ལས་འགན་འབྲི་ནི་ཚུ་སྟོན།
ཁྱོད་ཀྱི་ད་ལྟོའི་ཡིག་ཆ་ནང་ དབྱིབས་དང་ གྲལ་ཐིག་ ཚིག་ཡིག་ འབོ་ནི་ཚུ་ཁ་སྐོངས་རྐྱབ་བཏུབ་ས་ལུ པར་རིས་ཀྱི་ཕྲ་རིང་འདི་ ཁ་ཕྱེ་ནི་དང་བསྡབས་ནི་ལུ་ ཨེབ་ཁཏང་འབད།
ཁྱོད་ཀྱི་རྩོམ་འབྲི་པའི་ཕྲ་རིང་ལག་ཆས་ཕྲ་རིང་ལག་ཆས་ཀྱི་་པར་རིས་འདི་གི་ གློག་རྟ་ཨཱོན་ཡང་ན་ཨཱོཕ་འབད་བཞིནམ་ལས་ ཚད་ལྡན་གྱི་ལག་ཆས་ཕྲ་རིང་འདི་གུར་ ངོས་དཔར་ཅིག་ལག་ལེན་འཐབ་ཐོག་ལས་ ཡིག་ཆ་འདི་གི་རྩིས་སྟོན།
འབྲི་ནིའི་ལས་འགན་འདི་ཚུ་སྟོན།

You can change which buttons are visible in the toolbars. Right-click a toolbar to access the Visible Buttons command.
སེལ་འཐུ།
ཁྱོད་ལུ་ད་ལྟོའི་ཡིག་ཆ་ནང་ལུ་ དངོས་པོ་ཚུ་སེལ་འཐུ་འབད་བཅུགཔ་ཨིན། དངོས་པོ་ཅིག་སེལ་འཐུ་འབད་ནིའི་དོན་ལུ་ དངོས་པོ་འདི་མདའ་རྟགསམ་དང་བཅས་ཨེབ་གཏང་འབད། དངོས་པོ་གཅིག་བ་ཡང་ལྷགཔ་སྦེ་སེལ་འཐུ་འབད་ནི་དོན་ལུ་ སེལ་འཐུ་གི་གཞི་ཁྲམ་འདི་ དངོས་པོ་ཚུ་བསྐོར་ར་རྐྱབ་སྟེ་འདྲུད་། དངོས་པོ་ཅིག་སེལ་འཐུ་འདི་ལུ་ ཁ་སྐོངས་རྐྱབ་ནིའི་དོན་ལུ་ སོར་ལྡེ་འདི་མནན་བཞིནམ་ལས་ དངོས་པོ་འདི་ལུ་ ཨེབ་གཏང་འབད།
Line
ཁྱོད་ཀྱི་ད་ལྟོའི་ཡིག་ཆ་འདི་ནང་འདྲུད་ས་ལུ་ གྲལ་ཐིག་ཁྲང་ཏང་ཏ་ཅིག་འབྲིཝ་ཨིན། གྲལ་ཐིག་འདི་ ཁུག་ཟུར་༤༥་ལུ་དམ་ནི་ལུ་ ཁྱོད་ཀྱི་འདྲུད་བཞག་འབདཝ་ད་སོར་ལྡེ་འདི་བཟུང་།

