རྣམ་གྲངས་ཚུ་ སེལ་འཐུ་འབད་ (ཁྱོད་ཀྱི་ གོ་རིམ་གི་ཐིག་ཁྲམ་ཚུ་ནང་ལས་ "Item" ས་སྒོ་ནང་ གནད་སྡུད་ཡོད་མི་རྐྱངམ་ཅིག་སྟོན་ནི་ལུ་ ཡང་ལག་འབྲི་ཤོག་དེ་དགོ་པ་ཅིན།)

ཨེསི་ཀིའུ་ཨེལ་ གསལ་བཤད་འདི་ གནད་སྡུད་འབྱུང་ཁུངས་ཀྱི་ ས་སྒོ་ནང་ ཐོ་བཀོད་འབད་བཏུབ་ ཡང་ན་ ཁྱོད་ཀྱི་ ཡན་ལག་འབྲི་ཤོག་ཅིག་གསར་བསྐྲུན་འབད་ནི་ལུ་ ལག་ལེན་འཐབ་བཏུབ་པའི་ ཚད་བཟུང་འདྲི་དཔྱད་ཅིག་ གསར་བསྐྲུན་འབད་བཏུབ་ཨིན།

ལེགས་བཅོས་ཚུ་འབད་བཅུག

གནད་སྡུད་འདི་ཚུ་ ལེགས་བཅོས་བཟོ་བཏུབ་ཨིན་ན་ གཏན་འབེབས་བཟོཝ་ཨིན།

ཨེསི་ཀིའུ་ཨེལ་བརྡ་བཀོད་འདི་དཔྱད་ཞིབ་འབད།

ཨེསི་ཀིའུ་ཨེལ་གྱི་ གསལ་བཤད་དེ་ LibreOffice་གིས་ དབྱེ་དཔྱད་འབད་ནི་ཨིན་ན་ གསལ་བཀོད་འབདཝ་ཨིན། ཨིན་ལུ་ གཞི་སྒྲིག་འབད་ཡོད་པ་ཅིན་ ཁྱོད་ཀྱི་... ཨེབ་རྟ་དེ་ ནང་དོན་ ཐོག་ཡིག་སྒྲོམ་གྱི་ རྒྱབ་ལས་ཡོད་མི་ འདི་ལུ་ ཨེབ་གཏང་འབད་བཏུབ། འ་ནཱ་འདི་གིས་ ཁྱོད་ཀྱི་ཚད་རིས་ཀྱི་ཐོག་ལས་ གནད་སྡུད་གཞི་རྟེན་གྱི་ འདྲི་འཔྱད་ཅིག་ གསར་བསྐྲུན་འབད་བཏུབ་ས་ལུ་ ཝིན་ཌོ་ཅིག་ ཁ་ཕྱེ་འོང་། ཁྱོད་ཀྱི་ ཝིན་ཌོ་དེ་ ཁ་བསྡམ་དང་ འདྲི་དཔྱད་ གསར་བསྐྲུན་འབད་ཡོད་མི་དེ་གི་དོན་ལུ་ ཨེསི་ཀིའུ་ཨེལ་ གསལ་བཤད་དེ་ ནང་དོན་ ཐོ་ཡིག་གི་སྒྲོམ་ནང་བཙུགས་འོང་།

འབྲི་ཤོག་ཟེར་མི་འདི་ག་ཅི་སྨོ ?

འབྲི་ཤོག་ཚུ་གནད་སྡུད་གཞི་རྟེན་ཐུག་ཁྲམ་ཡང་ན་གནད་སྡུད་གཞི་རྟེན་འདྲི་དཔྱད་གུ་བརྟེན་ཏེ་གསར་བསྐྲུན་འབདཝ་ཨིན། དེ་ཚུ་གིས་མཐོང་ཚུགས་པའི་ཡིད་སྤྲོ་བའི་ལུགས་སྲོལ་ནང་གནད་སྡུད་བཀྲམ་སྟོན་འབདཝ་ཨིནམ་དང་གནད་སྡུད་ཐོ་བཀོད་འབད་ནི་ལུ་ལག་ལེན་འཐབ་ཚུགས་ཡང་ན་གནད་སྡུད་ཞུན་དག་འབད་ཚུགས།

ཁྱོད་ལུ་ ཐིག་ཁྲམ་ནང་གི་ གནད་སྡུད་ ཡང་ན་ འདྲི་དཔྱད་ལུ་ གཞི་བསྟུན་འབད་བཏུབ་པའི་ འབྲི་ཤོག་ཅིག་ དགོས་མཁོ་ཡོདཔ་མ་ཚད་ ཐིག་ཁྲམ་གཞན་ཅིག་ནང་ལས་ ཁ་སྐོང་གི་ཐོག་ལས་ གནད་སྡུད་ཅིག་ བཀྲམ་སྟོན་འབད་བཏུབ་པ་ཅིན་ ཁྱོད་ཀྱི་ ཡན་ལག་འབྲི་ཤོག་ཅིག་ གསར་བསྐྲུན་འབད་དགོ དཔྱེ་འབད་བ་ཅིན་ འ་ནཱ་ཡན་ལག་འབྲི་ཤོག་འདི་ གནད་སྡུད་གཞི་རྟེན་གྱི་ཐིག་ཁྲམ་ གཞན་ཅིག་ནང་གི་ གནད་སྡུད་དེ་ བཀྲམ་སྟོད་འབད་མི་ ཚིག་ཡིག་གི་སྒྲོམ་སྦེ་བཏུབ་ཨིན།

