བདེ་ཞིབ་བཟོ།

སེལ་འཐུ་འབད་ཡོད་པའི་དངོས་པོ་ཚུ་གི་ རྩེགས་ཕུང་རིམ་པ་འདི་བསྒྱུར་བཅོས་འབདཝ་ཨིན།

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

རྩ་སྒྲིག་ -བདེ་ཞིབ་ (LibreOffice རྩོམ་འབྲི་པ་, LibreOffice Calc)གདམ་ཁ་རྐྱབས།

སྐབས་དོན་དཀར་ཆག་འདི་ཁ་ཕྱེ་ - བདེ་ཞིབ་ (LibreOffice Impress, LibreOffice Draw)གདམ་ཁ་རྐྱབས།

ལེགས་བཅོས་ - བདེ་ཞིབ་ (LibreOffice Draw)གདམ་ཁ་རྐྱབས།

ངོས་དཔར།

བདེ་ཞིབ།


ཚིག་ཡིག་དང་ཚད་རིས་ཚུ་གི་དོན་ལུ་ བང་རིམ།

ཁྱོད་རའི་ཡིག་ཆ་ནང་ལུ་བཞག་མི་དངོས་པོ་རེ་འདི་ དངོས་པོ་སྦོམ་ཤོས་གུ་མཐར་འཁྱོལ་སྦེ་ བརྩེགས་ཅན་འབདཝ་ཨིན། ཁྱོད་རའི་ཡིག་ཆ་ནང་ལུ་ དངོས་པོ་གི་བརྩེགས་ཕུང་རིམ་པ་འདི་བསྒྱུར་བཅོས་འབད་ནི་ལུ་ བདེ་ཞིབ་བཟོ་ཡོད་པའི་བརྡ་བཀོད་འདི་ ལག་ལེན་འཐབ། ཁྱོད་ཀྱིས་ ཚིག་ཡིག་གི་ བརྩེགས་ཕུང་འབད་མི་རིམ་པ་འདི་ བསྒྱུར་བཅོས་འབད་མི་བཏུབ་ཨིན།

ཡིག་གཟུགས་ལུ་འབག་ཤོག

སེལ་འཐུ་འབད་ཡོད་པའི་དངོས་པོ་འདི་ བརྩེགས་ཕུང་འབད་མི་རིམ་པ་གི་མགོ་ལུ་སྤོ་བཤུད་འབདཝ་ཨིན་ དེ་ཨིན་པ་ཅིན་ དེ་ དངོས་པོ་གཞན་མི་ཚུ་གི་མདོང་ཁ་ལུ་འོངམ་ཨིན།

གདོང་བསྐྱོད་འབད་འབག་ཤོག

སེལ་འཐུ་གྲུབ་ཡོད་པའི་ དངོས་པོ་དེ་ བརྩེགས་ཕུང་ཅན་གྱི་གོ་རིམ་མགོ་ལུ་ ཐག་ཉེས་ཤོས་བཟོ་ནི་ལུ་ གནས་རིམ་གཅིག་ཡར་སྤོ་བཤད་འབདཝ་ཨིན།

རྒྱབ་བསྐྱོད་སྟང་།

སེལ་འཐུ་གྲུབ་ཡོད་པའི་ དངོས་པོ་དེ་ བརྩེགས་ཕུང་ཅན་གྱི་གོ་རིམ་ གཤམ་ལུ་དེ་ལུ་ ཐག་ཉེས་བཟོ་ནི་ལུ་ གནས་རིམ་གཅིག་མར་སྤོ་བཤུད་འབདཝ་ཨིན།

རྒྱབ་ལུ་གཏང་།

སེལ་འཐུ་འབད་ཡོད་པའི་དངོས་པོ་འདི་ བརྩེགས་རིས་རིམ་པ་གི་མཇུག་ལུ་སྤོ་བཤུད་འབདཝ་ཨིན་ དེ་འབད་བ་ཅིན་ དེ་ དངོས་པོ་གཞན་མི་གི་རྒྱབ་ལུ་འོངམ་ཨིན།

གདོང་གཞི་ལུ།

སེལ་འཐུ་འབད་ཡོད་པའི་དངོས་པོ་འདི་ ཚིག་ཡིག་གི་གདོང་ཁ་ལུ་སྤོ་བཤུད་འབདཝ་ཨིན།

རྒྱབ་གཞི་ལུ།

སེལ་འཐུ་འབད་ཡོད་པའི་དངོས་པོ་འདི་ རྒྱབ་ཁ་ལུ་སྤོ་བཤུད་འབདཝ་ཨིན།