ཚིག་ཡིག་འདི་གྲལ་ཅིག་གུར་ ཐོ་བཀོད་འབད་ནིའི་ལུ་ གྲིལ་ཐིག་འདི་གཡེབ་གཏང་ཐེངས་གཉིས་འབད་བཞིནམ་ལས་ ཡིག་དཔར་རྐྱབ་ཡང་ན་ཁྱོད་རའི་ཚིག་ཡིག་དེ་སྦྱར། ཆིག་ཡིག་གི་ཁ་ཕྱོགས་འདི་གིས་ ཁྱོད་ཀྱི་གྲལ་ཐིག་འབྲི་ནི་ལུ་འདྲུད་བཞག་འབད་མི་ ཁ་ཕྱོགས་འདི་ལུ་ཆ་མཉམ་འབདཝ་ཨིན། གྲལ་ཐིག་འདི་སྦ་བཞག་ནིའི་དོན་ལུ་ པར་རིས་དངོས་པོ་རྒྱུ་དངོས་ཚུ་གི་ཕྲ་རིངགུར་ གྲལ་ཐིག་གི་བཟོ་རྣམ་ནང་ ་མ་མཐོང་མི་ཅིག་་སེལ་འཐུ་འབད།
གྲུ་བཞི་ནར་མོ།
ཁྱོད་ཀྱི་ད་ལྟོའི་ ཡིག་ཆ་ནང་འདྲུད་ས་ལུ་ གྲུ་བཞི་ནར་མོ་ཅིག་འབྲིཝ་ཨིན། གྲུ་བཞི་ཅིག་འབྲི་ནི་ལུ་ ཁྱོད་ཀྱི་འདྲུདཔ་ད་ སོར་ལྡེ་བཟུང་བཞག་འབད། ཁྱོད་ཀྱི་གྲུ་བཞི་ནར་མོ་གི་སྒྱིད་ཁུག་འདི་ ས་གནས་ག་སྟེ་ལུ་བཙུགས་ནི་ཨིན་ན་ འདི་ནང་ལུ་ཨེབ་གཏང་འབད་བཞིནམ་ལས་ ཁྱོད་རང་དགོ་པའི་ཚད་ནང་ལུ་འདྲུད་བཞག་འབད།
སྒོང་དབྱིབས།
ཁྱོད་ཀྱི་ ད་ལྟོའི་ཡིག་ཆ་འདི་ ནང་ན་ལུ་འདྲུད་ས་ལུ་ སྒོང་དབྱིབས་ཅིག་འབྲིཝ་ཨིན། ཁྱོད་ཀྱི་སྒོང་དབྱིབས་འདི་ག་སྟེ་འབྲི་དགོ་མནོ་ས་ལུ་ ཨེབ་གཏང་འབད་བཞིནམ་ལས་ ཁྱོད་རང་དགོ་པའི་ཚད་འདི་ནང་ཚུན་རང་འདྲུད་བཞག་འབད། སྒོར་ཐིག་ཅི་འབྲི་ནི་ལུ་ ཁྱོད་ཀྱི་འབྲིཝ་ད་ སོར་ལྟེ་དེ་བཟུང་བཞག་འབད།
ཟུར་མང་དབྱིབས།
ཆ་བགོས་གྲལ་ཐིག་ཕྲང་ཕྲངམ་ཅིག་གི་ རྒྱུན་རིམ་གྱི་བརྩམ་ཡོད་པའི་གྲལ་ཐིག་ཅིག་འབྲིཝ་ཨིན། ཆ་བགོས་གྲལ་ཐིག་ཅིག་འབྲི་ནི་ལུ་ འདྲུད་བཞག་འབད་བཞིནམ་དང་ ཆ་བགོས་གྲལ་ཐིག་གི་མཐའ་རྩེ་འདི་་ངེས་འཛིན་འབད་ནི་ལུ་ ཨེབ་གཏང་འབད་ དེ་ལས་ཆ་བགོས་གྲལ་ཐིག་གསརཔ་ཅིག་འབྲི་ནི་ལུ་ འདྲུད་བཞག་འབད། གྲལ་ཐིག་འབྲི་ནིའི་ མཇུག་བསྡུ་ནི་ལུ་གཡེབ་གཏང་ཐེངས་གཉིས་འབད། ཁ་བསྡམས་ནིའི་དབྱིབས་ཅིག་ གསར་བསྐྲུན་འབད་ནི་ལུ་ གྲལ་ཐིག་གི་ འགོ་བཙུགས་ཀྱི་ས་ཆིགས་འདི་ལུ་ ཨེབ་གཏང་ཐེངས་གཉིས་འབད།
