བྱུང་ལས་ཚུ།

བྱུང་ལས་ ཨེབ་ལྡེ་ཤོག་ལེབ་ཀྱིས་ ཁྱོད་ལུ་ རྣམ་པའི་ནང་ལུ་འབྱུང་མི་ མེཀ་རོ་འདི་བྱུང་ལས་ལ་ལོ་ཅིག་ འགན་སྤོད་འབད་བཅུགསཔ་ཨིན།

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

སེལ་འཐུ་འབད་ཡོད་པའི་ཆ་ཤས་རྣམ་པ་གི་ སྐབས་དོན་དཀར་ཆག་འདི་ཁ་ཕྱེ་ - རྣམ་པ་ - བྱུང་ལས་ཨེབ་ལྡེ་གདམ་ཁ་རྐྱབས།

ཨོ་པན་རྣམ་པ་ལག་ཆས་ཕྲ་རིང་ཚད་འཛིན་ ཡང་ན་ རྣམ་པ་བཀོད་སྒྲིག་ལག་ཆས་ཕྲ་རིང་ཁ་ཕྱེ་ རྣམ་པ་ ངོས་དཔར་ - བྱུང་ལས་ཨེབ་ལྡེ་ཨེབ་གཏང་།


བྱུང་ལས་འདི་ མེཀ་ཀ་རོ་དང་ གཅིག་ཁར་འབྲེལ་མཐུད་འབད་ནི་ལུ་ བྱུང་ལས་དེ་བྱུངམ་ད་ བརྡ་བཀོད་ཚུ་ཆ་མཉམ་ཡོད་མི་དང་ ལག་ལེན་འཐབ་ནི་ཨིན་མི་མེཀ་རོ་འདི་ དང་པ་རང་འབྲི། དེ་ལས་ཆ་མཉམ་པའི་བྱུང་ལས་ཀྱི་ཟུར་དུ་ ... ཨེབ་རྟ་འདི་ཨེབ་གཏང་འབད་ཐོག་ལས་ མེཀ་རོ་དེ་ རང་སོའི་བྱུང་ལས་ལུ་འགན་སྤྲོད་འབད། ཁྱོད་ཀྱི་མེཀ་རོ་ ག་སྟེ་སེལ་འཐུ་འབད་བཏུབ་ས་ལུ་ འགན་སྤྲོད་མེཀ་རོ་ཌའི་ལོག་འདི་ ཁ་ཕྱེཝ་ཨིན།

འོག་གི་བྱ་བ་འདི་ཚུ་ ངོ་རྐྱང་གི་སྦེ་ རིམ་སྒྲིག་འབད་བཏུབ་ བྱ་བ་ཅིག་གསལ་སྟོན་འབད་ནི་ལུ་ ཁྱོད་ཀྱི་ཁྱོད་རའི་ བདག་དབང་གི་ ཌའི་ལོག་ཚུ་ལག་ལེན་འཐབ་བཏུབ་པའི་དོན་དག་སྟོནམ་ཨིན།

  1. འཛོལ་བའི་ཕྲིན་དོན་ཚུ་བཀྲམ་སྟོན་འབད་དོ།

  1. བཏོན་གཏང་པའི་ལས་སྦྱོར་ཅིག་ངེས་དཔྱད་འབད་དོ་ (གནད་སྡུད་དྲན་ཐོ་ཚུ་),

  1. ཚད་བཟུང་ཚུ་འདྲི་དཔྱད་འབད་དོ།

  1. གནད་སྡུད་དྲན་ཐོ་སྲུངས་བཞག་འབདཝ་ད་ ཨིན་པུཊི་འདི་ཞིབ་དཔྱད་འབད་དོ།

དཔེར་ན་ གནད་སྡུད་དྲན་ཐོ་ཅིག་ བཏོན་གཏངམ་ད་ "Really delete customer xyz?"བཟུམ་མའི་"confirm deletion" ཞུ་བ་ཅིག་ བྱིན་བཏུབ།

དྲན་འཛིན་ངོས་དཔར།

The events that are shown in the Events dialog cannot be edited directly. You can delete an event from the list by pressing the Del key.


