གནད་སྡུད།

གནད་སྡུད་མཆོང་ལྡེ་གི་ཤོག་ལེབ་དེ་གིས་ ཁྱོད་ལུ་ སེལ་འཐུ་གྲུབ་ཡོད་པའི་ཚད་འཛིན་ནང་ལུ་ གནད་སྡུད་ཀྱི་འབྱུང་ཁུངས་ཅིག་ འགན་སྤྲོད་འབད་བཅུགཔ་ཨིན།

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

སེལ་འཐུ་འབད་ཡོད་པའི་ཆ་ཤས་རྣམ་པ་གི་སྐབས་དོན་དཀར་ཆག་འདི་ཁ་ཕྱེ་ - ཚད་འཛིན་ - གནད་སྡུད་ཨེབ་ལྡེ་གདམ་ཁ་རྐྱབས།

ཨོ་པན་རྣམ་པ་དེ་གིས་ལག་ཆས་ཕྲ་རིང་ ཡང་ན་ རྣམ་པ་བཀོད་སྒྲིག་ལག་ཆས་ཕྲ་རིང་ཚད་འཛིན་འབདཝ་ཨིན་ ཚད་འཛིན་ངོས་དཔར་ - གནད་སྡུད་ཨེབ་ལྡེ་ཨེབ་གཏང་།


དྲན་འཛིན་ངོས་དཔར།

གནད་སྡུད་གཞི་རྟེན་འབྲེལ་ལམ་ཚུ་དང་བཅས་པའི་འབྲི་ཤོག་གི་དོན་ལུ་ འབྲེལ་བའི་གནད་སྡུད་གཞི་རྟེན་འདི་ འབྲི་ཤོག་གི་རྒྱུ་དངོས་ཚུ་ནང་ལུ་ངེས་འཛིན་འབད་དེ་ཡོད། འདི་གི་དོན་ལུ་ཁྱོད་ཀྱིས་ གནད་སྡུད་ མཆོང་ལྡེ་ཤོག་ལེབ་གུ་ ལས་འགན་ཚུ་འཐོབ་ཚུགསཔ་ཨིན།


ཚད་འཛིན་ཅིག་གི་ གནད་སྡུད་ མཆོང་ལྡེ་ཤོག་ལེབ་ཀྱི་སྲིད་པའི་སྒྲིག་སྟངས་ཚུ་ རིམ་བཞིན་ཚད་འཛིན་ལུ་རག་ལས། ད་ལྟོའི་ཚད་འཛིན་དང་སྐབས་དོན་དོན་ལུ་ཡོད་པའི་ གདམ་ཁ་ཚུ་རྐྱངམ་ཅིག་ ཁྱོད་ཀྱིས་མཐོངམ་ཨིན:

གནད་སྡུད་ཀྱི་ས་སྒོ།

གནད་སྡུད་གཞི་རྟེན་གྱི་འབྲི་ཤོག་དང་གཅིག་ཁར་ ཁྱོད་ཀྱི་ཚད་འཛིན་ཚུ་གནད་སྡུད་ཀྱི་ས་སྒོ་ཚུ་དང་གཅིག་ཁར་འབྲེལ་མཐུད་འབད་བཏུབ།

ཁྱོད་ལུ་སྲིད་པ་ཚུ་ ལེ་ཤ་ཅིག་ར་ཡོད:

  1. གནད་དོན་དང་པ:འབྲི་ཤོག་ནང་ ནིག་ཁྲམ་གཅིག་རྐྱངམ་ཅིག་འདུག

    གནད་སྡུད་ ས་སྒོ་གི་ འོག་ལུ་ཁྱོད་ཀྱི་གནད་སྡུད་འབྱུང་ཁུངས་ཐིག་ཁྲམ་ག་གི་ནང་དོན་ བཀྲམ་སྟོན་འབད་དགོ་མནོ་མི་ ས་སྒོ་འདི་གསལ་བཀོད་འབད།

  2. གནད་དོན་གཉིས་པ:ཨེསི་ཀིའུ་ཨེལ་ འདྲི་དཔྱད་ཀྱི་གསར་བསྐྲུན་འབད་ཡོད་པའི་ ཚད་འཛིན་འདི་ཡན་ལག་འབྲི་ཤུག་ལུ་བངམ་ཨིན།

    གནད་སྡུད་ས་སྒོ་གི་འོག་ལུ་ཁྱོད་ཀྱི་ ཨེསི་ཀིའུ་ཨེལ་ གསལ་བཤད་ཀྱི་ནང་དོན་ བཀྲམ་སྟོད་འབད་དགོ་མནོ་མི་ ས་སྒོ་འདི་གསལ་བཀོད་འབད།

  1. གནད་དོན་གསུམ་པ : ཀོམ་བོའི་སྒྲོམ་ཚུ།

    ཀོམ་བོ་སྒྲོམ་གྱི་དོན་ལུ་ གནས་གོང་ཐོ་བཀོད་འབད་དོ་ཡོད་མི་ ཡང་ན་ ལག་ལེན་པ་གིས་སེལ་འཐུ་འབད་ཡོད་པའི་ གནད་སྡུད་འབྱུང་ཁུངས་འདི་ གནད་སྡུད་ས་སྒོ་འོག་ལུ་གསལ་བཀོད་འབད་དེ་ཡོད། ཀོམ་བོ་སྒྲོམ་གྱི་ཐོ་ཡིག་ནང་ལུ་ བཀྲམ་སྟོན་འབད་དེ་ཡོད་པའི་གནས་གོང་འདི་ ནང་དོན་ཐོ་ཡིག་འོག་ལུ་ཐོ་བཀོད་འབད་དེ་ཡོད་པའི་ ཨེསི་ཀིའུ་ཨེལ་གསལ་བཤད་གུ་གཞི་བཞག་འབད་འབདཝ་ཨིན།

  2. གནད་དོན་བཞི་པ: ཐོ་ཡིག་གི་སྒྲོམ་ཚུ།

    གནད་སྡུད་འབྱུང་ཁུངས་ཐིག་ཁྲམ་དེ་གིས་ བཀྲམ་སྟོན་འབད་ནི་ཨིན་པའི་ གནད་སྡུད་འདི་གནས་དེ་མེད་ དེ་འབདཝ་ད་ མཐུན་མོང་གནད་སྡུད་ས་སྒོ་ཅིག་ལས་བརྒྱུད་དེ་ གནད་སྡུད་འབྱུང་ཁུངས་ཐིག་ཁྲམ་ལུ་འབྲེལ་ཏེ་ཡོདཔ་ཨིན།

    གནད་སྡུད་ས་སྒོ་འོག་གི་ ད་ལྟོའི་གནད་སྡུད་འབྱུང་ཁུངས་ཐིག་ཁྲམ་ལུ་འབྲེལ་དེ་ཡོད་པའི་ ཐིག་ཁྲམ་ལས་ ཁྱོད་ཀྱིས་ ཐོ་ཡིག་སྒྲོམ་ཅིག་བཀྲམ་སྟོན་འབད་དགོ་པ་ཅིན་ ཐོ་ཡིག་སྒྲོམ་གྱི་ནང་དོན་གཞི་བསྟུན་འབད་མི་ གནད་སྡུད་འབྱུང་ཁུངས་ཀྱི་ས་སྒོ་འདི་གསལ་བཀོད་འབད། ཡང་ན་ འབྲི་ཤོག་ནང་གི་གནད་སྡུད་བཀྲམ་སྟོན་ཚད་འཛིན་འབད་མི་ གནད་སྡུད་གཞི་རྟེན་ས་སྒོ་འདི་གསལ་བཀོད་འབད་བཏུབ་ཨིན། ཐིག་ཁྲམ་གཉིས་ཆ་རང་ མཐུན་མོང་གི་གནད་སྡུད་ས་སྒོ་ཅིག་ལས་འབྲེལ་བཏུབ་པ་ཅིན་ གནད་སྡུད་ས་སྒོ་དེ་གིས་ ཐིག་ཁྲམ་གཞན་མི་ལུ་ འབྲེལ་ལམ་ཅིག་སྤེལཝ་ཨིན། མཐུན་མོང་མ་ཡིན་པའི་ཨང་གྲངས་ཚུ་ གསོག་འཇོག་འབད་དེ་ཡོད་མི་འདི་ གནད་སྡུད་ས་སྒོ་འདི་ཨིན། ཨེསི་ཀིའུ་ཨེལ་གསལ་བཤད་ཀྱིས་ ནང་དོན་ཐོ་བཀོད་འབད་འོག་ལུ་གསལ་བཀོད་འབད་དེ་ཡོད་པའི་ འབྲི་ཤོག་ནང་བཀྲམ་སྟོན་འབད་དེ་ཡོད་མི་ཚུ།

ཐོ་ཡིག་སྒྲོམ་ཚུ་ གཞི་བསྟུན་ཚུ་དང་བཅས་ལཱ་འབདཝ་ཨིན། དེ་ཚུ་ ཨེསི་ཀིའུ་ཨེལ་གསལ་བཤད་ (གནད་དོན་བཞི་པ་)ཡང་ན་ གནས་གོང་གི་ཐོ་ཡིག་ཚུ་ལས་ འབད་འབྲེལ་ཚུགསཔ་ཨིན:

འབྲེལ་མཐུད་ཡོད་པའི་ཐིག་ཁྲམ་བརྒྱུད་དེ་གཞི་བསྟུན་ཚུ།(ཨེསི་ཀིའུ་ཧེལ་ གསལ་བཤད་ཚུ་)