ཁུག་ཟུར་༤༥་ གྲུ་ཟུར་གྱི་ས་ཚིགས་གསརཔ་ཅིག་གི་གནས་ས་བཙུགས་ནི་ལུ་ ཟུར་མང་དབྱིབས་ཅིག་འབྲིཝ་ད་ སོར་ལྡེ་གི་ལྡེ་མིག་འདི་བཤད་བཟུང་འབད།
ཞུན་དག་ས་ཚིགས་ཐབས་ལམ་འདི་གིས་ ཁྱོད་ལུ་ཟུར་མང་དབྱིབས་ཀྱི་ ངོརྐྱང་ས་ཚིགས་འདི་ ཕན་ཚུན་འབྲེལ་ལྡན་གྱི་ཐོག་ལས་ ལེགས་བཅོས་འབད་ནི་ལུ་ལྕོགས་ཅན་བཟོཝ་ཨིན།
གུག་གུགཔ།
ཧུམ་ཁྱུག་ཁྱུ་ཡོད་པའི་ བི་ཛར་གུགགུགཔ་ཅིག་ འབྲིཝ་ཨིན། ཁྱོད་ཀྱི་གུག་གུགཔ་འདི་ འགོ་བཙུགས་དང་ འཛིན་གྲོལ་ འདྲུད་ནི་ཚུ་ག་སྟེ་འབད་ནི་ཨིན་ན་འདི་ནང་ལུ་ཨེབ་གཏང་འབད་ནི་དང་ དེ་ལས་ཁྱོད་ཀྱི་གུག་གུགཔ་འདི་གི་མཇུག་ག་སྟེ་ལུ་མཇུག་བསྡུ་ནི་ཨིན་ན་ འདི་ནང་དཔག་བྱེད་འདི་སྤོ་བཤུད་འབད་ཞིནམ་དང་ཨེབ་གཏང་འབད། དཔག་བྱེད་འདི་ སྤོ་བཤུད་འབད་བཞིནམ་ལས་ གུག་གུགཔ་འདི་ལུ་ ཆ་བགོས་ཀྱི་གྲལ་ཐིག་ཕྲང་ཕྲངམ་ཅིག་ཁ་སྐོང་རྐྱབ་ནིའི་ལུ་ ལོག་སྟེ་ཨེབ་གཏང་འབད། གུག་གུགཔ་འབྲི་ནི་མཇུག་བསྡུ་ནིའི་དོན་ལུ་ ཨེབ་གཏང་ཐེངས་གཉིས་འབད། ཁ་བསྡམས་ནིའི་དབྱིབས་ཅིག་ གསར་བསྐྲུན་འབད་ནི་ལུ་ གུག་གུགཔ་འདི་གི་འགོ་བཙུགས་ས་ཚིགས་འདི་ལུ་ ཨེབ་གཏང་ཐེངས་གཉིས་འབད།གུག་གུགཔ་གི་གཞུ་དབྱིབས་འདི་ ཁྱོད་ཀྱི་འདྲུད་བཞག་འབད་འབད་བའི་གྱང་ཚད་གྱི་སྦེ་ གཏན་འབེབས་བཟོཝ་ཨིན།
རྣམ་པ་བར་སྟོང་གི་གྲལ་ཐིག།
གཞུ་དབྱིབས།
