དམིགས་བསལ་ཚུ།

ཁྱོད་ཀྱིས་ LibreOffice འདི་རང་བཞིན་གྱིས་ནོར་བཅོས་འབད་མི་དགོ་པའི་ སྡུད་ཚིག་དང་ཡིག་གུའི་མཉམ་མཐུད་ཚུ་ གསལ་བཀོད་འབད།

ཁྱོད་ཀྱིས་ངེས་འཛིན་འབད་ཡོད་པའི་དམིགས་བསལ་འདི་ ད་ལྟོའི་སྐད་ཡིག་སྒྲིག་སྟངས་ལུ་རག་ལསཔ་ཨིན། ཁྱོད་རང་དགོ་པ་ཅིན་ ཁྱོད་ཀྱིས་ སྐད་ཡིག་སྒྲིག་སྟངས་འདི་ སྐད་ཡིག་མ་འདྲཝ་ཅིག་ སྐད་ཡིག་སྒྲོམ་གྱི་དོན་ལུ་ ཚབ་མ་ཚུ་དང་དམིགས་བསལ་ཚུ་ ནང་ལུ་སེལ་འཐུ་འབད་དེ་བསྒྱུར་བཅོས་འབད།

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

Choose Tools - AutoCorrect - AutoCorrect Options - Exceptions tab.


སྐད་ཡིག་དོན་ལུ་ ཚབ་མ་ཚུ་དང་ དམིགས་བསལ་ཚུ་:

ཁྱོད་ཀྱིས་ཚབ་མའི་ལམ་ལུགས་འདི་ཞུན་དག་འབད་ནི་ ཡང་ན་ གསར་བསྐྲུན་འབད་ནི་དོན་ལུ་ སྐད་ཡིག་འདི་སེལ་འཐུ་འབད། LibreOffice གིས་ དང་པ་རང་ ཡིག་ཆ་ནང་གི་ད་ལྟོའི་འོད་རྟགས་གནས་ས་ལུ་ཡོད་པའི་སྐད་ཡིག་དོན་ལུ་ ངེས་འཛིན་འབད་ཡོད་པའི་ དམིགས་བསལ་ཚུ་གི་དོན་ལུ་ འཚོལ་ཞིབ་འབདཝ་ཨིན།

སྡུད་ཚིག་ཚུ་(ཤུལ་མའི་ཚུགས་ཡིག་མེད།)

དུས་ཡུན་གྱིས་རྗེས་སུ་འཇུག་མི་ སྡུད་ཚིག་འདི་ཡིག་དཔར་བརྐྱབ་ནི་དང་ དེ་ལས་ གསརཔ་ཨེབ་གཏང་འབད། དེ་གིས་ LibreOffice འདི་ སྡུད་ཚིག་གི་མཇུག་ལུ་ དུས་ཡུན་གྱི་ཤུལ་ལས་འོང་མི་ མིང་ཚིག་གི་དང་པའི་ཡིག་གུ་འདི་ རང་བཞིན་གྱིས་ ཚུགས་ཡིག་བཟོ་བ་ལས་ སྔོན་བཀག་འབདཝ་ཨིན།

རང་བཞིན་གྱིས་ནོར་བཅོས་མ་འབད་མི་ སྡུད་ཚིག་འདི་ཐོ་ཡིག་བརྐྱབ་ཨིན། རྣམ་གྲངས་འདི་ཐོ་ཡིག་ལས་རྩ་བསྐྲད་གཏང་ནི་དོན་ལུ་ རྣམ་གྲངས་འདི་སེལ་འཐུ་འབད་ནི་དང་ དེ་ལས་ བཏོན་གཏང་ཨེབ་གཏང་འབད།

མིང་ཚིག་འདི་ འགོ་ཐོག་ཚུགས་ཡིག་གཉིས་དང་བཅས།

ཁྱོད་ཀྱིས་ LibreOffice འདི་ འགོ་ཐོག་ཚུགས་ཡིག་གཅིག་ལུ་བསྒྱུར་བཅོས་མ་དགོ་པའི་ ཚུགས་ཡིག་ཡིག་གུ་གཉིས་དང་བཅས་འགོ་བཙུགས་པའི་ མིང་ཚིག་ཡང་ན་ སྡུད་ཚིག་ འདི་ཡིག་དཔར་བརྐྱབ། དཔེར་ན་ པི་སི་འདི་ LibreOffice པི་སི་ལས་པི་སི་ལུ་ བསྒྱུར་བཅོས་འགྱུར་ནི་འདི་སྔོན་བཀག་འབད་ནི་དོན་ལུ་ ཐོ་བཀོད་འབད།

རང་བཞིན་གྱིས་ནོར་བཅོས་མ་འབད་མི་ འགོ་ཐོག་གི་ཚུགས་ཡིགགཉིས་དང་བཅས་འགོ་བཙུགས་པའི་ མིང་ཚིག་ཡངན་ སྡུད་ཚིག་འདི་ཐོ་ཡིག་བརྐྱབ། ཚུགས་ཡིག་ཡིག་གུ་གཉིས་དང་བཅས་འགོ་བཙུགས་པའི་ མིང་ཚིག་ཚུ་ཆ་མཉམ་རང་ ས་སྒོ་གིནང་ལུ་ཐོ་ཡིག་བརྐྱབ་ཡོད། རྣམ་གྲངས་འདི་ཐོ་ཡིག་ལས་རྩ་བསྐྲད་གཏང་ནི་དོན་ལུ་ རྣམ་གྲངས་འདི་སེལ་འཐུ་འབད་ དེ་ལས་ བཏོན་གཏང་ཨེབ་གཏང་འབད།

གསརཔ།

ད་ལྟོའི་ཐོ་བཀོད་འདི་ དམིགས་བསལ་གྱི་ཐོ་ཡིག་ལུ་ཁ་སྐོང་བརྐྱབ་ཨིན།

བཏོན་གཏང་།

སེལ་འཐུ་འབད་ཡོད་མི་གི་ཆ་ཤས་དང་ ཡང་ཅིན་ ངེས་དཔྱད་དགོས་མཁོ་མེད་པའི་ཆ་ཤས་ཚུ་བཏོན་གཏངམ་ཨིན།

རང་བཞིན་ཚུད།

དམིགས་བསལ་གྱི་ཐོ་ཡིག་ཆ་མཉམ་མི་ལུ་ ཚུགས་ཡིག་ཡིག་གུ་གཉིས་དང་བཅས་འགོ་བཙུགས་མི་ མིང་ཚིག་ཡང་ན་སྡུད་ཚིག་འདི་ རང་བཞིན་གྱིས་ ཁ་སྐོང་བརྐྱབ་ཨིན། ཁྱད་རྣམ་འདི་ འགོ་ཐོག་ཚུགས་ཡིག་གཉིས་ནོར་བཅོས་འབད་ གདམ་ཁ་ཡང་ན་ཚུགས་ཡིག་བཟོ་ བརྗོད་དོན་རེ་གི་ཡིག་གུ་དང་པ་ གདམ་ཁ་ཚུ་ ཌའི་ལོག་ [T] ཀེར་ཐིག་ཨོན་གདམ་ཁ་ཚུ་ ཨེབ་ལྡེ་ནང་སེལ་འཐུ་འབད་དེ་ཡོད་པ་ཅིན་རྐྱངམ་ཅིག་ ལཱ་འབདཝ་ཨིན།

Dialog Buttons

སླར་སྒྲིག་འབད།

Resets modified values back to the tab page previous values.

ཆ་མེད་གཏང་།

Closes dialog and discards all changes.

OK

Saves all changes and closes dialog.