ཁྱོད་ཀྱིས་ འབྲི་ཤོག་འདི་གཞི་བསྟུན་འབད་ཡོད་པའི་ཐིག་ཁྲམ་ལུ་ མཐུན་མོང་གནད་སྡུད་ས་སྒོ་ཅིག་གིས་འབྲེལ་དེ་ཡོད་པའི་ གནད་སྡུད་གཞི་རྟེན་ཐིག་ཁྲམ་ཅིག་ལས་ གནད་སྡུད་འབྲི་ཤོག་འདི་ ཐོ་ཡིག་སྒྲོམ་ཅིག་གིས་བཀྲམ་སྟོན་འབད་དགོ་པ་ཅིན་ འབྲི་ཤོག་ཐིག་ཁྲམ་གྱི་འབྲི་ཤོག་འབྲེལ་དེ་ཡོད་པའི་ས་སྒོ་འདི་ གནད་སྡུད་ས་སྒོ་འོག་ལུ་ གསལ་བཀོད་འབད་དེ་ཡོད།

འབྲེལ་ལམ་འདི་ ཨེསི་ཀིའུ་ཨེལ་སེལ་འཐུ་འབད་དང་ཅིག་ཁར་ གསར་བསྐྲུན་འབདཝ་ཨིན་ དེ་ཡང་ ཁྱོད་ཀྱིས་ "SQL" ཡང་ན་ "Native SQL"སེལ་འཐུ་འབད་བ་ཅིན་ ནང་དོན་ཐོ་ཡིག་བརྐྱབ་ནང་གི་ ནང་དོན་ཐོ་ཡིག་གི་དབྱེ་བའི་འོག་ལུ་གསལ་བཀོད་འབད་དེ་ཡོད། དཔེ་བཟུམ་ཅིག་འབད་བ་ཅིན་ ཐིག་ཁྲམ་ "Orders"འདི་ ད་ལྟོའི་འབྲི་ཤོག་ཚད་འཛིན་ལུ་འབྲེལ་དེ་ཡོདཔ་དང་ གནད་སྡུད་གཞི་རྟེན་ནང་ལུ་ ཐིག་ཁྲམ་་"Customers"འདི་ "Orders"ལུ་འབྲེལ་དེ་ཡོདཔ་ཨིན། ཁྱོད་ཀིས་ཨེསི་ཀིའུ་ཨེལ་གསལ་བཀོད་འདི་ འོག་ལུ་བཀོད་དེ་ཡོད་དོ་བཟུམ་འབད་ལག་ལེན་འཐབ:

ཚོང་མགྲོན་པའི་མིང་སེལ་འཐུ་འབད་ ཚོང་འགྲོན་པ་ཚུ་ནང་ལས་ ཚོང་མགྲོན་པའི་མིང་།

"CustomerName"འདི་ འབྲེལ་ཡོད་པའི་ཐིག་ཁྲམ་ "Customers" གི་གནད་སྡུད་ས་སྒོ་དང་ "CustomerNo" འདི་ གནད་སྡུད་ས་སྒོ་གི་འོག་ལུ་"Orders"གསལ་བཀོད་འབད་དེ་ཡོད་པའི་ འབྲི་ཤོག་ཐིག་ཁྲམ་གྱི་ ས་སྒོ་ཅིག་ལུ་ འབྲེ་ཡོད་པའི་ཐིག་ཁྲམ་"Customers"གི་ས་སྒོ་འདི་ཨིན།

གནས་གོང་གི་ཐོ་ཡིག་ཚུ་ ལག་ལེན་འཐབ་མི་ གཞི་བསྟུན།

ཐོ་ཡིག་སྒྲོམ་ཚུ་གི་དོན་ལུ་ ཁྱོད་ཀྱི་གནས་གོང་གི་ཐོ་ཡིག་འདི་ཚུ་ ལག་ལེན་འཐབ་བཏུབ། གནས་གོང་ཐོ་ཡིག་ཟེར་མི་འདི་ གཞི་བསྟུན་གནས་གོང་ཚུ་ ངེས་འཛིན་འབད་མི་ ཐོ་ཡིག་ཅིག་ཨིན། འ་ནི་ལམ་ལུགཤ་འདི་ནང་ འབྲི་ཤོག་ནང་གི་ཚད་འཛིན་འདི་གིས་ གནད་སྡུད་གཞི་རྟེན་ས་སྒོའི་ ནང་དོན་ཚུ་ཐད་ཀར་དུ་ བཀྲམ་སྟོན་མི་འབད་ འདི་འབདཝ་ད་ འདི་བ་དེ ་གནས་གོང་གི་ཐོ་ཡིག་ནང་ གནས་གོང་ཚུ་འགན་སྤྲོད་འབད་ཡོདཔ་ཨིན།

ཁྱོད་ཀྱིས་ གནས་ཁོང་ཐོ་ཡིག་ཅིག་གི་ གཞི་བསྟུན་ཐོ་ཡིག་དང་བཅས་ལཱ་འབད་བ་ཅིན་ ཁྱོད་ཀྱིས་ འབྲི་ཤོག་ནང་གི་ གནད་སྡུད་ས་སྒོ་འོག་ལུ་གསལ་བཀོད་འབད་དེ་ཡོད་པའི་ གནད་སྡུད་ས་སྒོ་གི་ནང་དོན་ཚུ་ མཐོང་མི་ཚུགས་པས་ དེ་འབདཝ་ད་ འགན་སྤྲོད་འབད་ཡོད་པའི་གནས་གོང་ལས་ལྷགཔ་འབད། ཁྱོད་ཀྱིས་ ནང་དོན་ཐོ་ཡིག་ཚུ་གི་དབྱེ་བ་འོག་ལུ་ གནད་སྡུད་མཆོང་ལྡེ་གུ་ "Valuelist"འདི་གདམ་ཁ་བརྐྱབ་པ་ནི་དང་ ཐོ་ཡིག་འཛུལ་སྤྱོད་ ( ཡོངས་ཁྱབ་ མཆོང་ལྡེ་ནང་འཛུལ་དེ་ཡོད་མི་)འོག་ལུ་ ཡོད་པའི་འབྲི་ཤོག་ནང་གི་ མཐོང་ཚུགས་པའི་ཐོ་ཡིག་འཛུལ་སྤྱོད་ལུ་ གཞི་བསྟུན་ཅིག་འགན་སྤྲོད་འབད་ཡོད་པ་ཅིན་ གཞི་བསྟུན་གནས་གོང་ཚུ་ བྱིན་དེ་ཡོད་པའི་གནད་སྡུད་ས་སྒོ་གི་གནད་སྡུད་ས་སྒོའི་ནང་དོན་དང་ཅིག་ཁར་ག་བསྡུར་བརྐྱབ་སྟེ་ཡོདཔ་ཨིན། གཞི་བསྟུན་གནད་སྡུད་དེ་ གནད་སྡུད་ནང་དོན་དང་ཅིག་ཁར་ཆ་མཉམ་པ་ཅིན་ འབྲེལ་བ་ཡོད་པའི་ཐོ་ཡིག་ཚུ་ འབྲི་ཤོག་ནང་བཀྲམ་སྟོན་འབད་དེ་ཡོད།

གཞི་བསྟུན་གནས་གོང་(ཨོཕི)

ཤོག་ཁྲམ་ནང་གི་ ཞིབ་དཔྱད་སྒྲོམ་ཚུ་དང་ རེ་ཌིའོ་ཨེབ་རྟ་ཚུ་ ད་ལྟོའི་ཡིག་ཆ་ནང་གི་ནང་ཐིག་ལུ་གནས་དེ་ཡོད། ཚད་འཛིན་འདི་ལྕོགས་ཅན་བཟོ་བ་ཅིན་ ཁྱོད་ཀྱིས་ གཞི་བསྟུན་གནས་གོང་ནང་ཐོ་བཀོད་འབད་མི་གནས་གོང་འདི་ ནང་ཐིག་ལུ་འདྲ་བཤུས་བརྐྱབ་ཨིན། ཚད་འཛིན་འདི་ལྕོགས་མེད་བཟོ་བ་ཅིན་ གཞི་བསྟུན་གནས་གོང་(ཨོཕ་)ལས་གནས་གོང་འདི་ ནང་ཐིག་ལུ་འདྲ་བཤུས་བརྐྱབ་ཨིན།

གཞི་བསྟུན་གྱི་གནས་གོང་(ཨཱོན)

ཁྱོད་ཀྱིས་ གཞི་བསྟུན་གནས་གོང་འདི་ གདམ་ཁའི་ཨེབ་རྟ་ཚུ་ལུ་དང་ ཞིཔ་དཔྱད་སྒྲོམ་ཚུ་ལུ་ འགན་སྤྲོད་འབད་བཏུབ་ཨིན། ཝེབ་ཀྱི་འབྲི་ཤོག་འདི་གཏངམ་ད་ གཞི་བསྟུན་གནས་གོང་འདི་ སར་བར་ལུ་ཡང་ཆག་གཏངམ་ཨིན། གནད་སྡུད་གཞི་རྟེན་འབྲི་ཤོག་དང་བཅས་ འདི་ནང་ཐོ་བཀོད་འབད་ཡོད་པའི་གནས་གོང་འདི་ ཚད་འཛིན་ས་སྒོ་ལུ་འགན་སྤྲོད་འབད་ཡོད་པའི་གནད་སྡུད་གཞི་རྟེན་ནང་ལུ་ འབྲི་འོང་།

