ལྡེ་སྒྲོམ།

གིས་ LibreOffice བརྡ་བཀོད་ཡང་ན་ LibreOffice གཞི་རྟེན་མེཀ་རོསི་གི་དོན་ལུ་ མགྱོགས་ཐབས་ལྡེ་མིག་ཚུ་འགན་སྤྲོད་འབད་ནི་དང་ ཞུན་དག་འབདཝ་ཨིན།

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

Choose Tools - Customize - Keyboard tab. A document must be opened.


ཁྱོད་ཀྱིས་ ད་ལྟོའི་འཇུག་སྤྱོད་ཡང་ན་ LibreOfficeའཇུག་སྤྱོད་ཆ་མཉམ་གཡི་དོན་ལུ་ མགྱོགས་ཐབས་ཀྱི་ལྡེ་མིག་ཚུ་ འགན་སྤྲོད་འབད་ནི་དང་ ཞུན་དག་འབད་བཏུབ་ཨིན།

དྲན་འཛིན་ངོས་དཔར།

ད་ལྟོ་ཁྱོད་ཀྱི་བཀོལ་སྤྱོད་རིམ་ལུགས་ཀྱིས་ལག་ལེན་འཐབ་ཡོད་པའི་ མགྱོགས་ཐབས་ལྡེ་མིག་ཚུ་འགན་སྤྲོད་འབད་ནི་འདི་ སྤང་བཞག


LibreOffice

LibreOffice འཇུག་སྤྱོད་ལུ་མཐུན་མོང་ཡོད་པའི་ མགྱོགས་ཐབས་ལྡེ་མིག་ཚུ་བཀྲམ་སྟོན་འབདཝ་ཨིན།་

ད་ལྟོའི་LibreOffice འཇུག་སྤྱོད་དོན་ལུ་ མགྱོགས་ཐབས་ལྡེ་མིག་བཀྲམ་སྟོན་འབདཝ་ཨིན།

མགྱོགས་ཐབས་ལྡེ་མིག་ཚུ།

འབྲེལ་བ་ཡོད་པའི་བརྡ་བཀོད་དང་ མགྱོགས་ཐབས་ལྡེ་མིག་ཚུ་ ཐོ་ཡིག་བརྐྱབ་ཨིན། ལས་འགན་ ཐོ་ཡིག་ནང་ལུ་ སེལ་འཐུ་འབད་ཡོད་པའི་བརྡ་བཀོད་དོན་ལུ་ མགྱོགས་ཐབས་ལྡེ་མིག་འདི་ལེགས་བཅོས་འབད་ནི་ ཡང་ན་ འགན་སྤྲོད་འབད་ནི་དོན་ལུ་ ཐོ་ཡིག་འདི་ནང་གི་མགྱོགས་ཐབས་ཅིག་ཨེབ་གཏང་ནི་དང་ དེ་ལས་ ལེགས་བཅོས་འབད་འདི་ཨེབ་གཏང་འབད།

ལས་འགན་ཚུ།

ཁྱོད་ཀྱིས་མགྱོགས་ཐབས་ལྡེ་མིག་འདི་འགན་སྤྲོད་འབདཝ་ད་ ལས་འགན་གྱི་དབྱེ་རིམ་ཚུ་དང་ LibreOfficeལས་འགན་ཚུ་ཐོ་ཡིག་བརྐྱབ་ཨིན།

དབྱེ་རིམ།

འཐོབ་ཚུགས་པའི་ལས་འགན་དབྱེ་རིམ་ཚུ་ཐོ་ཡིག་བརྐྱབ་ཨིན། མགྱོགས་ཐབས་ཚུ་བཟོ་རྣམ་ལུ་འགན་སྤྲོད་འབད་ནི་ལུ་ "Styles" དབྱེ་རིམ་འདི་ཁ་ཕྱེ།

ལས་འགན།

Shortcut keys ཐོ་ཡིག་ནང་གི་ལྡེ་མིག་མཉམ་མཐུད་ཅིག་ཨེབ་གཏང་ནི་ལུ་ མགྱོགས་ཐབས་ལྡེ་མིག་ཅིག་འགན་སྤྲོད་འབད་དགོ་ནི་ལུ་ ཁྱོད་ཀྱིས་དགོ་པའི་ལས་འགན་ཅིག་སེལ་འཐུ་འབད་ ནི་དང་ དེ་ལས་ ལེགས་བཅོས་འབད་ཨེབ་གཏང་འབད། སེལ་འཐུ་འབད་ཡོད་པའི་ལས་འགན་ལུ་ཧེ་མ་ལས་རང་ མགྱོགས་ཐབས་ལྡེ་མིག་འདི་ཡོད་པ་ཅིན་ ལྡེ་མིག་ཚུ་ ཐོ་ཡིག་ནང་ལུ་ བཀྲམ་སྟོན་འབདཝ་ཨིན།

ལྡེ་མིག་ཚུ།

སེལ་འཐུ་འབད་ཡོད་པའི་ལས་འགན་ལུ་འགན་སྤྲོད་འབད་ཡོད་པའི་ མགྱོགས་ཐབས་ལྡེ་མིག་འདི་བཀྲམ་སྟོན་འབདཝ་ཨིན།

ལེགས་བཅོས་འབད།

གིས་ ལས་འགན་ ཐོ་ཡིག་ནང་བརྡ་བཀོད་ནི་དོན་ལུ་ མགྱོགས་ཐབས་ཀྱི་ལྡེ་མིག་ཚུ་ ཐོ་ཡིག་ནང་སེལ་འཐུ་འབད་ཡོད་པའི་ མཉམ་མཐུད་ལྡེ་མིག་འདི་འགན་སྤྲོད་འབདཝ་ཨིན།

སེལ་འཐུ་འབད་ཡོད་མི་གི་ཆ་ཤས་དང་ ཡང་ཅིན་ ངེས་དཔྱད་དགོས་མཁོ་མེད་པའི་ཆ་ཤས་ཚུ་བཏོན་གཏངམ་ཨིན།

མངོན་གསལ་འབད།

གིས་ མགྱོགས་ཐབས་ལྡེ་མིག་རིམ་སྒྲིག་འདི་ ཧེ་མ་ལས་སྲུངས་བཞག་ཡོད་མི་གཅིག་དང་ཅིག་ཁར་ ཚབ་བཙུགས་འབདཝ་ཨིན།

སྲུངས།

ད་ལྟོའི་མགྱོགས་ཐབས་ལྡེ་མིག་རིམ་སྒྲིག་ འདི་སྲུངམ་ཨིན་ དེ་འབད་བ་ཅིན་ ཁྱོད་ཀྱིས་ཤུལ་ལས་མངོན་གསལ་འབད་བཏུབ་ཨིན།

ལོག་གཞི་སྒྲིག

Resets modified values back to the default values.