བསྒྱིར་འགྱོ་ནི།

སེལ་འཐུ་འབད་ཡོད་པའི་དངོས་པོ་འདི་བསྒྱིར་འགྱོཝ་ཨིན།

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

རྩ་སྒྲིག་- དང་ གནས་ས་དང་ཚད་ - བསྒྱིར་ནི་ མཆོང་ལྡེ་གདམ།

ངོ་དཔར།

བསྒྱིར།


ལྟེ་ཤིང་དཔག་ནི།

སེལ་འཐུ་འབད་ཡོད་པའི་དངོས་པོ་འདི་ ཁྱོད་ཀྱིས་གསལ་བཀོད་འབད་ཡོད་པའི་ ལྟེ་ཤིང་དཔག་ནི་ཅིག་གི་མཐའ་སྐོར་ལུ་ བསྒྱིརཝ་ཨིན། སྔོན་སྒྲིག་ལྟེ་ཤིང་དཔག་ནི་འདི་ དངོས་པོ་གི་དབུས་ལུ་ཡོདཔ་ཨིན།

དྲན་འཛིན་ངོས་དཔར།

ཁྱོད་ཀྱིས་ལྟེ་ཤིང་དཔག་ནི་འདི་ དངོས་པོའི་མཐའ་མཚམས་ལས་ ཐག་རིང་ས་ལུ་གཞི་སྒྲིག་འབད་བ་ཅིན་ དངོས་པོ་འདི་ཤོག་ལེབ་ཀྱི་ཕྱི་ལས་བསྒྱིར་བཏུབ་ཨིན།


ཨེགསི་ གནས་ས།

ཤོག་ལེབ་ཀྱི་གཡོན་མཐའམ་ལས་ ཐད་སྙོམས་གྱང་ཚད་འདི་ ལྟེ་ཤིང་དཔག་ནི་ལུ་ཐོ་བཀོད་འབད།

ཝའི་གནས་ས།

ཤོག་ལེབ་ཀྱི་མགོའི་མཐའམ་ལས་ ཀེར་ཕྲང་གྱང་ཚད་འདི་ ལྟེ་ཤིང་དཔག་ནི་ལུ་ ཐོ་བཀོད་འབད།

སྔོན་སྒྲིག་ཚུ།

ཁྱོད་ཀྱིས་ལྟེ་ཤིང་དཔག་ཚད་འདི་ ག་སྟེ་ལུ་བཞག་ནི་ཨིན་ན་འདི་ཨེབ་གཏང་འབད།

བསྒྱིར་ནི་གི་གྲུ་ཟུར།

སེལ་འཐུ་འབད་ཡོད་པའི་དངོས་པོ་འདི་ཁྱོད་ཀྱིས་བསྒྱིར་ནི་ལུ་ དབྱེ་རིམ་གྱི་ཨང་གྲངས་འདི་གསལ་བཀོད་འབད་ ཡང་ན་ བསྒྱིར་འགྱོ་བའི་གིརིཌི་ནང་ཨེབ་གཏང་འབད།

གྲུ་ཟུར།

སེལ་འཐུ་འབད་ཡོད་པའི་དངོས་པོ་འདི་ ཁྱོད་ཀྱིས་བསྒྱིར་ནི་དོན་ལུ་ དབྱེ་རིམ་གྱི་ཨང་གྲངས་འདི་ཐོ་བཀོད་འབད།

སྔོན་སྒྲིག་ཚུ།

དབྱེ་རིམ་ ༤༥ གི་སྣ་མང་ནང་གི་བསྒྱིར་ནི་གི་གྲུ་ཟུར་འདི་གསལ་བཀོད་འབད་ནི་ལུ་ ཨེབ་གཏང་འབད།