ཝེབ་ཀྱི་རྣམ་པ་ཚུ་གི་དོན་ལུ་ གཞི་བསྟུན་གནས་གོང་ཚུ་

ཁྱོད་ཀྱི་ཝེབ་འབྲི་ཤོག་ཅིག་ བཀོད་སྒྲིག་འབད་བ་ཅིན་ གཞི་བསྟུན་གནས་གོང་དེ་ ཕན་ཐོགས་ཅན་ཅིག་ཨིནམ་དང་ ཚད་འཛིན་གྱི་གནད་ཚད་གུར་ཡོད་པའི་ བརྡ་དོན་དེ་ སར་བར་ལུ་བཀྲམ་སྤེལ་འབདཝ་ཨིན། ཚད་འཛིན་དེ་ ་ལག་ལེན་པ་འདི་གིས་ ཨེབ་གཏང་འབད་ཡོད་པ་ཅིན་ ཆ་མཉམ་པའི་གཞི་བསྟུན་གནས་གོང་དེ་ སར་བར་ལུ་གཏངམ་ཨིན།

དཔེར་ན་ ཁྱོད་ལུ་ "མོ་རྟགས་" དང་"ཕོ་རྟགས་"གདམ་ཁ་གི་དོན་ལུ་ ཚད་འཛིན་གྱི་ས་སྒོ་གཉིས་ཡོདཔ་ལས་ ས་སྒོ"མོ་རྟགས་"ལུ་གཞི་བསྟུན་གྱི་ གནས་གོང་ ༡་པ་དང་ "ཕོ་རྟགས་"ས་སྒོ་ལུ་ གནས་གོང་ ༢་པ་དེ་ འགན་སྤྲོད་འབད་ཡོད་པ་ཅིན་ ལག་ལེན་པ་འདི་གིས་ "མོ་རྟགས་"གི་ས་སྒོ་ལུ་ ཨེབ་གཏང་འབད་བ་ཅིན་ གནས་གོང་༡་པ་ དེ་ སར་བར་ལུ་ སྤེལ་བཀྲམ་འབདཝ་ཨིནམ་དང་ "ཕོ་རྟགས་"ས་སྒོ་ལུ་ཨེབ་གཏང་འབད་བ་ཅིན་ གནས་གོང་ ༢་པ་དེ་ སར་བར་ལུ་ གཏངམ་ཨིན།

གནད་སྡུད་གཞི་རྟེན་ཀྱི་འབྲི་ཤོག་ཚུ་གི་དོན་ལུ་ གཞི་བསྟུན་གྱི་གནས་གོང་ཚུ།

གནད་སྡུད་གཞི་རྟེན་འབྲི་ཤོག་གི་དོན་ལུ་ ཁྱོད་ཀྱིས་ གདམ་ཁ་གི་ཡང་ན་ཞིབ་དཔྱད་སྒྲོམ་གྱི་གནས་ཚད་འདི་ གཞི་བསྟུན་གནས་གོང་གིས་ གནད་སྡུད་གཞི་རྟེན་ནང་ལུ་གསོག་འཇོག་འབད་དེ་ ཡིག་འབྲུ་འབད་བཏུབ་ཨིན། ཁྱོད་ལུ་ གཞི་བསྟུན་གནས་གོང་དང་ཅིག་ཁར་ རིམ་པ་བཞིན་དུ་འབད་ དཔེར་ན་ "in progress", "completed", དང་ "resubmission"གདམ་ཁ་གསུམ་ཡོད་པ་ཅིན་ "ToDo", "OK", དང་"RS" གཞི་བསྟུན་གནས་གོང་ཚུ་ གདམ་ཁ་འདི་རིམ་བཞིན་འབད་ཨེབ་གཏང་འབད་བ་ཅིན་ གནད་སྡུད་གཞི་རྟེན་ནང་ལུ་འབྱུངམ་ཨིན།

ཐོ་ཡིག་གི་ནང་དོན།

གནད་སྡུད་གཞི་རྟེན་འབྲི་ཤོག་ཚུ་དང་ཅིག་ཁར་ འབྲི་ཤོག་ཆ་ཤས་ཀྱི་ནང་དོན་ཐོ་ཡིག་དོན་ལུ་ གནད་སྡུད་འབྱུང་ཁུངས་འདི་གསལ་བཀོད་འབདཝ་ཨིན། གནད་སྡུད་གཞི་རྟེན་མཐུད་ལམ་ཅིག་ཡང་མེད་པའི་ ཡིག་ཆའི་དོན་ལུ་ གནས་གོང་ཐོ་ཡིག་ཅིག་ངེས་འཛིན་འབད་ནི་ལུ་ ས་སྒོ་འདི་ལག་ལེན་འཐབ་བཏུབ་ཨིན།

གནད་སྡུད་གཞི་རྟེན་གྱི་འབྲི་ཤོག་ཚུ་གི་གནད་དོན་ནང་འབད་བ་ཅིན་ གནད་སྡུད་འབྱུང་ཁུངས་དེ་གིས་ ཐོ་ཡིག་ཡང་ན་ ཀོམ་བོ་སྒྲོམ་གྱི་འཛུལ་ཞུགས་འདི་ གཏན་འབེབས་བཟོཝ་ཨིན། སེལ་འཐུ་འབད་ཡོད་པའི་དབྱེ་བ་གུ་རག་ལས་ཏེ་ དངོས་པོ་ཚུ་ཁྱོད་རའི་གནད་སྡུད་གཞི་རྟེན་ནང་གནས་དེ་ཡོད་ཟེར་བྱིན་ཡོད་པའི་ ནང་དོན་ཐོ་ཡིག་བཀོད་འོག་ལུ་ གནད་སྡུད་འབྱུང་ཁུངས་སོ་སོ་ཚུ་གི་བར་ན་ ཁྱོད་ལུ་གདམ་ཁ་ཡོདཔ་ཨིན། ནང་དོན་ཐོ་ཡིག་ཚུ་གི་དབྱེ་བ་འོག་ལུ་སེལ་འཐུ་འབད་དེ་ཡོད་པའི་ དབྱེ་བ་གི་གནད་སྡུད་གཞི་རྟེན་འཐོབ་ཚུགསཔ་འདི་ཚུ་ ཆ་མཉམ་ནཱ་ལུ་བྱིན་དེ་ཡོད། ཁྱོད་ཀྱིས་ "Value List" འདི་ དབྱེ་བ་འབད་སེལ་འཐུ་འབད་དེ་ཡོད་པ་ཅིན་ ཁྱོད་ཀྱིས་ གཞི་བསྟུན་ཚུ་གནད་སྡུད་གཞི་རྟེན་འབྲི་ཤོག་དོན་ལུ་ལག་ལེན་འཐབ་བཏུབ་ཨིན། ཚད་འཛིན་གྱི་བཀྲམ་སྟོན་འདི་ ཨེསི་ཀིའུ་ཨེལ་བརྡ་བཀོད་ཀྱིས་ ཚད་འཛིན་འབད་དེ་ཡོད་པ་ཅིན་ ཨེསི་ཀིའུ་ཨེལ་གསལབཤད་འདི་ནཱ་ལུ་ཐོ་བཀོད་འབདཝ་ཨིན།

ཨེསི་ཀིའུ་ཨེལ་གསལ་བཤད་ཚུ་གི་དཔེ།

ཐོ་ཡིག་གི་སྒྲོམ་ཚུ་གི་དོན་ལུ་ ཨེསི་ཀིའུ་ཨེལ་ གསལ་བཤད་འདི་ལུ་ འོག་གི་ འབྲི་ཤོག་འདི་འོང་།

ཐིག་ཁྲམ་ནང་ལས་ ས་སྒ་༡་དང་ ས་སྒ་༢་འདི་ སེལ་འཐུ་འབད།

Here "table" འདི་ གནད་སྡུད་འདི་(ཐིག་ཁྲམ་ཐོ་ཡིག་བརྐྱབ་)ཚད་འཛིན་གྱི་ཐོ་ནང་བཀྲམ་སྟོན་འབད་ཡོད་མི་གི་ཐིག་ཁྲམ་འདི་ཨིན། "field1" འདི་ མཐོང་ཚུགས་པའི་འཛུལ་ཞུགས་འདི་འབྲི་ཤོག་ནང་ངེས་འཛིན་འབད་ཡོད་མི་གི་ གནད་སྡུད་ས་སྒོ་ཨིན་ ; དེ་གི་ནང་དོན་དེ་ཚུ་ ཐོ་ཡིག་སྒྲོམ་ནང་ལུ་བཀྲམ་སྟོན་འབད་དེ་ཡོད། "field2"འདི་ ས་སྒོ་བཆད་མཚམས་ = 1 འདི་སེལ་འཐུ་འབད་དེ་ཡོད་པ་ཅིན་ གནད་སྡུད་ས་སྒོ་འོག་ལུ་ གསལ་བཀོད་འབད་དེ་ཡོད་པའི་ས་སྒོ་ལས་བརྒྱུད་མི་ འབྲི་ཤོག་ཐིག་ཁྲམ་(ཐིག་ཁྲམ་གནས་གོང་) ལུ་ འབྲེལ་དེ་ཡོད་པའི་ ཐིག་ཁྲམ་ཐོ་ཡིག་གི་ས་སྒོ་འདི་ཨིན།

ཀོབ་བོ་སྒྲོམ་ཚུ་གི་དོན་ལུ་ ཨེསི་ཀིའུ་ཨེལ་ གསལ་བཤད་འདི་གིས་ འོག་གི་འབྲི་ཤོག་འདི་ཡང་འབག་འགྱོ་འོང་ག་མི་ཤེས།

