དྭངས་གསལ་ཅན།

ཁྱོད་ཀྱི་སེལ་འཐུ་གྲུབ་པའི་ དངོས་པོ་ལུ་ འཇུག་སྤྱོད་འབད་མི་ བཀང་ནི་གི་དོན་ལུ་ དྭངས་གསལ་གྱི་གདམ་ཁ་དེ་ཚུ་ གཞི་སྒྲིག་འབདཝ་ཨིན།

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

རྩ་སྒྲིག་ - མངའ་ཁོངས་ - དྭངས་གསལ་ཅན་གྱི་ ཨེབ་ལྡེ་ (drawing documents)གདམ་ཁ་རྐྱབས།

རྩ་སྒྲིག་ - མངའ་ཁོངས་ - དྭངས་གསལ་ཅན་གྱི་ ཨེབ་ལྡེ་ (གསལ་སྟོན་ཡིག་ཆ་ཚུ་)གདམ་ཁ་རྐྱབས།

རྩ་སྒྲིག་ -དཔེ་རིས་གྱང་རྩིག་ - དྭངས་གསལ་ཅན་གྱི་ ཨེབ་ལྡེ་ (དཔེ་རིས་ཡིག་ཆ་ཚུ་)གདམ་ཁ་རྐྱབས།

རྩ་སྒྲིག་ - དཔེ་རིས་མངའ་ཁོངས་ - དྭངས་གསལ་ཅན་གྱི་ ཨེབ་ལྡེ་ (དཔེ་རིས་ཡིག་ཆ་ཚུ་)གདམ་ཁ་རྐྱབས།

རྩ་སྒྲིག་ -དཔེ་རིས་མཐིལ་ - དྭངས་གསལ་ཅན་གྱི་ཨེབ་ལྡེ་ (དཔེ་རིས་ཡིག་ཆ་ཚུ་)གདམ་ཁ་རྐྱབས།

རྩ་སྒྲིག་ - མགོ་མིང་ - མགོ་མིང་ཆ་མཉམ་ - དྭངས་གསལ་ཅན་གྱི་ ཨེབ་ལྡེ་ (chart documents)གདམ་ཁ་རྐྱབས།

རྩ་སྒྲིག་ - མགོ་ཡིག་ - མགོ་མིང་གཙོ་བོ་ - དྭངས་གསལ་ཅན་གྱི་ ཨེབ་ལྡེ་ (དཔེ་རིས་ཡིག་ཆ་ཚུ་)གདམ་ཁ་རྐྱབས།

རྩ་སྒྲིག་ - མགོ་མིང་ - མགོ་མིང་ཡན་ལག་ - དྭངས་གསལ་ཅན་གྱི་ཨེབ་ལྡེ་ (དཔེ་རིས་ཡིག་ཆ་ཚུ་)གདམ་ཁ་རྐྱབས།

རྩ་སྒྲིག་ - མགོ་མིང་ - མགོ་མིང་ (X Axis) - དྭངས་གསལ་ཅན་གྱི་ཨེབ་ལྡེ་ (དཔེ་རིས་ཡིག་ཆ་ཚུ་)གདམ་ཁ་རྐྱབས།

རྩ་སྒྲིག་- མགོ་མིང་ - མགོ་མིང་ (ཝའི་ཚད་ཐིག་) - དྭངས་གསལ་ཅན་གྱི་ ཨེབ་ལྡེ་ (དཔེ་རིས་ཡིག་ཆ་ཚུ་)གདམ་ཁ་རྐྱབས།

རྩ་སྒྲིག་ - མགོ་མིང་ -མགོ་མིང་ (Z Axis) - དྭངས་གསལ་ཅན་གྱི་ ཨེབ་ལྡེ་ (དཔེ་རིས་ཡིག་ཆ་ཚུ་)གདམ་ཁ་རྐྱབས།

རྩ་སྒྲིག་ - དངོས་པོའི་རྒྱུ་དངོས་ - གནད་སྡུད་དོན་ཚན་ - དྭངས་གསལ་ཅན་གྱི་ - ཨེབ་ལྡེ་ (དཔེ་རིས་ཡིག་ཆ་ཚུ་)གདམ་ཁ་རྐྱབས།

རྩ་སྒྲིག་ - དངོས་པོའི་རྒྱུ་དངོས་ - གནད་སྡུད་གྲལ་ཐིག་ - དྭངས་གསལ་ཅན་གྱི་ ཨེབ་ལྡེ་ (དཔེ་རིས་ཡིག་ཆ་ཚུ་) གདམ་ཁ་རྐྱབས།