མེཀ་རོ་ལུ་ འབྲེལ་མཐུད་འབད་བཏུབ་པའི་ འབྲི་ཤོག་ཅིག་ནང་ འོག་གི་འདི་གིས་བྱུང་ལས་ཚུ་ ཆ་མཉམ་ ཐོ་བཀོད་འབད་ཞིནམ་ལས་ འགྲལ་བཤད་འབད་བཏུབ:

དུས་མཐུན་གྱི་ཧེ་མ།

ལག་ལེན་པ་གིས་བསྒྱུར་བཅོས་འབད་ཡོད་མི་ཚད་འཛིན་ནང་དོན་འདི་གནད་སྡུད་འབྱུང་ཁུངས་ནང་ལུ་མ་འབྲི་བའི་ཧེ་མ་ཧེ་མའི་དུས་མཐུན་བྱུང་ལས་འདི་འབྱུངམ་ཨིན། འབྲེལ་མཐུད་འབད་ཡོད་པའི་མེཀ་རོ་འདི་གིས་ དཔེར་ན་ ཨ་ནི་བྱ་བ་འདི་ "FALSE" སླར་ལོག་འབད་ཐོག་ལས་སྔོན་བཀག་འབད་ཚུགས།

དུས་མཐུན་གྱི་ཤུལ་མ།

ཤུལ་ལས་དུས་མཐུན་བཟོ་ནིའི་ བྱུང་ལས་དེ་ ལག་ལེན་པ་འདི་གིས་ཤུལ་ལས་ བསྒྱུར་བཅོས་འབད་མི་ ཚད་འཛིན་གྱི་ནང་དོན་དེ་ གནད་སྡུད་ཀྱི་བྱུང་ཁུངས་ནང་ འབྲི་ཚརཝ་ད་ བྱུངམ་ཨིན།

སླར་སྒྲིག་ལུ་གོང་།

སླར་སྒྲིག་མ་འབད་བའི་གོང་ལུ་འབྲི་ཤོག་དེ་ སླར་སྒྲིག་མ་འབད་བའི་ཧེ་མ་ བྱུང་ལས་དེ་བྱུགམ་ཨིན།འབྲེལ་ལམ་ཡོད་པའི་ མེཀ་རོ་འདི་གིས་ དཔེར་ན་ སླར་ལོག་འབད་ཐོག་ལས་ འ་ནཱི་བྱ་བ་དེ་ སྔོན་བཀག་འབད་ཚུགས།"FALSE"

འོག་གི་གནས་སྟང་གང་རུང་ཅིག་ཚང་པ་ཅིན་ རྣམ་པ་འདི་སླར་སྒྲིག་འབདཝ་ཨིན:

  1. ལག་ལེན་པ་འདི་གིས་ སླར་སྒྲིག་གི་ཨེབ་རྟ་སྦེ་ ངེས་འཛིན་འབད་ཡོད་པའི་ (ཨེཆ་ཊི་ཨེམ་ཨེལ)ཨེབ་རྟ་དེ་ མར་མནན་འབདཝ་ཨིན།

  2. གནད་སྡུད་འབྱུང་ཁུངས་ལུ་ འབྲེལ་མཐུད་འབད་ཡོད་པའི་ འབྲི་ཤོག་ཅིག་ནང་ དྲན་ཐོ་སྟོངམ་ གསརཔ་ཅིག་གསར་བསྐྲུན་འབདཝ་ཨིན། དཔེར་ན་ མཇུག་གི་དྲན་ཐོ་ནང་ གཞན་དྲན་ཐོ་གི་ཨེབ་རྟ་དེ་ མར་མནན་འབད་འོང།

སླར་སྒྲིག་འབད་ཚར་བའི་ཤུལ་ལས།

The སླར་སྒྲིག་འབད་ཚར་བའི་ཤུལ་ལས་ རྣམ་པ་འདི་སླར་སྒྲིག་འབད་ཚར་བཞིནམ་ལས་ བྱུང་ལས་འདི་འབྱུངམ་ཨིན།