ཁྱད་རྟགས་ཅན་གྱི་ས་སྒོའི་ འབྲི་ཤོག་ཐིག་ཁྲམ་འདི་ཧེལ་འཐུ་འབད།

ནཱ་ལུ་ "field" འདི་ ནང་དོན་ཀོམ་བོ་སྒྲོམ་གྱི་ཐོ་ཡིག་ནང་ལུ་བཀྲམ་སྟོན་འབད་དེ་ཡོད་པའི་ "table"ཐོ་ཡིག་ཐིག་ཁྲམ་ལས་ཨིན་པའི་ གནད་སྡུད་ས་སྒོ་འདི་ཨིན།

ཨེཆི་ཊི་ཨེམ་ཨེལ་ ཡིག་ཆ་ཚུ་གི་དོན་ལུ་ གནས་གོང་ཚུ་ཐོ་བཀོད་འབདཝ་ཨིན།

ཨེཆ་ཊི་ཨེམ་ཨེལ་འབྲི་ཤོག་ཚུ་གི་དོན་ལུ་ ཁྱོད་ཀྱིས་ གནས་གོང་ཐོ་ཡིག་འདི་ ནང་དོན་ཐོ་ཡིག་འོག་ལུ་ཐོ་བཀོད་འབད། ཐོ་ཡགི་ནང་དོན་གྱི་དབྱེ་བ་འོག་ལུ་ གདམ་ཁ་ "Valuelist"འདི་སེལ་འཐུ་འབད། ནཱ་ལུ་ཐོ་བཀོད་འབད་ཡོད་པའི་ གནས་གོང་ཚུ་ འབྲི་ཤོག་ནང་ལུ་མཐོང་ཚུགས་མེད་འོང་ནི་དང་ གནས་གོང་ཚུ་ མཐོང་ཚུགས་པའི་འཛུལ་ཞུགས་ལུ་ འགན་སྤྱོད་འབད་ནི་ལུ་ལག་ལེན་འཐབ་ཨིན། ནང་དོན་ཐོ་ཡིག་ ཨེཆ་ཊི་ཨེམ་ཨེལ་ངོ་རྟགས་ལུ་ཆ་མཉམ་<OPTION VALUE=...>འོག་ལུ་བཟོ་དེ་ཡོད་པའི་འཛུལ་ཞུགས་ཚུ།

ཐོ་ཡིག་གི་སྒྲོམ་ ཡང་ན་ ཀོམ་བོ་སྒྲོམ་ཅིག་ནང་ལས་ སེལ་འཐུ་འབད་ཡོད་པའི་ཐོ་བཀོད་འབྲི་ཤོག་གྱི་གནས་སོར་གནད་སྡུད་ཅིག་ནང་ འབྲི་ཤོག་ནང་ བཀྲམ་སྟོན་འབད་ཡོད་པའི་གནས་གོང་ ཐོ་ཡིག་ཡོངས་ཁྱབ་ མཆོང་ལྡེའི་འོག་ལུ་ཐོ་ཡིག་གི་ ཐོ་བཀོད་དང་, གནས་གོང་གི་ཐོ་ཡིག་ གནད་སྡུད མཆོང་ལྡེ་ཐོ་ཡིག་ནང་དོན་གྱི་འོག་ལུ་ཐོ་བཀོད་འབད་ཡོད་མི་ཅིག་ཆ་འཇོག་འབད་བཞགཔ་ཨིན། གནས་གོང་ཐོ་ཡིག་(<OPTION VALUE=...>)ནང་ (སྟོངམ་-མེན་པའི་)ཚིག་ཡིག་དེ་ སེལ་འཐུ་གྲུབ་ཡོད་པའི་ ས་གནས་ཅིག་ནང་ལུ་ཨིན་པ་ཅིན་ དེ་སྤེལ་བཀྲམ་འབད་འོང་། དེ་མེན་པ་ཅིན་ ཚིག་ཡིག་(<OPTION>) ཚད་འཛིན་ནང་བཀྲམ་སྟོན་འབད་ཡོད་མི་འདི་གཏངམོ་ཨིན།

གནས་གོང་ཐོ་ཡིག་འདི་ ཡིག་རྒྱུན་སྟོངམ་ཅིག་གནས་ནི་ཨིན་པ་ཅིན་ ཆ་མཉམ་པའི་གནས་ས་ (note uppercase/lowercase)ལུ་ ཡོད་པའི་ List contentའོག་ལུ་ གནས་གོང་ "$$$empty$$$"འདི་ཐོ་བཀོད་འབད། LibreOffice གིས་ ཨིན་པུཊི་འདི་ཡིག་རྒྱུན་སྟོངམ་འབད་ཁ་བསྒྱུར་འབད་ནི་དང་ དེ་ཚུ་ ཐོ་བཀོད་ཐོ་ཡིག་ལུ་རིམ་བཞིན་གྱིས་འགན་སྤྲོད་འབདཝ་ཨིན།

འོག་གི་ཐིག་ཁྲམ་དེ་གིས་ ཨེཆ་ཊི་ཨེམ་ཨེལ་ ཇ་བ་ཡིག་ཚུགས་ དང་ LibreOffice ས་སྒོ་ ནང་དོན་ཐོ་ཡིག་འདི་ "ListBox1"མིང་བཀོད་དེ་ཡོད་པའི་ དཔེ་འདི་ལག་ལེན་འཐབ་འདི་ མཐུད་ལམ་འདི་སྟོནམ་ཨིན། གནད་དོན་འདི་གི་ནང་ལུ་ "Item"དེ་གིས་ འབྲི་ཤོག་ནང་ལུ་ ཐོ་ཡིག་ཅིག་ ངོས་འཛིན་འབདཝ་ཨིན:

ཨེཆི་ཊི་ཨེམ་ཨེལ་ ངོ་རྟགས་

ཇ་བ་གི་ཡིག་ཚུགས

ཚད་འཛིན་ (ཐོ་ཡིག་གི་ནང་དོན་)གྱི་ཐོ་ཡིག་གི་གནས་གོང་ནང་ ཐོ་བཀོད་འབད།་

སྤེལ་བཀྲམ་འབད་ཡོད་པའི་ གནད་སྡུད།

<OPTION>རྣམ་གྲངས

མི་སྲིད།

""

མཐོང་ཚུགས་པའི་ཐོ་ཡིག་གི་ཐོ་བཀོད་("ListBox1=Item")

<OPTION VALUE="Value">རྣམ་གྲངས་ཚུ།

ListBox1.options[0].value="Value"

"གནས་གོང་"

ཐོ་ཡིག་ཐོ་བཀོད་ལུ་འགན་སྤྲོད་འབད་མི་ ("ListBox1=Value")གནས་གོང་།

<OPTION VALUE="">རྣམ་གྲངས།

ListBox1.options[0].value=""

"$$$empty$$$"

ཡིག་རྒྱུན་སྟོངམ་ ("ListBox1=")


ཐོ་ཡིག་ནང་དོན་གྱི་དབྱེ་བ་ཚུ།

ཐོ་ཡིག་དང་ཀོམ་བོ་སྒྲོམ་ཚུ་ནང་གནད་སྡུད་འདི་ ཐོ་ཡིག་ནང་ལུ་གཏན་འབེབས་བཟོཝ་ཨིན།

"Valuelist"འདི་དང་གཅིག་ཁར་ ཐོ་བཀོད་ཐོ་ཡིག་འདི་ ཡོངས་ཁྱབ་མཆོང་ལྡེའི་ས་སྒོ་ནང་ལུ་ ཐོ་བཀོད་འབད་ཡོད་པའི་ཐོ་ཡིག་ཆ་མཉམ་ར་ ཚད་འཛིན་ནང་འབྱུངམ་ཨིན། གནད་སྡུད་གཞི་རྟེན་གྱི་འབྲི་ཤོག་ལུ་ ཁྱོད་ཀྱིས་གཞི་བསྟུན་བེ་ལུ་(བེ་ལུ་ཐོ་ཡིག་ལག་ལེན་འཐབ་པའི་ཐོག་ལུ་གཞི་བསྟུན་ཚུ་ དབྱེ་ཚན་ལུ་བལྟ་)ཚུ་ལག་ལེན་འཐབ་བཏུབ་ཨིན།

ཚད་འཛིན་གྱི་ནང་དོན་འདི་ གནད་སྡུད་གཞི་རྟེན་ཅིག་ལས་ ལྷག་པ་ཅིན་ གནད་སྡུད་འབྱུང་ཁུངས་ཀྱི་དབྱེ་བ་འདི་ ཁྱོད་ཀྱིས་འབད་ གདམ་ཁ་གཞན་མི་དང་ཅིག་ཁར་ གཏན་འབེབས་བཟོ་བཏུབ་ཨིན། དཔེར་ན་ ཁྱོད་ཀྱིས་ ཐིག་ཁྲམ་དང་ འདྲི་དཔྱད་ཀྱི་བར་ན་གདམ་ཁ་བརྐྱབ།

བཅད་མཚམས་ཀྱི་གནས་གོང་།

དྲན་འཛིན་ངོས་དཔར།

རྒྱུ་དངོས་བརའུ་ཟར་ནང་ ཁྱོད་ཀྱི་ བཅད་མཚམས་ས་སྒོ་ནང་ཐིག་གི་ནང་དོན་འདི་ཚུ་ བཏོན་གཏང་པ་ཅིན་ གྲུབ་འབྲས་ཆ་ཚན་གྱི་ས་སྒོ་དང་པམ་འདི་ བཀྲམ་སྟོན་འབད་ནི་དང་ གནད་སྡུད་བརྗེ་སོར་འབད་ནི་ལུ་ ལག་ལེན་འཐབ་ཡོདཔ་ཨིན།