ཡན་ལག་འབྲི་ཤོག་འདི་ འབྲི་ངོ་མ་གི་ ཆ་ཤས་ཁ་སྐོང་ཅིག་ཨིན། འབྲི་ཤོག་ངོ་མ་འདི་ལུ་ "parent form" ཡང་ན་ "master" ཟེར་སླབ་བཏུབ། ཁྱོད་ཀྱི་འབྲི་ཤོག་ཅིག་ནང་ལས་ ཐིག་ཁྲམ་གཅིག་བ་མངམ་སྦེ་ གང་མགྱོགས་ འཛུལ་སྤྱོད་འབད་ནི་ལུ་ ཡན་ལག་འབྲི་ཤོག་དེ་དགོཔ་ཨིན། ཐིག་ཁྲམ་གྱི་ཁ་སྐོང་ རེ་རེ་བཞིན་ལུ་ ཁོང་རའི་ལན་ལག་འབྲི་ཤོག་ཚུ་ དགོཔ་ཨིན།

འབྲི་ཤོག་ཅིག་ གསར་བསྐྲུན་འབད་ཚར་བའི་ཤུལ་ལས་ འདི་ཚུ་ཡང་ལག་འབྲི་ཤོག་ནང་གསར་བསྐྲུན་འབད་བཏུབ། འདི་འབད་ནི་ལུ་ བཀོད་སྒྲིག་ཐབས་ལམ་འདི་ ཐོ་བཀོད་འབད་ཞིནམ་ལས་ འབྲི་ཤོག་གི་འགྲུལ་བསྐྱོདཔ་དེ་ ཁ་ཕྱེ། འབྲི་ཤོག་འགྲུལ་བསྐྱོདཔ་ནང་ལུ་ འབྲི་ཤོག་ཅིག་(དེ་གིས་ ཡང་ལག་འབྲི་ཤོག་ལུ་འགྱུཡ་འོང་)འབྲི་ཤོག་གཞན་མི་ག་ཅི་ནང་འབད་རུང་ (དེ་གིས་ ཨམ་ལུ་འགྱུར་འོང)འདྲུད་བཞག་འབད།

ཁྱོད་ཀྱི་ཡིག་ཆ་ ལག་ལེན་འཐབ་མི་ ལག་ལེན་པ་འདི་གིས་ ཡན་ལག་འབྲི་ཤོག་ཡོད་པའི་ འབྲི་ཤོག་སྦེ་ མི་མཐོང། ལག་ལེན་པ་འདི་གིས་ ཡིག་ཆ་ནང་ གནད་སྡུད་དེ་ཚུ་ ཐོ་བཀོད་འབད་ཡོད་མི་དང་ ཡང་ན་ ཡོ་བཞིན་པའི་ གནད་སྡུད་དེ་ཚུ་ བཀྲམ་སྟོན་འབད་མི་ཚུ་ མཐོངམ་ཨིན།

གནད་སྡུད་ས་སྒོ་ནང་ལས་ འབྲེལ་ལམ་ཨམ་གྱི་ས་སྒོ་འདི་ འབྲི་ཤོག་ཨམ་ནང་ གསལ་བཀོད་འབད། ཡན་ལག་འབྲི་ཤོག་ནང་ བྲན་གཡོག་ས་སྒོ་འདི་ འབྲེལ་ལམ་ཨམ་ ས་སྒོ་གི་ ནང་དོན་ནང་ལུ་ མཐུན་སྒྲིག་འབད་བཏུབ་པའི་ ས་སྒོ་ཅིག་སྦེ་ཡང་གཞི་སྒྲིག་འབད་བཏུབ།

ལག་ལེན་པ་འདི་གིས་ གནད་སྡུད་བརྒྱུད་དེ་ འགྲུལ་བསྐྱོདཔ་འབདཝ་ད་ འབྲི་ཤོག་འདི་གིས་ ད་ལྟོའི་གནད་སྡུད་ཀྱི་དྲན་ཐོ་དེ་ ཨ་རྟག་རང་བཀྲམ་སྟོན་འབདཝ་ཨིན། ཡན་ལག་འབྲི་ཤོག་ངེས་འཛིན་འབད་འབདཝ་ཚུ་ཡོད་པ་ཅིན་ ཡན་ལག་འབྲི་ཤོག་གི་ནང་དོན་ཚུ་ ཧ་་ལམ་མི་ལི་སྐར་ཆག་༢༠༠་ དེ་ཅིག་གི་ཕྱིར་འགྱངས་ལས་ རྐྱངམ་ཅིག་ སྟོན་འོང་། ཁྱོད་ལུ་ འ་ནཱི་ཕྱིར་འགྱངས་འདི་གིས་ འབྲི་ཤོག་ཨམ་གྱི་ གནད་སྡུད་དྲན་ཐོ་བརྒྱུད་དེ་ གང་མགྱོགས་བརྡ་འཚོལ་འབད་ནི་ལུ་ལྕོགས་ཅན་བཟོཝ་ཨིན། ཁྱོད་ཀྱི་ ཕྱིར་འགྱངས་ཚད་ཀྱི་ ནང་འཁོད་ལུ་ གནད་སྡུད་ཨམ་གཞན་མི་གི་དྲན་ཐོ་འདི་ལུ་ འགྲུལ་བསྐྱོདཔ་འབད་བ་ཅིན་ ཡན་ལག་འབྲི་ཤོག་གི་ གནད་སྡུད་འདི་ སླར་འདྲེན་དང་ བཀྲམ་སྟོན་འབད་མི་དགོ