བྱུང་ལས་ཚུ་

བྱུང་ལས་ མཆོང་ལྡེ་ཤོག་ལེབ་གུ་ལུ་ ཁྱོད་ཀྱིས་མེཀ་ཀོརོསི་འདི་ འབྲི་ཤོག་གི་ཚད་འཛིན་ས་སྒོ་ཚུ་ནང་ལུ་འབྱུང་མི་བྱུང་ལས་འདི་ལུ་འབྲེལ་མཐུད་འབད་ཚུགས།

When the event occurs, the linked macro will be called. To assign a macro to an event, press the ... button. The Assign Action dialog opens.

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

སེལ་འཐུ་འབད་ཡོད་པའི་ཆ་ཤས་རྣམ་པ་གི་སྐབས་དོན་དཀར་ཆག་འདི་ཁ་ཕྱེ་ - ཚད་འཛིན་ - བྱུང་ལས་ ཨེབ་ལྡེ་གདམ་ཁ་རྐྱབས།

ཨོ་པན་རྣམ་པ་གིས་ལག་ཆས་ཕྲ་རིང་ ཡང་ན་ རྣམ་པ་བཀོད་སྒྲིག་ལག་ཆས་ཕྲ་རིང་ཚད་འཛིན་འབད་ ཚད་འཛིན་ ངོས་དཔར་ - བྱུང་ལས་ཨེབ་ལྡེ་ཨེབ་གཏང་།


ཚད་འཛིན་ལུ་རག་ལས་ཏེ་ བྱུང་ལས་སོ་སོ་ཚུ་ འཐོབ་ཚུགས་ཡོད། སེལ་འཐུ་འབད་དེ་ཡོད་པའི་ཚད་འཛིན་དང་ སྐབས་དོན་ཚུ་གི་དོན་ལུ་ འཐོབ་ཚུགས་པའི་བྱུང་ལས་ཚུ་རྐྱངམ་ཅིག་ བྱུང་ལས་ཚུ་མཆོང་ལྡེ་ཤོག་ལེབ་གུ་ཐོ་ཡིག་བརྐྱབ་སྟེ་ཡོད།

Approve action

་ཚད་འཛིན་འདི་ ཨེབ་གཏང་འབད་ཐོག་ལས་ བྱ་བ་དེ་འགོག་པ་མ་འབད་བའི་ ཧེ་མ་ལས་ འ་ནི་བྱུང་ལས་འདི་གི་ས་གནས་དེ་ ལེནམ་ཨིན།དཔེར་ན་ "ཕུལ་ནིའི་"ཨེབ་རྟ་ཅིག་ ཨེབ་གཏང་འབད་བ་ཅིན་ གཏང་ཡོད་པའི་བྱ་བ་འདི་ འགོ་བཙུགགསཔ་ཨིན་ ག་དེ་སྦེ་ཨིན་རུང་ འགོ་བཙུགས་ནི་ཨིན་མི་ བྱུང་ལས་འདི་བྱུངམ་ད་རྐྱངམ་ཅིག་ "send"ལས་སྦྱོར་འདི་བྱུངམ་ཨིན། བྱུང་ལས་འདི་འགོ་བྱེད་མ་འབད་བའི་ ཧེ་མར་ ཁྱོད་ལུ་ ལས་སྦྱོར་འདི་གསད་གཏང་བཅུགཔ་ཨིན། འབྲེལ་མཐུད་ཡོད་པའི་ ཐབས་ལམ་འདི་གིས་ རྫུན་མ་འདི་ ལོག་དེ་གཏང་པ་ཅིན་ འགོ་བཙུག་འབད་ནི་ཨིན་མི་འདི་ལག་ལེན་མི་འཐབ།

Execute action

བྱ་བ་ཅིག་འགོ་བཙུགས་པའི་སྐབས་ཀྱི་བྱུང་ལས་དེ་ཚུ་བྱུངམ་ཨིན། དཔེར་ན་ ཁྱོད་ཀྱི་ཁྱོད་རའི་འབྲི་ཤོག་ནང་ "ཕུལ་ནིའི་"ཨེབ་རྟ་ཅིག་ཡོད་པ་ཅིན་ གཏང་ཡོད་པའི་ལས་སྦྱོར་འདི་གིས་ འགོ་བྱེད་འབད་ནི་ཨིན་མི་ བྱ་བ་དེ་གི་ཁྱད་ཚབ་འབདཝ་ཨིན།

བསྒྱུར་བཅོས་འབད་ཡོདཔ།

ཚད་འཛིན་འདི་གིས་ ཆེད་དམིགས་དེ་ བྱང་སྟོར་ཤོརཝ་དང་ ཆེད་དམིགས་འདི་བྱང་སྟོད་ཤོར་ཞིནམ་ལས་ཚུར་ ཚད་འཛིན་གྱི་ནང་དོན་འདི་གིས ་སོར་ཡོདཔ་ལས་ བསྒྱུར་བཅོས་འབད་ཡོད་པའི་བྱུང་ལས་འདི་བྱུངམ་ཨིན།