ཐོ་ཡིག་སྒྲོམ་ཚུ་གི་དོན་ལུ་ འ་ནི་རྒྱུ་དངོས་འདི་གིས་ འབྲི་ཤོག་ནང་ འབྲེལ་མཐུད་ཡོད་པའི་ཐིག་ཁྲམ་ཅིག་གི་གནད་སྡུད་ས་སྒོ་ག་འདི་ བཀྲམ་སྟོན་འབད་ཡོདཔ་ཨིན་ན་ ངེས་འཛིན་འབདཝ་ཨིན།

འབྲི་ཤོག་ནང་གི་ཐོ་ཡིག་སྒྲོམ་འདི་ འབྲི་ཤོག་ཐིག་ཁྲམ་ལུ་ འབྲེལ་དེ་ཡོད་པའི་ཐིག་ཁྲམ་ཅིག་གི་ ནང་དོན་འདི་བཀྲམ་སྟོན་འབད་ནི་ཨིན་པ་ཅིན་ ཐོ་ཡིག་ནང་དོན་ཚུ་གི་དབྱེ་བ་ ས་སྒོ་འདི་ནང་ངེས་འཛིན་འབད་ ཡང་ན་ ག་དེམ་ཅི་འབད་ བཀྲམ་སྟོན་འབད་ནི་འདི་ ཨེསི་ཀིའུ་ཨེལ་བརྡ་བཀོད་ ཡང་ན་ (འབྲེལ་ཡོད་) ཐིག་ཁྲམ་འདི་འཛུལ་སྤྱོད་འབད་དེ་ཡོད་མི་གིས་ གཏན་འབེབས་བཟོ་ཡོད་པ་ཅིན། བཅད་མཚམས་ས་སྒོ་རྒྱུ་དངོས་དང་བཅས་ ས་སྒོའི་ཐོ་ཡིག་འདི་ འདྲི་དཔྱད་ཀྱི་གནད་སྡུད་ས་སྒོ་ ཡང་ན་ ཐིག་ཁྲམ་ག་འདི་ལུ་འབྲེལ་ནུག་ག་བལྟ་ནི་དོན་ལུ་ ཁྱོད་ཀྱིས་ཟུར་ཐོ་འདི་ལག་ལེན་འཐབ།

དྲན་འཛིན་ངོས་དཔར།

ས་སྒོའི་བཅད་མཚམས་ རྒྱུ་དངོས་ས་སྒོའི་བཅད་མཚམས་འདི་ ཐིག་ཁྲམ་གཅིག་ལས་ལྷག་སྟེ་འཛུལ་སྤྱོད་འབད་ནི་ལུ་ལག་ལེན་འཐབ་ཡོད་པའི་ འབྲི་ཤོག་གི་དོན་ལས་ཨིན། འབྲི་ཤོག་འདི་ ཐིག་ཁྲམ་གཅིག་ལུ་རྐྱངམ་ཅིག་གཞི་བསྟུན་འབད་དེ་ཡོད་པ་ཅིན་ འབྲི་ཤོག་ནང་ལུ་བཀྲམསྟོན་འབད་ནི་ཨིན་པའི་ ས་སྒོ་འདི་ གནད་སྡུད་ས་སྒོ་འོག་ལུ་གསལ་བཀོད་འབད་དེཡོད། ག་ལས་གོ་རུང་ ཁྱོད་ཀྱིས་ ཐོ་ཡིག་སྒྲོམ་འདི་ མཐུན་མོང་གནད་སྡུད་ས་སྒོ་ཅིག་གུ་ལས་ ད་ལྟོའི་ཐིག་ཁྲམ་ལུ་འབྲེལ་དེ་ཡོད་པའི་ཐིག་ཁྲམ་ཅིག་ལས་ བཀྲམ་སྟོན་འབད་ནི་ཨིན་པ་ཅིན་ འབྲེལ་ཡོད་པའི་གནད་སྡུད་ས་སྒོ་འདི་ ས་སྒོའི་བཅད་མཚམས་རྒྱུ་དངོས་ཀྱིས་ངེས་འཛིན་འབད་དེ་ཡོད།


ཁྱོད་ཀྱིས་ ཐོ་ཡིག་ནང་དོན་ཚུ་གི་དབྱེ་བ་འོག་ལུ་ "SQL"འདི་ སེལ་འཐུ་འབད་དེ་ཡོད་པ་ཅིན་ ཨེསི་ཀིའུ་ཨེལ་བརྡ་བཀོད་དེ་གིས་ ཟུར་ཐོ་འདི་གསལ་བཀོད་འབད་ནི་ལུ་གཏན་འབེབས་བཟོཝ་ཨིན། དཔེར་ན་: ཐོ་ཡིག་ནང་དོན་ཚུ་འོག་ལུ་ "SELECT Field1, Field2 FROM tablename"བཟུམ་གྱི་ཨེསི་ཀིའུ་ཨེལ་འདི་ ཁྱོད་ཀྱིས་གསལ་བཀོད་འབད་བ་ཅིན་ འོག་ལུ་ཡོད་པའི་ཐིག་ཁྲམ་ལུ་གཞི་བསྟུན་འབད།

བཅད་མཚམས་ཀྱི་གནས་གོང་།

འབྲེལ་ལམ།

-༡

The index of the selected entry in the list is linked to the field specified under Data field.

{empty} or 0

གནད་སྡུད་གཞི་རྟེན་གི་ས་སྒོ་"Field1"འདི་ གནད་སྡུད་ས་སྒོ་གི་འོག་ལུ་ གསལ་བཀོད་འབད་ཡོད་པའི་ས་སྒོ་ལུ་འབྲེལ་མཐུད་འབད་ཡོདཔ་ཨིན།

1

གནད་སྡུད་གཞི་རྟེན་གི་ས་སྒོ "Field2"འདི་ གནད་སྡུད་ས་སྒོ་གི་འོག་ལུ་ གསལ་བཀོད་འབད་ཡོད་པའི་ས་སྒོ་ལུ་འབྲེལ་མཐུད་འབད་ཡོདཔ་ཨིན།


ཁྱོད་ཀྱིས་ "Table" under ཐོ་ཡིག་ནང་དོན་གྱི་དབྱེ་བ་འདི་སེལ་འཐུ་འབད་དེ་ཡོད་པ་ཅིན་ ཐིག་ཁྲམ་གཞི་བཀོད་དེ་གིས་ གསལ་བཀོད་འབད་ནི་ཨིན་པའི་ཟུར་ཐོ་འདི་ ངེས་འཛིན་འབདཝ་ཨིན། དཔེར་ན: གནད་སྡུད་གཞི་རྟེན་ཐིག་ཁྲམ་འདི་ ནང་དོན་འདི་ཐོ་ཡིག་བརྐྱབ་འོག་ལུ་སེལ་འཐུ་འབད་དེ་ཡོད་པ་ཅིན་ འོག་གི་ཐིག་ཁྲམ་ཚུ་ལུ་གཞི་བསྟུན་འབད:

བཅད་མཚམས་ཀྱི་གནས་གོང་།

འབྲེལ་ལམ།

-༡

The index of the selected entry in the list is linked to the field specified under Data field.

{empty} or 0

ཐིག་ཁྲམ་གྱི་ཀེར་ཐིག་དང་པ་འདི་ གནད་སྡུད་ས་སྒོ་འོག་གི་ གསལ་བཀོད་འབད་ཡོད་པའི་ས་སྒོ་ལུ་ འབྲེལ་དེ་ཡོདཔ་ཨིན།

1

ཐིག་ཁྲམ་གྱི་ཀེར་ཐིག་གཉིས་པ་འདི་ གནད་སྡུད་ས་སྒོ་འོག་ལུ་གསལ་བཀོད་འབད་ཡོད་པའི་ས་སྒོ་ལུ་འབྲེལ་ཡོད།

2

ཐིག་ཁྲམ་གི་ཀེར་ཐིག་ ༣་མ་འདི་ གནད་སྡུད་ས་སྒོའི་འོག་ལུ་གསལ་བཀོད་འབད་ཡོད་པའི་ ས་སྒོ་ལུ་འབྲེལ་མཐུད་འབད་ཡོདཔ་ཨིན།


ཚགས་མའི་གྲོས་འཆར།

ཁྱོད་རའི་འབྲི་ཤོག་ཅིག་ བཀོད་སྒྲིག་འབདཝ་ད་ ཁྱོད་ཀྱི་ཆ་མཉམ་ རྒྱུ་དངོས་ཚུ་གི་གནད་སྡུད་ཨེབ་ལྡེ་གི་ཌའི་ལོག་ནང་ ཚིག་ཡིག་གི་སྒྲོམ་རེ་རེ་བཞིན་གྱི་དོན་ལུ་ "ཚགས་གྲོས་འཆར་"རྒྱུ་དངོས་དེ་གཞི་སྒྲིག་འབད་བཏུབ། ཚགས་མ་ཐབས་ལམ་གྱི་འཚོལ་ཞིབ་ཀྱི་ཤུལ་ལུ་ ཁྱོད་ཀྱི་ འ་ནཱི་ས་སྒོ་ནང་ཡོད་པའི་ བརྡ་དོན་ཆ་མཉམ་ནང་ལས་ སེལ་འཐུ་འབད་བཏུབ། རང་བཞིན་མཇུག་བསྡུའི་ ལས་འགན་དེ་ ལག་ལེན་འཐབ་ཐོག་ལས་ ས་སྒོའི་ནང་དོན་ཚུ་སེལ་འཐུ་འབད་བཏུབ། འ་ནཱི་ལས་འགན་འདི་ལུ་ དྲན་ཚད་ཀྱི་ས་སྒོ་དང་ དུས་ཚོད་ དེ་ལས་དམིགས་བསལ་གྱི་ གནད་སྡུད་གཞི་རྟེན་ཆེ་བ་ཚུ་ནང་ ག་དེ་སྦེ་དགོཔ་ཨིན་ན་དང་ ་དེ་མ་ཚད་ཉུང་སུ་སྦེ་ལག་ལེན་འཐབ་དགོཔ་ཨིན་ན་ཚུ་སེམས་ཁར་བཞག