དྭངས་གསལ་ཅན་གྱི་ཐབས་ལམ།

ཁྱོད་ཀྱིས་འཇུག་སྤྱོད་འབད་དགོ་པའི་ དྭངས་གསལ་ཅན་གྱི་དབྱེ་བ་ཚུ་གསལ་བཀོད་འབད།

དྭངས་གསལ་ཅན་མེད།

ཚོས་གཞི་དྭངས་གསལ་ཅན་ལུ་འགྱུརཝ་ཨིན། དེ་ སྔོན་སྒྲིག་སྒྲིག་སྟངས་ཨིན།

དྭངས་གསལ་ཅན།

དྭངས་གསལ་ཅན་ལུ་འགྱུརཝ་ཨིན། གདམ་ཁ་འདི་སེལ་འཐུ་འབད་བཞིནམ་ལས་ ཨང་གྲངས་འདི་ ༠% འདི་ཆ་ཚང་དྭངས་སྒྲིབ་ཅན་དང་ ༡༠༠%འདི་ ཆ་ཚང་དྭངས་གསལ་ཅན་འབད་ཡོད་མི་ སྒྲོམ་གྱི་ནང་ལུ་ཐོ་བཀོད་འབད།

དྭངས་གསལ་ཅན་གྱི་བསྒྱིར་བའི་ཨེབ་རྟ།

ད་ལྟོའི་བཀང་བའི་ཚོས་གཞི་གི་དྭངས་གསལ་ཅན་འདི་བདེ་སྒྲིག་འབདཝ་ཨིན། ༠ %(དྭངས་སྒྲིབ་ཅན་) དང་ ༡༠༠%(དྭངས་གསལ་ཅན་) གྱི་བར་ན་ཨང་གྲངས་ཅིག་ཐོ་བཀོད་འབད།

སྟེགས་རིས།

ད་ལྟོ་བཀང་བའི་ཚོས་གཞི་ལུ་ དྭངས་གསལ་ཅན་ཅིག་འཇུག་སྤྱོད་འབདཝ་ཨིན། གདམ་ཁ་འདི་སེལ་འཐུ་འབད་བཞིནམ་ལས་ སྟེགས་རིས་རྒྱུ་དངོས་འདི་གཞི་སྒྲིག་འབད།

དབྱེ་བ།

ཁྱོད་ཀྱིས་འཇུག་སྤྱོད་འབད་ནི་ཨིན་པའི་ དྭངས་གསལ་ཅན་གྱི་དབྱེ་བ་འདི་སེལ་འཐུ་འབད།

དབུས་ཨེགསི།

སྟེགས་རིས་དོན་ལུ་ ཐད་སྙོམས་ཀྱི་པར་ལེན་འདི་ཐོ་བཀོད་འབད།

དབུས་ ཝའི།

སྟེགས་རིས་དོན་ལུ་ ཀེར་ཕྲང་གི་པར་ལེན་འདི་ཐོ་བཀོད་འབད།

གྲུ་ཟུར།

སྟེགས་རིས་དོན་ལུ་ བསྒྱིར་ནི་ཅིག་ཐོ་བཀོད་འབད།

མཐའ་མཚམས།

སྟེགས་རིས་ཀྱི་དྭངས་གསལ་ཅན་གྱི་མངའ་ཁོངས་འདི་ ཁྱོད་ཀྱིས་ བདེ་སྒྲིག་བཟོ་ནི་ཨིན་པའི་མང་ཉུང་ཚད་འདི་ཐོ་བཀོད་འབད། སྔོན་སྒྲིག་གནས་གོང་འདི་ ༠ %.

གནས་གོང་འདི་འགོ་བཙུགས།

༠%འདི་ཆ་ཚང་དྭངས་སྒྲིབ་ཅན་དང་ ༡༠༠ %འདི་ ཆ་ཚང་དྭངས་གསལ་ཅན་ཨིན་པའི་ སྟེགས་རིས་ཀྱི་ མགོའི་ས་ཚིག་ལུ་ དྭངས་གསལ་ཅན་ཅིག་ཐོ་བཀོད་འབད།

མཇུག་གི་གནས་གོང་།

༠ % འདི་ཆ་ཚང་དྭངས་སྒྲིབ་ཅན་དང་ ༡༠༠ % འདི་ཆ་ཚང་དྭངས་གསལ་ཅན་ཨིན་མི་ སྟེགས་རིས་ཀྱི་མཐའ་རྩེ་དོན་ལུ་དྭངས་གསལ་ཅན་ཅིག་ཐོ་བཀོད་འབད།

སྔོན་ལྟ།

སེལ་འཐུ་འབད་ཡོད་པའི་དངོས་པོ་ལུ་ ཁྱོད་ཀྱིས་ ཚོས་གཞི་བཀང་ལུ་དྭངས་གསལ་ཅན་གྱི་ནུས་པ་འདི་འཇུག་བཅོས་མ་འབད་བའི་ཧེ་མ་ ཁྱོད་རའི་བསྒྱུར་བཅོས་འདི་ཚུ་བལྟ་ནིའི་དོན་ལུ་ སྔོན་ལྟ་འདི་ལག་ལེན་འཐབ།