འབྲི་ཤོག་རྒྱུ་དངོས་ཚུ་

འ་ནི་ཌའི་ལོག་འདི་ནང་ལུ་ འབྲི་ཤོག་ཧྲིལ་བུ་གི་དོན་ལུ་ གནད་སྡུད་བྱུང་ཁུངས་དང་ བྱུང་ལས་ཚུ་ ཁྱོད་ཀྱི་གཞན་མི་ཚུ་གི་གྱལ་ལས་ གསལ་བཀོད་འབད་བཏུབ་

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

སེལ་འཐུ་འབད་ཡོད་པའི་ཆ་ཤས་ཀྱི་སྐབས་དོན་དཀར་ཆག་འདི་ཁ་ཕྱེ་ - རྣམ་པ་གདམ་ཁ་རྐྱབས།

ངོས་དཔར།

རྣམ་པ།


ཁྱོད་ཀྱི་གནད་སྡུད་འདི་ རྒྱུ་དངོས་ ཌའི་ལོག་ནང་ལུ་ ཐོ་བཀོད་འབད་བ་ཅིན་ ཐིག་མིང་ཨིན་པུཊི་འདི་ ཀོམ་བོ་སྒྲོམ་ཚུ་གི་གདམ་ཐོ་ ལ་ལོ་ཅིག་ལུ་ཡརྐྱངམ་ཅིག་སྲིདཔ་ཨིན། འ་ནི་འདི་གིས་ ཨེསི་ཀིའུ་ཨེལ་གསལ་བཤད་ ཐོ་བཀོད་འབད་བཏུབ་པའི་ས་སྒོ་ཚུ་གི་མ་ཚད་ ཚིག་ཡིག་སྒྲོམ་གྱི་་རྒྱུ་དངོས་ཡང་ན་ ཁ་ཡིག་ས་སྒོ་ཚུ་ལུ་ འབྲེལ་བ་འབདཝ་ཨིན། ཁྱོད་ཀྱི་འ་ནི་ས་སྒོ་འདི་ཚུ་ཁ་ཕྱོ་ཞིནམ་ལས་ ཁ་ཕྱེ་ཡོད་པའི་ཐོ་ཡིག་ནང་ ཚིག་ཡིག་འདི་ཐོ་བཀོད་འབད། འོག་གི་མགྱོགས་ཐབས་ཀྱི་ལྡེ་མིག་འདི་ཚུ་ ནུས་ཅན་ཨིན།

ལྡེ་མག་ཚུ།

ནུས་པ་ཚུ།

+མདའ་རྟགས་ཡར།

ཀོམ་བོ་སྒྲོམ་འདི་ཁ་ཕྱེཝ་ཨིན།

+མདའ་རྟགས་ཡར།

ཀོམ་བོ་སྒྲོམ་འདི་ཁ་བསྡམས།

སོར་ལྡེ་+བཙུགས།

གྲལ་ཐིག་གསརཔ་ཅིག་བཙུགསཔ་ཨིན།

ཡར་གྱི་མདའ་རྟགས།

འོད་རྟགས་འདི་སྔོན་མའི་གྲལ་ཐིག་ནང་ལུ་བཞགཔ་ཨིན།

མར་གྱི་མདའ་རྟགས།

འོད་རྟགས་འདི་གྲལ་ཐིག་གཞན་མི་ནང་ལུ་གཏངམ་ཨིན།

བཙུགས།

ཨིན་པུཊི་འདི་ས་སྒོའི་ནང་ལུ་མཇུག་བསྡུ་བཞིནམ་ལས་ འོད་རྟགས་འདི་ས་སྒོ་གཞན་མི་ནང་ལུ་གཏངམ་ཨིན།


ཐོ་ཡིག་གི་སྒྲོམ་ཡང་ན་ཀོམ་སྦོ་སྒྲོམ་ཚུ་དང་གཅིག་ཁར་ ས་སྒོ་འདི་གི་གཡས་ཁ་ཐུག་གི་མཇུག་ལུ་ཡོད་པའི་ མདའ་རྟགས་འདི་ལུ་ མཱའུསི་ཨེབ་གཏང་འབདཝ་དང་གཅིག་ཁར་ ཁྱོད་ཀྱི་ཐོ་ཡིག་འདི་ཁ་ཕྱེ་ཡང་ན་བསྡམས་བཞག་འབད་བཏུབ། ག་དེ་སྦེ་ཨིན་ན་རུང་ འ་ན་གི་ཨིན་པུཊི་འདི་ ཁ་ཕྱེ་ཡོད་པའི་ཐོ་ཡིག་ཡང་ན་ མགོའི་ཚིག་ཡིག་གི་ས་སྒོ་ནང་ ཐོ་བཀོད་འབད་བཏུབ་ཨིན། དམིགས་བསལ་ཟེར་མི་འདི་ ཐོ་ཡིག་གི་ཁྱད་ཚབ་ཅིག་རེ་བ་བསྐྱེད་མི་གི་རྒྱུ་དངོས་ཅིག་ཨིན་ དཔེ་འབད་བ་ཅིན་ ཚད་འཛིན་ས་སྒ་གི་ཐོ་ཡིག་དང་ དང་ཀོམ་བོ་སྒྲོམ་གྱི་དོན་ལུ་ གཞི་སྒྲིག་འབད་བཏུབ་པའི་ རྒྱུ་དངོས་ཀྱི་ཐོ་ཡིག་ཧྲིལ་བུ་ཚུ་བཟུམ་ཅིག་ཨིན།

ཡོངས་ཁྱབ་

གནད་སྡུད།

གནད་སྡུད་ མཆོང་ལྡེ་གི་ ཤོག་ལེབ་འདི་གིས་ འབྲི་ཤོག་དང་ འབྲེལ་མཐུད་འབད་བའི་ གནད་སྡུད་གཞི་རྟེན་ལུ་ གཞི་བསྟུན་འབད་མི་ འབྲི་ཤོག་གི་རྒྱུ་དངོས་ཚུ་ ངེས་འཛིན་འབདཝ་ཨིན།

བྱུང་ལས་ཚུ།

བྱུང་ལས་ ཨེབ་ལྡེ་ཤོག་ལེབ་ཀྱིས་ ཁྱོད་ལུ་ རྣམ་པའི་ནང་ལུ་འབྱུང་མི་ མེཀ་རོ་འདི་བྱུང་ལས་ལ་ལོ་ཅིག་ འགན་སྤོད་འབད་བཅུགསཔ་ཨིན།