འབྱུང་ཁུངས་ནང་ཐིག་གི་ཁྱབ་ཚད།

ཤོག་ཁྲམ་གུའི་ཀོམ་བོ་སྒྲོམ་ཡང་ན་ཐོ་ཡིག་སྒྲོམ་ཅིག་གི་དོན་ལུ་ཐོ་བཀོད་ཚུ་ཡོད་མི་ནང་ཐིག་ཁྱབ་ཚད་ཅིག་ཐོ་བཀོད་འབད། ཁྱོད་ཀྱིས་སྣ་མང་ཀེར་ཐིག་གི་ཁྱབ་ཚད་འདི་ཐོ་བཀོད་འབདཝ་ཨིན་པ་ཅིན་ ཚད་འཛིན་འདི་བཀང་ནིའི་དོན་ལས་ གཡོན་གྱི་ཀེར་ཐིག་འདི་གི་ནང་དོན་ཚུ་རྐྱངམ་ཅིག་ལག་ལེན་འཐབ་ཨིན།

འབྲེལ་མཐུད་ཡོད་པའི་ནང་ཐིག

ཤོག་ཁྲམ་གུར་ འབྲེལ་མཐུད་ཡོད་པའི་ ནང་ཐིག་ལུ་ གཞི་བསྟུན་དེ་ གསལ་བཀོད་འབདཝ་ཨིན།དངོས་མཐོང་གནས་ལུགས་ ཡང་ན་ ཚད་འཛིན་གྱི་ནང་དོན་འདི་ཚུ་ ནང་ཐིག་གི་ནང་དོན་ལུ་འབྲེལ་མཐུད་འབད་ཡོད། འོག་གི་ཐིག་ཁྲམ་འདི་ཚུ་གིས་ ཚད་འཛིན་དང་འདི་གི་ཆ་མཉམ་པའི་ འབྲེལ་མཐུད་ཀྱི་དབྱེ་བ་ཚུ་ ཐོ་བཀོད་འབདཝ་ཨིན:

འབྲེལ་མཐུད་ཡོད་བའི་ནང་ཐིག་དང་གཅིག་ཁར་སྒྲོམ་འདི་ཞིབ་དཔྱད་འབད།

བྱ་བ།

གྲུབ་འབྲས།

དཔྱད་སྒྲོམ་འདི་སེལ་འཐུ་འབད།

བདེན་པ་འདི་ འབྲེལ་མཐུད་ཡོད་པའི་ ནང་ཐིག་ནང་ཐོ་བཀོད་འབད་ཡོདཔ་ཨིན།

དཔྱད་སྒྲོམ་འདི་སེལ་འཐུ་མ་འབད།

འབྲེལ་མཐུད་ཡོད་པའི་ནང་ཐིག་ནང་ རྫུན་མ་ཅིག་ཐོ་བཀོད་འབད་དེ་འདུག

ཊི་ཨར་ཨའི-གནས་ལུགས་ཀྱི་སྒྲོམ་འདི་ "undetermined"གནས་ལུགས་ལུ་ གཞི་སྒྲིག་འབད་ཡོད།

#NV་འདི་ འབྲེལ་མཐུད་ཡོད་པའི་ནང་ཐིག་ནང་ ཐོ་བཀོད་འབད་ཡོདཔ་ཨིན།

འབྲེལ་མཐོད་ཡོད་པའི་ནང་ཐིག་ནང་ ཨང་ཅིག་སླར་ལོག་འབད་མི་ ཨང་ ཡང་ན་ མན་ངག་ཅིག་ཐོ་བཀོད་འབད།

ཐོ་བཀོད་འབད་ཡོད་པའི་ གནས་གོང་འདི་ བདེན་པ་ ཡང་ན་ ༠་ མེན་པ་ཅིན་: དཔྱད་སྒྲོམ་དེ་སེལ་འཐུ་འབདཝ་ཨིན།
ཐོ་བཀོད་འབད་ཡོད་པའི་ གནས་གོང་འདི་ རྫུན་མ་ ཡང་ན་ ༠་ཨིན་པ་ཅིན་: དཔྱད་སྒྲོམ་འདི་ སེལ་འཐུ་མ་འབད་བར་བཞགཔ་ཨིན།

འབྲེལ་མཐུད་ཡོད་པའི་ ནང་ཐིག་འདི་སེལ་ ཡང་ན་ ཚིག་ཡིག་འདི་ཐོ་བཀོད་འབད་ ཡང་ན་ ཚིག་ཡིག་ ཡང་ན་ འཛོལ་བ་ཚུ་བསླར་ལོག་འབད་མི་ མན་ངག་ཅིག་ ཐོ་བཀོད་འབད།

tri-state ཅིག་ཨིན་པ་ཅིན་ ཞིབ་དཔྱད་སྒྲོམ་འདི་ "undetermined"གཞི་སྒྲིག་འབད་ནི་དང་ དེ་མེན་པ་ཅིན་ སྒྲོམ་འདི་སེལ་འཐུ་འབད་ནི་མེད།

སྒྲོམ་འདི་སེལ་འཐུ་འབད། གཞི་བསྟུན་གནས་གོང་གི་སྒྲོམ་འདི་གི་ནང་ན་ ཚིག་ཡིག་ཆིག་ཡོདཔ་ཨིན།

གཞི་བསྟུན་གནས་གོང་སྒྲོམ་ནང་གི་ ཚིག་ཡིག་འདི་ ནང་ཐིག་ནང་ལུ་ འདྲ་བཤུས་རྐྱབ་བཞགཔ་ཨིན།

སྒྲོམ་འདི་ སེས་འཐུ་མ་འབད་བར་བཞག གཞི་རྟེན་གནས་གོང་གི་སྒྲོམ་འདི་གི་ནང་ན་ ཚིག་ཡིག་འདི་ཡོདཔ་ཨིན།

ཡིག་རྒྱུན་སྟོངམ་ཅིག་ ནང་ཐིག་གི་ནང་ན་ལུ་ འདྲ་བཤུས་རྐྱབ་ཡོདཔ་ཨིན།

གཞི་བསྟུན་གནས་གོང་གི་སྒྲོམ་འདི་གི་ནང་ན་ ཚིག་ཡིག་འདི་ཡོདཔ་ཨིན། ཚིག་ཡིག་ཅོག་འཐདཔ་འདི་ཚུ་ ནང་ཐིག་གི་ནང་ན་ ཐོ་བཀོད་འབད།

དཔྱད་སྒྲོམ་འདི་སེལ་འཐུ་འབད་ཡོདཔ་ཨིན།

གཞི་རྟེན་གནས་གོང་གི་སྒྲོམ་འདི་གི་ནང་ན་ ཚིག་ཡིག་འདི་ཡོདཔ་ཨིན། ཚིག་ཡིག་གཞན་མི་ཅིག་ ནང་ཐིག་གི་ནང་བཙུགས།

དཔྱད་སྒྲོམ་འདི་སེལ་འཐུ་མ་འབད་བར་ཡོདཔ་ཨིན


འབྲེལ་མཐུད་ཡོད་པའི་ ནང་ཐིག་དང་གཅིག་ཁར་ གདམ་ཁའི་ཨེབ་རྟ། (རེ་ཌིའོ་ ཨེབ་རྟ)

བྱ་བ།

གྲུབ་འབྲས།

གདམ་ཁ་གི་ཨེབ་རྟ་འདི་སེལ་འཐུ་འབད།

བདེན་པ་འདི་ འབྲེལ་མཐུད་ཡོད་པའི་ ནང་ཐིག་ནང་ཐོ་བཀོད་འབད་ཡོདཔ་ཨིན།

གདམ་ཁ་ཨེབ་རྟ་གཞན་ཅིག་ སེལ་འཐུ་འབད་ཐོག་ལས་ གདམ་ཁའི་ཨེབ་རྟ་འདི་ སེལ་འཐུ་མ་འབད་བར་བཞག་ཡོདཔ་ཨིན།

འབྲེལ་མཐུད་ཡོད་པའི་ནང་ཐིག་ནང་ རྫུན་མ་ཅིག་ཐོ་བཀོད་འབད་དེ་འདུག

འབྲེལ་མཐོད་ཡོད་པའི་ནང་ཐིག་ནང་ ཨང་ཅིག་སླར་ལོག་འབད་མི་ ཨང་ ཡང་ན་ མན་ངག་ཅིག་ཐོ་བཀོད་འབད།