ཚིག་ཡིག་ལེགས་བཅོས་འབད་ཡོདཔ།

ཚིག་ཡིག་ལེགས་བཅོས་འབད་ཡོད་མི་ བྱུང་ལས་འདི་ ཁྱོད་ཀྱིས་ཨིན་པུཊི་ས་སྒོ་ནང་ལུ་ཚིག་ཡིག་ཅིག་ཐོ་བཀོད་ཡང་ན་ལེགས་བཅོས་འབདཝ་ཨིན་པ་ཅིན་ ལཱ་འབདཝ་ཨིན།

རྣམ་གྲངས་ཀྱི་གནས་ཚད་བསྒྱུར་བཅོས་འབད་ཡོདཔ།

The Item status changed event takes place if the status of the control field has changed.

ཆེད་དམིགས་ཐོབ་པའི་སྐབས།

ཆེད་དམིགས་ཐོབ་པའི་སྐབས་ ཚད་འཛིན་ས་སྒོ་གིས་ཆེད་དམིགས་ལེནམ་ཨིན་པ་ཅིན་ བྱུང་ལས་ལཱ་འབདཝ་ཨིན།

ཆེད་དམིགས་བྱང་སྟོར་ཤོར་བའི་སྐབས་

ཆེད་དམིགས་བྱང་སྟོར་ཤོར་བའི་སྐབས་ ཚད་འཛིན་ས་སྒོ་འདི་གི་ཆེད་དམིགས་བརླག་སྟོར་ཞུགསཔ་ཨིན་པ་ཅིན་ བྱུང་ལས་ལཱ་འབདཝ་ཨིན།

ལྡེ་མིག་ཨེབ་གཏང་ཡོདཔ།

ཚད་འཛིན་དེ་ལུ་ ཆེད་དམིགས་དེ་ཡོད་པའི་སྐབས་ ལག་ལེན་པ་འདི་གིས་ ལྡེ་མིག་གང་རུང་ཅིག་ཨེབ་ད་ ཨེབ་ཡོད་པའི་བྱུང་ལས་དེ་ བྱུངམ་ཨིན། འ་ནཱི་བྱུང་ལས་འདི་ ཧྲིལ་བུ་ཚུ་ཞིབ་དཔྱད་འབད་ནིའི་དོན་ལུ་ མེཀ་རོ་ཅིག་ལུ་འབྲེལ་བ་ཡོདཔ་འོང་།

ལྡེ་མིག་གསར་བཏོན་འབད་ཡོདཔ།

ཚད་འཛིན་དེ་ལུ་ ཆེད་དམིགས་དེ་ ཡོད་པའི་སྐབས་ ལག་ལེན་པ་འདི་གིས་ ལྡེ་མིག་གང་རུང་ཅིག་ འཛན་གྲོལ་འབདཝ་ད་ ལྡེ་མིག་འཛིན་གྲོལ་དེ་ བྱུངམ་ཨིན།

མའུསི་ནང་ན་

མའུསི་འདི་ ཚད་འཛིན་སྒོའི་ནི་ན་ཡོད་པ་ཅིན་ བྱུང་ལས་ནང་གི་མའུསི་དེ་གིས་ ས་སྒོ་དེ་ལེནམ་ཨིན།

ལྡེ་མིག་ཨེབ་ཡོད་པའི་སྐབས་མའུསི་སྤོ་བཤུད་འབད་ཡོདཔ།

ཨེབཡོད་པའི་བྱུང་ལས་འདི་བྱུངམ་ད་མའུསི་འདི་སྤོ་བཤུད་འབདཝ་ཨིན མའུསི་འདི་འདྲུད་བཞག་འབདཝ་ད་ ལྡེ་མིག་འདི་ཨེབ་གཏང་འབདཝ་ཨིན། དཔེ་འདི་ འདྲུད་བཞག་དང་བཀོག་བཞག་ནང་ ཁ་སྐཽངས་གི་ལྡེ་མིག་འདི་གིས་ ཐབས་ལམ་འདི་གཏན་འབེབས་བཟོཝ་ཨིན།(སྤོ་ ཡང་ན་ འདྲ་བཤུད་རྐྱབ།)

མའུསི་སྤོ་བཤུད་འབད་ཡོདཔ།

མའུསི་འདི་ ཚད་འཛིན་གི་ལྟག་ལས་ཕར་ སྤོ་བཤུད་འབད་བ་ཅིན་ སྤོ་བཤུད་འབད་ཡོད་པའི་ མའུསི་གི་བྱུང་ལས་འདི་བྱུངམ་ཨིན།

མའུསི་ཨེབ་རྟ་ཨེབ་ཡོདཔ།

མའུསི་གི་དཔག་བྱེད་འདི་ ཚད་འཛིན་གུར་ ཡོད་པའི་སྐབས་ མའུསི་གི་ཨེབ་རྟ་འདི་ ཨེབ་གཏང་པ་ཅིན་ ཨེབ་ཡོད་པའི་ མའུསི་ཨེབ་རྟ་བྱུང་ལས་འདི་ བྱུངམ་ཨིན།

དྲན་འཛིན་ངོས་དཔར།

Note that this event is also used for notifying requests for a popup context menu on the control.