ད་ལྟོའི་ཡིག་ཆ་ནང་ལུ་ གཞུ་དབྱིབས་ཅིག་འབྲིཝ་ཨིན། གཞུ་དབྱིབས་ཅིག་འབྲི་ནི་ལུ་ ཁྱོད་རང་དགོ་པའི་ཚད་འདི་ནང་ལུ་ སྒོང་དབྱིབས་འདི་འདྲུད་བཞག་འབད་བཞིནམ་ལས་ གཞུ་དབྱིབས་འགོ་བཙུགས་ཀྱི་ས་ཚིགས་འདི་ ངེས་འཛིན་འབད་ནི་ལུ་ཨེབ་གཏང་འབད། ཁྱོད་རའི་དཔག་བྱེད་འདི་གི་མཐའ་རྩེ་འདི་ ས་གནས་ག་སྟེ་ལུ་བཞག་ནི་ཨིན་ན་འདི་ནང་ལུ་ ཨེབ་གཏང་འབད། སྒོར་དབྱིབས་གུར་ཨེབ་གཏང་འབད་མི་དགོ སྒོར་ཐིག་ལུ་གཞི་བཞག་སྟེ་ གཞུ་དབྱིབས་ཅིག་འབྲི་བ་ཅིན་ ཁྱོད་ཀྱི་འདྲུད་བཞག་འབདཝ་ད་ སོར་ལྡེ་འདི་ལུ་བཟུང་བཞག་འབད།
སྒོང་དབྱིབས་ཀྱི་པ་ཡི།
ད་ལྟོའི་ཡིག་ཆ་ནང་གི་ མཐའ་འཁོར་གཉིས་ལྡན་གྲལ་ཐིག་ཚུ་དང་ སྒོང་དབྱིབས་ཀྱི་གཞུ་དབྱིབས་གིས་ངོས་འཛིན་འབད་ཡོད་པའི་ ལྟེམས་ལྟེམས་གང་ཡོད་པའི་དབྱིབས་ཅིག་འབྲིཝ་ཨིན། སྒོང་་དབྱིབས་པ་ཡི་འབྲི་ནིའི་དོན་ལུ་ ཁྱོད་རང་དགོ་པའི་ཚད་ཚུན་ཚོད་ལུ་ སྒོང་དབྱིབས་འདི་འདྲུད་ནི་དང་ དེ་ལས་ མགོའི་མཐའ་འཁོར་གྲལ་ཐིག་འདི་ ངོས་འཛིན་འབད་ནི་དོན་ལུ་ ཨེབ་གཏང་ད། མཐའ་འཁོར་གྲལ་ཐིག་གཉིས་པ་འདི་ ཁྱོད་རང་ག་སྟེ་ལུ་དགོཔ་ཨིན་ན་ དེ་ལུ་དཔག་བྱེད་འདི་སྤོ་བཤུད་འབད་དེ་ཨེབ་གཏང་། ཁྱོད་ཀྱིས་སྒོང་དབྱིབས་ལུ་ཨེབ་མི་དགོ། སྒོར་ཐིག་པ་ཡི་ཅིག་འབྲི་ནི་དོན་ལུ་ ཁྱོད་ཀྱིས་འདྲུདབཞག་འབདཝ་ད་ སོར་ལྡེ་འདི་བཟུང་བཞག་འབད།
སྒོར་ཐིག་གི་ཆ་བགོས།
ད་ལྟོའི་ཡིག་ཆ་ནང་ སྒོར་ཐིག་ཅིག་གི་གཞུ་དབྱིབས་དང་ སྒོར་ཚད་གྲལ་ཐིག་ཅིག་གི་སྦེ་ངེས་འཛིན་འབད་ཡོད་མི་འདི་གིས་ ལྟེམས་ལྟེམས་གང་ཡོད་པའི་དབྱིབས་ཅིག་འབྲིཝ་ཨིན། སྒོར་ཐིག་གི་ཆ་བགོས་ཅིག་འབྲི་ནི་ལུ་ སྒོར་ཐིག་འདི་ ཁྱོད་ར་ ག་དགོ་པའི་ཚད་དེ་ནང་ལུ་འདྲུད་བཞིནམ་ལས་ སྒོར་ཚད་གྲལ་ཐིག་གི་ འགོ་བཙུགས་ས་ཚིགས་དེ་ ངེས་འཛིན་འབད་ནི་ལུ་ ཨེབ་གཏང་འབད། སྒོར་ཚད་གྲལ་ཐིག་གི་འདི་གི་ མཐའ་རྩེ་འདི་ ས་གནས་ག་སྟེ་ལུ་བཀལ་བཞག་ནི་ཨིན་ན་ འདི་ནང་ལུ་ཁྱོད་རའི་དཔག་བྱེད་དེ་སྤོ་བཤུད་འབད་བཞིནམ་ལས་ཨེབ་གཏང་། ཁྱོད་ཀྱི་སྒོར་ཐིག་འདི་གུར་ཨེབ་གཏང་འབད་མི་དགོ སྒོར་དབྱིབས་ཆ་བགོས་ཅིག་འབྲི་ནིའི་དོན་ལུ་ ཁྱོད་ཀྱི་འདྲུད་བཞག་འབདཝ་ད་ སོར་ལྡེ་འདི་བཟུང་བཞག་འབད།
Text Box
ཁྱོད་ཀྱིས་ད་ལྟོའི་ཡིག་ཆ་ནང་འདྲུད་མི་ཐད་སྙོམས་ཚིག་ཡིག་ཁ་ཕྱོགས་གཅིག་ཁར་ཚིག་ཡིག་སྒྲོམ་འབྲིཝ་ཨིན། ཁྱོད་ཀྱིས་ཡིག་ཆ་ནང་ག་སྟེ་དགོ་ནི་ཨིན་རུང་ཚད་ལུ་ཚིག་ཡིག་སྒྲོམ་འདྲུད་ཞིནམ་དང་ དེ་ལས་ཁྱོད་ཀྱི་ཚིག་ཡིག་སྦྱར་ཡང་ན་ཡིག་དཔར་རྐྱབས། བསྒྱིར་ཡོད་པའི་ཚིག་ཡིག་ཐོབ་ནི་ལུ་ཚིག་ཡིག་སྒྲོམ་བསྒྱིར།
ཚིག་ཡིག་གི་བསྒུལ་བཟོ།
འབོ་ནི་ཚུ།
ཁྱོད་ཀྱི་ད་ལྟོའི་ཡིག་ཆ་འདི་ ནང་འདྲུད་ག་སྟེ་འབད་ས་ལུ་ ཐད་སྙོམས་ཚིག་ཡིག་གི་ཁ་ཕྱོགས་དང་བཅས་གྲུ་བཞི་ནར་མོ་ཀཱལ་ཨའུཊ་འདི་ མཇུག་བསྡུ་མི་གི་གྲལ་ཐིག་ཅིག་འབྲིཝ་ཨིན། ཀཱལ་ཨའུཊ་འདི་གི་འདི་གི་ ཚད་བསྐྱར་བཟོ་འབད་ནི་ལུ་ ཀཱལ་ཨའུཊ་འདི་གི་་བཤད་བཟུང་ཅིག་འདྲུད་བཞག་འབད། ཚིག་ཡིག་ཁ་སྐོང་རྐྱབ་ནི་ལུ་ ཀཱལ་ཨའུཊ་འདི་གི་མཐའམ་འདི་ཨེབ་གཏང་འབད་བཞིནམ་ལས་ ཁྱོད་རའི་ཚིག་ཡིག་འདི་ཡིག་དཔར་རྐྱབ་ཡང་ན་སྦྱར། གྲུ་བཞི་ནར་མོ་ཀཱལ་ཨའུཊ་འདི་ སྒོར་སྒོརམ་ཀཱལ་ཨའུཊ་ལུ་ བསྒྱོར་བཅོས་འབད་ནི་ལུ་ དཔག་བྱེད་འདི་ལག་དབྱིབས་ཅིག་ལུ་ བསྒྱུར་བཅོས་འབདཝ་ད་ སྒྱིད་ཁུག་གི་བཤད་བཟུང་སྦོམ་ཤོས་འདི་འདྲུད་བཞག་འབད།