ཐོ་བཀོད་འབད་ཡོད་པའི་ གནས་གོང་དེ་བདེན་པ་ ཡང་ན་ ༠་མེན་པ་ཅིན་: གདམ་ཁའི་ཨེབ་རྟ་དེ་སེལ་འཐུ་འབདཝ་ཨིན།
ཐོ་བཀོད་འབད་ཡོད་པའི་ གནས་གོང་འདི་ རྫུན་མ་ ཡང་ན་ ༠་ཨིན་པ་ཅིན་:གདམ་ཁའི་ཨེབ་རྟ་འདི་ སེལ་འཐུ་མ་འབད་བར་བཞགཔ་ཨིན།

འབྲེལ་མཐུད་ཡོད་པའི་ ནང་ཐིག་འདི་སེལ་ ཡང་ན་ ཚིག་ཡིག་འདི་ཐོ་བཀོད་འབད་ ཡང་ན་ ཚིག་ཡིག་ ཡང་ན་ འཛོལ་བ་ཚུ་བསླར་ལོག་འབད་མི་ མན་ངག་ཅིག་ ཐོ་བཀོད་འབད།

གདམ་ཁ་གི་ཨེབ་རྟ་འདི་སེལ་འཐུ་མ་འབད་ཡོདཔ་ཨིན།

གདམ་ཁའི་ཨེབ་རྟ་འདི་ ཨེབ་གཏང་འབད། གཞི་བསྟུན་གནས་གོང་གི་སྒྲོམ་འདི་གི་ནང་ན་ ཚིག་ཡིག་དེ་ ཡོདཔ་ཨིན།

གཞི་བསྟུན་གནས་གོང་སྒྲོམ་ནང་གི་ ཚིག་ཡིག་འདི་ ནང་ཐིག་ནང་ལུ་ འདྲ་བཤུས་རྐྱབ་བཞགཔ་ཨིན།

སྡེ་ཚན་གཅིག་པའི་ གདམ་ཁའི་ཨེབ་རྟ་གཞན་ཅིག་ ཨེབ་གཏང་འབད། གཞི་བསྟུན་གནས་གོང་གི་སྒྲོམ་དེ་་གི་ནང་ན་ ཚིག་ཡིག་འདི་ཡོདཔ་ཨིན།

ཡིག་རྒྱུན་སྟོངམ་ཅིག་ ནང་ཐིག་གི་ནང་ན་ལུ་ འདྲ་བཤུས་རྐྱབ་ཡོདཔ་ཨིན།

གཞི་བསྟུན་གནས་གོང་གི་སྒྲོམ་འདི་གི་ནང་ན་ ཚིག་ཡིག་འདི་ཡོདཔ་ཨིན། ཚིག་ཡིག་ཅོག་འཐདཔ་འདི་ཚུ་ ནང་ཐིག་གི་ནང་ན་ ཐོ་བཀོད་འབད།

གདམ་ཁའི་ ཨེབ་རྟ་འདི་སེལ་འཐུ་འབད་དེ་ཡོད།

གཞི་རྟེན་གནས་གོང་གི་སྒྲོམ་འདི་གི་ནང་ན་ ཚིག་ཡིག་འདི་ཡོདཔ་ཨིན། ཚིག་ཡིག་གཞན་མི་ཅིག་ ནང་ཐིག་གི་ནང་བཙུགས།

གདམ་ཁའི་ཨེབ་རྟ་དེ་ བསལ་གཏང་ཡོདཔ་ཨིན།


འབྲེལ་མཐུད་ཡོད་པའི་ཐག་ཐིག་དང་བཅས་ ཚིག་ཡིག་གི་སྒྲོམ།

བྱ་བ།

གྲུབ་འབྲས།

ཚིག་ཡིག་གི་སྒྲོམ་འདི་ནང་ ཚིག་ཡིག་ཐོ་བཀོད་འབད།

ཚིག་ཡིག་དེ་ འབྲེལ་མཐུད་ཡོད་པའི་ནང་ཐིག་ནང་ འདྲ་བཤུས་རྐྱབ་ཡོདཔ་ཨིན།

ཚིག་ཡིག་གི་སྒྲོམ་འདི་བསལ་གཏང་།

འབྲེལ་མཐུད་ཡུད་པའི་ནང་ཐིག་དེ་ བསལ་གཏང་ཡོདཔ་ཨིན།

འབྲེལ་མཐུད་ཡོད་པའི་ནང་ཐིག་ནང་་ཚིག་ཡིག་ཡང་ན་ཨང་ཅིག་ཐོ་བཀོད་འབད།

ཚིག་ཡིག་གི་སྒྲོམ་འདི་ནང་ ཚིག་ཡིག་ཡང་ན་ཨང་འདི་འདྲ་བཤུས་རྐྱབ་ཡོདཔ་ཨིན།

འབྲེལ་མཐུད་ཡོད་པའི་ ནང་ཐིག་ནང་ མན་ངག་ཅིག་ཐོ་བཀོད་འབད།

མན་ངག་གི་གྲུབ་འབྲས་འདི་ ཚིག་ཡིག་གི་སྒྲོམ་ནང་འདྲ་བཤུས་རྐྱབ་ཡོདཔ་ཨིན།

འབྲེལ་མཐུད་ཡོད་པའི་ནང་ཐིག་འདི་བསལ་གཏང་།

ཚིག་ཡིག་གི་སྒྲོམ་འདི་བསལ་བཏང་ཡོད།


འབྲེལ་མཐུད་ཡོད་པའི་ནང་ཐིག་དང་བཅས་ ཨང་གྲངས་ཀྱི་ས་སྒོ་དང་ རྩ་སྒྲིག་འབད་ཡོད་པའི་ས་སྒོ་།

བྱ་བ།

གྲུབ་འབྲས།

ས་སྒོ་འདི་ནང་ལུ་ ཨང་ཅིག་ཐོ་བཀོད་འབད།

ཨང་འདི་འབྲེལ་མཐུད་ཡོད་པའི་ནང་ཐིག་ནང་ འདྲ་བཤུལ་རྐྱབ་ཡོདཔ་ཨིན།

ས་སྒོ་འདི་སེལ་གཏང་།

གནས་གོང་ ༠་འདི་འབྲེལ་མཐུད་ཡོད་པའི་ནང་ཐིག་ནང་གཞི་སྒྲིག་འབད་ཡོད།

འབྲེལ་མཐོད་ཡོད་པའི་ནང་ཐིག་ནང་ ཨང་ཅིག་སླར་ལོག་འབད་མི་ ཨང་ ཡང་ན་ མན་ངག་ཅིག་ཐོ་བཀོད་འབད།

ཨང་འདི་ས་སྒོ་ནང་འདྲ་བཤུས་རྐྱབ་ཡོདཔ་ཨིན།

འབྲེལ་མཐུད་ཡོད་པའི་ ནང་ཐིག་འདི་སེལ་ ཡང་ན་ ཚིག་ཡིག་འདི་ཐོ་བཀོད་འབད་ ཡང་ན་ ཚིག་ཡིག་ ཡང་ན་ འཛོལ་བ་ཚུ་བསླར་ལོག་འབད་མི་ མན་ངག་ཅིག་ ཐོ་བཀོད་འབད།

གནས་གོང་ ༠་འདི་ ས་སྒོ་ནང་ལུ་གཞི་སྒྲིག་འབད་ཡོད།


འབྲེལ་མཐུད་ཡོད་པའི་ནང་ཐིག་དང་གཅིག་ཁར་ ཐོ་ཡིག་གི་སྒྲོམ།

ཐོ་ཡིག་གི་སྒྲོམ་འདི་ཚུ་གིས་ སོ་སོ་སྦེ་འབྲེལ་མཐུད་འབད་མི་ ཐབས་ལམ་ཚུ་ལུ་ རྒྱབ་སྐྱོར་འབདཝ་ཨིན་ "འབྲེལ་མཐུད་འབད་ཡོད་པའི་ ནང་དོན"གི་རྒྱུ་དངོས་ཚུ་ལུ་བལྟ།

  1. འབྲེལ་དེ་ཡོད་པའི་ནང་དོན་ཚུ: ནང་ཐིག་ནང་དོན་དང་ཅིག་ཁར་ སེལ་འཐུ་འབད་ཡོད་པའི་ཐོ་ཡིག་སྒྲོམ་གྱི་ ནང་དོན་ཚིག་ཡིག་འདི་ཚུ་མཉམ་འབྱུང་འབད།

  2. འབྲེལ་དེ་ཡོད་པའི་གནས་ས: ཐོ་ཡིག་སྒྲོམ་ནང་སེལ་འཐུ་འབད་དེ་ཡོད་པའི་རྣམ་གྲངས་རྐྱང་པ་འདི་གི་གནས་ས་འདི་ ནང་ཐིག་ནང་ལུ་ཨང་གྲངས་གནས་གོང་དང་བཅས་ མཉམ་འབྱུང་འབད་དེ་ཡོད།

བྱ་བ།

གྲུབ་འབྲས།

ཐོ་ཡིག་རྐྱང་པའི་རྣམ་གྲངས་ཅིག་འདྲ་བཤུས་རྐྱབ།

ནང་དོན་ཚུ་ འབྲེལ་མཐུད་འབད་ཡོད: རྣམ་གྲངས་ཀྱི་ཚིག་ཡིག་འདི་ འབྲེལ་མཐུད་ཡོད་པའི་ ནང་ཐིག་གི་ནང་ན་ འདྲ་བཤུས་རྐྱབ་ཡོདཔ་ཨིན།