དྲན་ཐོ་གི་བྱེ་བའི་ཤུལ་ལས།

དྲན་ཐོའི་བྱ་བ་འདི་གི་ཤུལ་མ་ད་ལྟོའི་དྲན་ཐོ་འདི་ བསྒྱུར་བཅོས་འབད་ཚར་བའི་ཤུལ་མར་ བྱུང་ལས་འདི་ཚུ་ ཐད་ཀར་དུ་བྱུངམ་ཨིན།

དྲེན་ཐོ་བསྒྱུར་བཅོས་ཀྱི་ཤུལ་མ།

དྲན་ཐོ་དེ་བསྒྱུར་བཅོས་འབད་ཚར་བའི་ ཤུལ་ལས་ ད་ལྟོའི་ དྲན་ཐོའི་དཔག་བྱེད་ བསྒྱུར་བཅོས་འབད་ཚརཝ་ད་ བྱུང་ལས་འདི་ ཐད་ཀར་དུ་བྱུངམ་ཨིན།

དྲེན་ཐོ་བསྒྱུར་བཅོས་ཀྱི་ཧེ་མ།

དྲན་ཐོ་དེ་ བསྒྱུར་བཅོས་མ་འབད་བའི་ཧེ་མ་ལས་ ད་ལྟོའི་ དྲན་ཐོའི་དཔག་བྱེད་དེ་ བསྒྱུར་བཅོས་མ་འབདཝ་ལས་ བྱུང་ལས་དེ་བྱུངམ་ཨིན། དཔེར་ན་ འབྲེལ་མཐུད་ཡོད་པའི་ མེཀ་རེ་འདི་གིས་ "FALSE"སླར་ལོག་འབད་ཐོག་ལས་ འ་ནཱི་བྱ་བ་འདི་ སྔོན་བཀག་འབད་ཚུགས།

དྲེན་ཐོ་བྱ་བའི་ཧེ་མ།

དྲན་ཐོ་བྱ་བ་འདི་གི་ ཧེ་མ་ད་ལྟོའི་ དྲན་ཐོ་དེ་ བསྒྱུར་བཅོས་མ་འབདཝ་ལས་ བྱུང་ལས་དེ་བྱུངམ་ཨིན།དཔེར་ན་ འབྲེལ་མཐུད་ཡོད་པའི་ མེཀ་རོ་འདི་གིས་ ཌའི་ལོག་ནང་ ངེས་དཔྱད་དེ་ ཞུ་བ་འབད་བཏུབ་ཨིན།

བཏོན་གཏང་ནི་འདི་ ངེས་དཔྱད་འབད།

གནད་སྡུད་དེ་ འབྲི་ཤོག་ནང་ལས་ བཏོད་གཏང་ཚརཝ་ཅིན་ བཏོན་གཏང་ནི་ ངེས་དཔྱད་འབད་ཟེར་མི་ བྱུང་ལས་དེ་ བྱུངམ་ཨིན། དཔེར་ན་ མེཀ་རོ་འདི་གིས་ ཌའི་ལོག་ནང་ ངེས་དཔྱད་དེ་ ཞུ་བའབད་བཏུབ།

བསྐྱར་མངོན་གསལ་མ་འབད་བའི་ཧེ་མ།

མངོན་གསལ་མ་འབད་བའི་ཧེ་མ་འབྲི་ཤོག་དེ་ མངོན་གསལ་ མ་འབདཝ་ལས་ བྱུང་ལས་དེ་བྱུངམ་ཨིན། གནད་སྡུད་གྱི་ནང་དོན་དེ་ ད་ལྟོ་ ཡང་གསལ་མ་འབད་བས།

བསྐྱར་མངོན་གསལ་འབདཝ་ད།

མངོན་གསལ་ འབདཝ་ད་འབྲི་ཤོག་དེ་ མངོན་གསལ་འབད་ཚར་བའི་ ཤུལ་ལས་རྐྱངམ་ཅིག་ བྱུང་ལས་དེ་ཐད་ཀར་དུ་བྱུངམ་ཨིན། གནད་སྡུད་འབྱུང་ཁུངས་དེ་ ཧེ་མ་ལས་རང་ ཡང་གསལ་འབད་དེ་ཡོད།