མའུསི་ཨེབ་རྟ་གསར་བཏོན་འབད་ཡོདཔ།

མའུསི་གི་དཔག་བྱེད་འདི་ ཚད་འཛིན་ལུ་ཡོད་པའི་སྐབས་ མའུསི་གི་ཨེབ་རྟ་འདི་ འཛིན་གྲོལ་འབད་ཡོད་པ་ཅིན་ མའུསི་ཨེབ་རྟ་འཛིན་གྲོལ་འབད་ཡོད་པའི་ བྱུང་ལས་འདི་བྱུངམ་ཨིན།

མའུསི་ཕྱི་ཁར་

མའུསི་འདི་ ཚད་འཛིན་ས་སྒོ་གི་ཕྱི་ཁར་ཡོད་པ་ཅིན་ བྱུང་ལས་ཀྱི་ཕྱི་ཁར་ཡོད་པའི་ བྱུང་ལས་འདི་བྱུངམ་ཨིན།

དུས་མཐུན་གྱི་ཧེ་མ།

ལག་ལེན་པ་གིས་བསྒྱུར་བཅོས་འབད་ཡོད་མི་ཚད་འཛིན་ནང་དོན་འདི་གནད་སྡུད་འབྱུང་ཁུངས་ནང་ལུ་མ་འབྲི་བའི་ཧེ་མ་ཧེ་མའི་དུས་མཐུན་བྱུང་ལས་འདི་འབྱུངམ་ཨིན། འབྲེལ་མཐུད་འབད་ཡོད་པའི་མེཀ་རོ་འདི་གིས་ དཔེར་ན་ ཨ་ནི་བྱ་བ་འདི་ "FALSE" སླར་ལོག་འབད་ཐོག་ལས་སྔོན་བཀག་འབད་ཚུགས།

དུས་མཐུན་གྱི་ཤུལ་མ།

ཤུལ་ལས་དུས་མཐུན་བཟོ་ནིའི་ བྱུང་ལས་དེ་ ལག་ལེན་པ་འདི་གིས་ཤུལ་ལས་ བསྒྱུར་བཅོས་འབད་མི་ ཚད་འཛིན་གྱི་ནང་དོན་དེ་ གནད་སྡུད་ཀྱི་བྱུང་ཁུངས་ནང་ འབྲི་ཚརཝ་ད་ བྱུངམ་ཨིན།

སླར་སྒྲིག་ལུ་གོང་།

སླར་སྒྲིག་མ་འབད་བའི་གོང་ལུ་འབྲི་ཤོག་དེ་ སླར་སྒྲིག་མ་འབད་བའི་ཧེ་མ་ བྱུང་ལས་དེ་བྱུགམ་ཨིན།འབྲེལ་ལམ་ཡོད་པའི་ མེཀ་རོ་འདི་གིས་ དཔེར་ན་ སླར་ལོག་འབད་ཐོག་ལས་ འ་ནཱི་བྱ་བ་དེ་ སྔོན་བཀག་འབད་ཚུགས།"FALSE"

འོག་གི་གནས་སྟང་གང་རུང་ཅིག་ཚང་པ་ཅིན་ རྣམ་པ་འདི་སླར་སྒྲིག་འབདཝ་ཨིན:

  1. ལག་ལེན་པ་འདི་གིས་ སླར་སྒྲིག་གི་ཨེབ་རྟ་སྦེ་ ངེས་འཛིན་འབད་ཡོད་པའི་ (ཨེཆ་ཊི་ཨེམ་ཨེལ)ཨེབ་རྟ་དེ་ མར་མནན་འབདཝ་ཨིན།

  2. གནད་སྡུད་འབྱུང་ཁུངས་ལུ་ འབྲེལ་མཐུད་འབད་ཡོད་པའི་ འབྲི་ཤོག་ཅིག་ནང་ དྲན་ཐོ་སྟོངམ་ གསརཔ་ཅིག་གསར་བསྐྲུན་འབདཝ་ཨིན། དཔེར་ན་ མཇུག་གི་དྲན་ཐོ་ནང་ གཞན་དྲན་ཐོ་གི་ཨེབ་རྟ་དེ་ མར་མནན་འབད་འོང།

སླར་སྒྲིག་འབད་ཚར་བའི་ཤུལ་ལས།

The སླར་སྒྲིག་འབད་ཚར་བའི་ཤུལ་ལས་ རྣམ་པ་འདི་སླར་སྒྲིག་འབད་ཚར་བཞིནམ་ལས་ བྱུང་ལས་འདི་འབྱུངམ་ཨིན།