སེལ་འཐུ་འདི་འབྲེལ་དེ་ཡོད: སེལ་འཐུ་འབད་དེ་ཡོད་པའི་རྣམ་གྲངས་གི་གནས་ས་འདི་ འབྲེལ་ཡོད་པའི་ནང་ཐིག་ནང་ལུ་འདྲ་བཤུས་བརྐྱབ་དེ་ཡོད། དཔེར་ན་ རྣམ་གྲངས་གསུམ་པ་འདི་སེལ་འཐུ་འབད་དེ་ཡོད་པ་ཅིན་ཨང་ ༣ པ་འདི་འདྲ་བཤུས་བརྐྱབ་ཨིན།

ཐོ་ཡིག་གི་རྣམ་གྲངས་ ལེ་ཤཱ་ཅིག་སེལ་འཐུ་འབད།

#NV་འདི་ འབྲེལ་མཐུད་ཡོད་པའི་ནང་ཐིག་ནང་ ཐོ་བཀོད་འབད་ཡོདཔ་ཨིན།

ཐོ་ཡིག་གི་རྣམ་གྲངས་ཆ་མཉམ་སེལ་འཐུ་མ་འབད།

ནང་དོན་ཚུ་འབྲེལ་ལམ་ཡོདཔ་ཨིན: འབྲེལ་མཐུད་ཡོད་པའི་ནང་ཐིག་འདི་སེལ་བཏང་ཡོད།

སེལ་འཐུ་འདི་ འབྲེལ་མཐུད་འབད་ཡོད: གནས་གོང་ ༠་འདི་ འབྲེལ་མཐུད་ཡོད་པའི་ ནང་ཐིག་གི་ནང་ན་ ཐོ་བཀོད་འབད་ཡོདཔ་ཨིན།

འབྲེལ་མཐུད་ཡོད་པའི་ནང་ཐིག་ནང་ ཚིག་ཡིག་ ཡང་ན་ ཨང་ཅིག་ཐོ་བཀོད་འབད།

ནང་དོན་འདི་ཚུ་ འབྲེལ་མཐུད་འབད་ཡོད: ཐོ་ཡིག་རྣམ་གྲངས་མཉམ་པ་ཅིག་ འཚོལ་ཞིབ་འབད་ཞིནམ་ལས་ སེལ་འཐུ་འབད།

སེལ་འཐུ་འདི་འབྲེལ་ཡོད: གསལ་བཀོད་འབད་དེ་ཡོད་པའི་གནས་ས་ (རྣམ་གྲངས་དང་པའི་དོན་ལུ་ ༡ གི་འབད་འགོ་བཙུགས་དོ་)འདི་ སེལ་འཐུ་འབད་དེ་ཡོད། མ་འཐོབ་པ་ཅིན་ རྣམ་གྲངས་ཚུ་ཆ་མཉམ་སེལ་འཐུ་འབད་ནི་མེད།

འབྲེལ་མཐུད་ཡོད་པའི་ ནང་ཐིག་ནང་ མན་ངག་ཅིག་ཐོ་བཀོད་འབད།

མན་ངག་འགྲུབ་འབྲས་དང་ འབྲེལ་མཐུད་ཐབས་ལམ་འདི་ལུ་ མཐུན་མི་ཐོ་ཡིག་རྣམ་གྲངས་ཅིག་ འཚོལ་ཞིནམ་ལས་སེལ་འཐུ་འབད།

འབྲེལ་མཐུད་ཡོད་པའི་ནང་ཐིག་འདི་བསལ་གཏང་།

ཐོ་ཡིག་སྒྲོམ་འདི་གི་ནང་ན་ཡོད་པའི་ རྣམ་གྲངས་ཚུ་ ཆ་མཉམ་སེལ་འཐུ་མ་འབད་བར་བཞག

ཐོ་ཡིག་འབྱུང་ཁུངས་ཀྱི་ཁྱབ་ཚད་འདི་གི་ ནང་དོན་ཚུ་ བསྒྱུར་བཅོས་འབད།

བསྒྱུར་བཅོས་དང་འཁྲིལ་ཏེ་ ཐོ་ཡིག་སྒྲོམ་གྱི་རྣམ་གྲངས་འདི་ཚུ་དུས་མཐུན་བཟོ་ཡོད། འ་ནི་སེལ་འཐུ་དེ་ ཉམས་སྲུངས་འབད་ཡོད། འ་ནི་འདི་གི་རྒྱུ་རྐྱེན་ལས་བརྟེན་ འབྲེལ་མཐུད་ཡོད་པའི་ནང་ཐིག་ལུ་ དུས་མཐུན་བཟོ་འོང་།


འབྲེལ་མཐུད་ཡོད་པའི་ ནང་ཐིག་དང་བཅས་ ཀོམ་བོའི་སྒྲོམ།

བྱ་བ།

གྲུབ་འབྲས།

ཀོམ་བོ་སྒྲོམ་གྱི་ཞུན་དག་ས་སྒོ་ནང་ལུ་ཚིག་ཡིག་ཐོ་བཀོད་འབད་ ཡང་ན་ སར་འཇོག་ཐོ་ཡིག་འདི་ལས་ཐོ་བཀོད་ཅིག་སེལ་འཐུ་འབད།

ཚིག་ཡིག་དེ་ འབྲེལ་མཐུད་ཡོད་པའི་ནང་ཐིག་ནང་ འདྲ་བཤུས་རྐྱབ་ཡོདཔ་ཨིན།

ཀོ་བོ་སྒྲོམ་འདི་གི་ཞུན་དག་ས་སྒོ་བསལ་གཏང་།

འབྲེལ་མཐུད་ཡུད་པའི་ནང་ཐིག་དེ་ བསལ་གཏང་ཡོདཔ་ཨིན།

འབྲེལ་མཐུད་ཡོད་པའི་ནང་ཐིག་ནང་ ཚིག་ཡིག་ ཡང་ན་ ཨང་ཅིག་ཐོ་བཀོད་འབད།

ཚིག་ཡིག་ཡང་ན་ཨང་གྲངས་འདི་ཀོམ་བོ་སྒྲོམ་གྱི་ཞུན་དག་ས་སྒོ་ནང་ལུ་འདྲ་བཤུས་རྐྱབས་ཡོད།

འབྲེལ་མཐུད་ཡོད་པའི་ ནང་ཐིག་ནང་ མན་ངག་ཅིག་ཐོ་བཀོད་འབད།

མན་ངག་གི་གྲུབ་འབྲས་འདི་ཀོམ་བོ་སྒྲོམ་གྱི་ཞུན་དག་ས་སྒོ་འདི་ནང་ལུ་འདྲ་བཤུས་རྐྱབས་ཡོད།

འབྲེལ་མཐུད་ཡོད་པའི་ནང་ཐིག་འདི་བསལ་གཏང་།

ཀོམ་བོ་སྒྲོམ་གྱི་ཞུན་དག་ས་སྒོ་འདི་བསལ་གཏང་ཡོད།

ཐོ་ཡིག་འབྱུང་ཁུངས་ཀྱི་ཁྱབ་ཚད་འདི་གི་ ནང་དོན་ཚུ་ བསྒྱུར་བཅོས་འབད།

སར་འཇོག་ཐོ་ཡིག་རྣ་གྲངས་ཚུ་བསྒྱུར་བཅོས་ཚུ་དང་འཁྲིལ་ཏེ་དུས་མཐུན་བཟོ་ཡོད། ཀོམ་བོ་སྒྲོམ་དང་འབྲེལ་མཐུད་ཡོད་པའི་ནང་ཐིག་གི་ཞུན་དག་ས་སྒོ་འདི་ཚུ་བསྒྱུར་བཅོས་མ་འབད།


འབྲེལ་མཐུད་ཡོད་པའི་ནང་ཐིག་གི་ནང་དོན་ཚུ།

ཐོ་ཡིག་སྒྲོམ་འདི་ཤོག་ཁྲམ་གུའི་འབྲེལ་མཐུད་ཡོད་པའི་ནང་ཐིག་དང་གཅིག་ཁར་འབྲེལ་མཐུད་འབད་ནིའི་ཐབས་ལམ་འདི་སེལའཐུ་འབད།

  1. འབྲེལ་མཐུད་ཡོད་པའི་ནང་དོན་ཚུ་: སེལ་འཐུ་འབད་ཡོད་པའི་ཐོ་ཡིག་སྒྲོམ་གྱི་ཐོ་བཀོད་འདི་གི་ཚིག་ཡིག་ནང་དོན་ཚུ་ནང་ཐིག་ནང་དོན་ཚུ་དང་གཅིག་ཁར་མཉམ་འབྱུང་འབད། "The selected entry" སེལ་འཐུ་འབད།

  2. འབྲེལ་མཐུད་འབད་ཡོད་པའི་སེལ་འཐུའི་གནས་ས་: ཐོ་ཡིག་སྒྲོམ་ནང་གི་སེལ་འཐུ་འབད་ཡོད་པའི་རྣམ་གྲངས་རྐྱང་པའི་གནས་ས་འདི་ ནང་ཐིག་ནང་གི་ཨང་གྲངས་ཀྱི་གནས་གོང་དང་གཅིག་ཁར་མཉམ་འབྱུང་འབད་ཡོདཔ་ཨིན། "Position of the selected entry"སེལ་འཐུ་འབད།

ཡིག་རྒྱུན་སྟོངམ་འདི་སྟོང་ཆ་ཨིན་པས།

Defines how an empty string input should be handled. If set to Yes, an input string of length zero will be treated as a value NULL. If set to No, any input will be treated as-is without any conversion.

An empty string is a string of length zero (""). Normally, a value NULL is not the same as an empty string. In general, a term NULL is used to denote an undefined value, an unknown value, or "no value has been entered yet."

Database systems vary and they might handle a value NULL differently. Refer to documentations of the database that you are using.