ས་ཚིགས་ཚུ།
ཁྱོད་ལུ་ཁྱོད་རའི་པར་རིས་གུ་ལུ་ས་ཚིགས་ཞུན་དག་འབད་ནི་ལྕོགས་ཅན་བཟོཝ་ཨིན།
ཡིག་སྣོད་ནང་ལས།
བཙིར་བཏོན་ ཨཱོན/ཨོཕ།
སེལ་འཐུ་འབད་ཡོད་པའི་དངོས་པོ་འདི་ཚུ་གི་དོན་ལུ་ 3D ནུས་པ་འདི་ཨཱོན་དང་ཨོཕ་ལུ་སོར་བསྒྱུར་འབདཝ་ཨིན།
ཀེར་ཕྲང་འབོ་ནི་ཚུ།
ཁྱོད་ཀྱིས་ད་ལྟོའི་ཡིག་ཆ་ནང་འདྲུད་མི་ལས་ཀེར་ཕྲང་ཚིག་ཡིག་ཁ་ཕྱོགས་གཅིག་ཁར་གྲུ་བཞི་ནར་མོའི་ཀོལ་ཨའུཊི་ནང་མཇུག་བསྡུ་མི་གྲལ་ཐིག་འབྲིཝ་ཨིན། ཀོལ་ཨའུཊི་ཚད་བསྐྱར་བཟོ་འབད་ནི་ལུ་ཀོལ་ཨའུཊི་གི་བཤེད་བཟུང་འདྲུད། ཚིག་ཡིག་ཁ་སྐོང་རྐྱབ་ནི་ལུ་ ཀོལ་ཨའུཊི་གི་མཐའམ་ཨེབ་གཏང་ཞིནམ་དང་ དེ་ལས་ཁྱོད་ཀྱི་ཚིག་ཡིག་སྦྱར་ཡང་ན་ཡིག་དཔར་རྐྱབས། གྲུ་བཞི་ནར་མོའི་ཀོལ་ཨའུཏི་འདི་སྒོར་སྒོརམ་ཀོལ་ཨའུཊི་ལུ་བསྒྱུར་བཅོས་འབད་ནི་ལུ་ དཔག་བྱེད་འདི་ལགཔ་ལུ་བསྒྱུར་བའི་སྐབས་ཟུར་གྱི་བཤེད་བཟུང་རིངམོ་འདྲུད། ཨེ་ཤི་ཡཱན་སྐད་ཡིག་རྒྱབ་སྐྱོར་ཡོད་པའི་སྐབས་རྐྱངམ་གཅིག་ཐོབ་ཚུགས།
ཀེར་ཕྲང་གི་ཚིག་ཡིག
ཁྱོད་ཀྱིས་ད་ལྟོའི་ཡིག་ཆ་ནང་འདྲུད་མི་ཡང་ན་ཨེབ་གཏང་མི་ཐད་སྙོམས་ཚིག་ཡིག་ཁ་ཕྱོགས་གཅིག་ཁར་ཚིག་ཡིག་སྒྲོམ་འབྲིཝ་ཨིན། ཡིག་ཆ་ནང་ག་སྟེ་ཡང་ཨེབ་གཏང་ཞིནམ་དང་ དེ་ལས་ཁྱོད་ཀྱི་ཚིག་ཡིག་སྦྱར་ཡང་ན་ཡིག་དཔར་རྐྱབས། ཁྱོད་ཀྱིས་ཡང་ཚིག་ཡིག་ག་སྟེ་ལུ་ཁ་སྐོང་རྐྱབ་ནི་ཨིན་ན་འོད་རྟགས་སྤོ་བཤུད་འབད་ཚུགས་ ཚིག་ཡིག་སྒྲོམ་འདྲུད་ཞིནམ་དང་ དེ་ལས་ཁྱོད་ཀྱི་ཚིག་ཡིག་སྦྱར་ཡང་ན་ཡིག་དཔར་རྐྱབས། ཨེ་ཤི་ཡཱན་སྐད་ཡིག་རྒྱབ་སྐྱོར་འདི་ལྕོགས་ཅན་ཡོད་པའི་སྐབས་རྐྱངམ་གཅིག་ཐོབ་ཚུགས།