མ་ཕུལ་བའི་ཧེ་མ།

The མ་ཕུལ་བའི་ཧེ་མ་ རྣམ་པའི་གནད་སྡུད་འདི་མ་སྟང་པའི་ཧེ་མ་ བྱུང་ལས་དི་འབྱུངམ་ཨིན།

མངོན་གསལ་བཤོལ་མ་འབད་བའི་ཧེ་མ།

མངོན་གསལ་བཤོལ་གྱི་་ ཧེ་མ་ཁོང་རའི་ གནད་སྡུད་ འབྱུང་ཁུངས་ཀྱི་འབྲི་ཤོག་ནང་ལས་ སོ་སོ་འཕྱལ་ཡོད་པའི་ འབྲི་ཤོག་དེ་ མངོན་གསལ་བཤོལ་ མ་འབདཝ་ལས་ བྱུང་ལས་དེ་བྱུངམ་ཨིན།

མངོན་གསལ་བཤོལ་འབདཝ་ད།

མངོན་གསལ་བཤོལ་འབདཝ་ད་ཁོང་རའི་ གནད་སྡུད་འབྱུང་ཁུས་ནང་ལས་ སོ་སོ་འཕྱལ་ཡོད་པའི་ འབྲི་ཤོག་དེ་ མངོན་གསལ་བཤོལ་ འབད་བའི་ཤུལ་ལས་ བྱུང་ལས་དེ་ཐད་ཀར་དུ་བྱུངམ་ཨིན།

མངོན་གསལ་འབད་བའི་བསྒང་།

Theམངོན་གསལ་འབད་བའི་བསྒང་ རྣམ་པ་འདི་མངོན་གསལ་འབད་ཚར་བའི་ཤུལ་ལས་ བྱུང་ལས་འདི་ཐད་ཀར་དུ་འབྱུངམ་ཨིན།

ཚད་ཟུང་བཀང་།

མངོན་གསལ་འབད་ནི་ ཨིན་པའི་ འབྲི་ཤོག་འདི་ལུ་ བཀང་དགོ་པའི་ ཚད་འཛིན་འདི་ཡོད་པ་ཅིན་ བཀང་བའི་ཚད་འཛིན་གྱི་ བྱུང་ལས་དེ་བྱུངམ་ཨིན། དཔེར་ན་ འབྲི་ཤོག་གི་ གནད་སྡུད་འབྱུང་ཁུངས་དེ་ འོག་གི་ ཨེསི་ཀིའུ་ཨེལ་ བརྡ་བཀོད་འདི་ཡང་བཏུབ་ཨིན།

name=:name་ ཡོད་ས་ * FROM address སེལ་འཐུ་འབད།

ནཱ་ལུ་: མངོན་གསལ་འབདཝ་ད་ བཀང་དགོ་པའི་ མིང་འདི་ ཚད་བཟུང་ཨིན། འབྱུང་སྲིད་པ་ཅིན་ ཚད་འཛིན་དེ་ རང་བཞིན་གྱིས་ འབྱུང་སའི་འབྲི་ཤོག་ནང་ལས་ བཀངམ་ཨིན། ཚད་འཛིན་དེ་ བཀང་མ་ཚུགས་པ་ཅིན་ འ་ནཱི་བྱུང་ལས་འདི་ འབོ་ཞིནམ་ལས་ འབྲེལ་མཐུད་ཡོད་པའི་ མེཀ་རོ་འདི་གིས་ ཚད་འཛིན་དེ་བཀང་ཚུགས།

འཛོལ་བ་འབྱུང་ཡོད།

འཛོལ་བ་ བྱུང་ཡོད་པའི་ བྱུང་ལས་དེ་ གནད་སྡུད་ འབྱུང་ཁུངས་ འཛུལ་སྤྱོད་འབད་བའི་སྐབས་ འཛོལ་བ་ཅིག་བྱུང་པ་ཅིན་ ཤུགས་ལྡན་བཟོཝ་ཨིན། འ་ནཱི་འདི་ འབྲི་ཤོག་དང་ ཐོ་ཡིག་གི་སྒྲོམ་ དེ་ལས་ ཀོམ་བོ་གི་སྒྲོམ་ཚུ་ལུ་འཇུག་སྤྱོད་འབདཝ་ཨིན།