ཤོག་ལེབ།

རྐྱང་པ་དང་སྣ་མང་ཤོག་ལེབ་ཀྱི་ཡིག་ཆའི་དོན་ལུ་ ཁྱོད་ལུ་ ཤོག་ལེབ་སྒྲིག་བཀོད་ཚུ་ངེས་འཛིན་འབད་བཅུགསཔ་ཨིནམ་མ་ཚད་ ཨང་བཏགས་ནི་དང་ཤོག་ལེབ་རྩ་སྒྲིག་ཚུ་ཡང་ངེས་འཛིན་འབད་བཅུགསཔ་ཨིན།

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

རྩ་སྒྲིག་ -ཤོག་ལེབ་ - ཤོག་ལེབ་ཨེབ་ལྡེ་གདམ་ཁ་རྐྱབས།

Choose Slide - Properties - Page tab (in LibreOffice Impress)

Choose Page - Properties - Page tab (in LibreOffice Draw)

Choose View - Styles - open context menu of an entry and choose Modify/New - Page tab


Page format tab page

ཤོག་ལེབ་གུ་དཔར་བསྐྲུན་འབད་བཏུབ་པའི་མངའ་ཁོངས་མང་མཐའ་སེལ་འཐུ་འབད་དོ།

ཤོག་ལེབ་རྩ་སྒྲིག

སྔོན་ངེས་འཛིན་འབད་ཡོད་པའི་ཤོག་ལེབ་ཚད་ཚུ་གི་ཐོ་ཡིག་ལས་སེལ་འཐུ་འབད་ ཡང་ན་ སྲོལ་སྒྲིག་ཤོག་ལེབ་རྩ་་སྒྲིག་འདི་ངེས་འཛིན་འབད།

རྩ་སྒྲིག

སྔོན་ངེས་འཛིན་འབད་ཡོད་པའི་ཤོག་ལེབ་ཀྱི་ཚད་ཅིག་སེལ་འཐུ་འབད་ནི་དང་ ཡང་ན་ མཐོ་ཚད་ དང་ རྒྱ་ཚད་ སྒྲོམ་ནང་གི་ ཤོག་ལེབ་དོན་ལུ་ རྒྱ་ཁྱོན་ཚུ་ཐོ་བཀོད་འབད་དེ་ སྲོལ་སྒྲིག་ཅིག་གསར་བསྐྲུན་འབད།

རྒྱ་ཚད།

སེལ་འཐུ་འབད་ཡོད་པའི་ཤོག་ལེབ་རྩ་སྒྲིག་གི་རྒྱ་ཚད་འདི་བཀྲམ་སྟོན་འབདཝ་ཨིན། སྲོལ་སྒྲིག་རྩ་སྒྲིག་ཅིག་ངེས་འཛིན་འབད་ནི་དོན་ལུ་ རྒྱ་ཚད་འདི་ནཱ་ལུ་ཐོ་བཀོད་འབད།

མཐོ་ཚད།

སེལ་འཐུ་འབད་ཡོད་པའི་ཤོག་ལེབ་རྩ་སྒྲིག་གི་མཐོ་ཚད་འདི་བཀྲམ་སྟོན་འབདཝ་ཨིན། སྲོལ་སྒྲིག་རྩ་སྒྲིག་ཅིག་ངེས་འཛིན་འབད་ནི་དོན་ལུ་ མཐོ་ཚད་ཅིག་ཐོ་བཀོད་འབད།

ཡར་ཕྲང་།

ཀེར་ཕྲང་གི་ཕྱོགས་ལུ་ཡོད་པའི་ཤོག་ལེབ་དང་བཅས་ ད་ལྟོའི་ཡིག་ཆ་འདི་ དཔར་བསྐྲུན་འབད་ནི་དང་ བཀྲམ་སྟོན་འབདཝ་ཨིན།

ཀེ་ཀེ།

ཐད་སྙོམས་ཕྱོགས་ལུ་ཡོད་པའི་ཤོག་ལེབ་དང་བཅས་ ད་ལྟོའི་ཡིག་ཆ་འདི་དཔར་བསྐྲུན་འབད་ནི་དང་ བཀྲམ་སྟོན་འབདཝ་ཨིན།

ཚིག་ཡིག་བཀོད་རྒྱ།

ཁྱོད་ཀྱིས་ཁྱོད་རའི་ཡིག་ཆ་ནང་ལུ་ ལག་ལེན་འཐབ་དགོ་པའི་ ཚིག་ཡིག་བཀོད་རྒྱ་འདི་སེལ་འཐུ་འབད། The "right-to-left (vertical)"མགོ་ཡིག་དང་མཇུག་ཡིག་མ་ཡིན་པ་གཞན་ ཚིག་ཡིག་འབབ་རྒྱུན་བཀོད་རྒྱ་དེ་གིས་ དབྱེ་རིམ་ ༩༠་ གིས་ གཡས་ལུ་སྦེ་ སྒྲིག་བཀོད་སྒྲིག་སྟངས་ཚུ་ཆ་མཉམ་བསྒྱིརཝ་ཨིན།

ཤོག་ལེབ་ཀྱི་ཤོག་སྣོད།

ཁྱོད་རའི་དཔར་འཕྲུལ་དོན་ལུ་ ཤོག་ལེབ་འབྱུང་ཁུངས་འདི་སེལ་འཐུ་འབད། ཁྱོད་རང་དགོ་པ་ཅིན་ ཁྱོད་ཀྱིས་ ཤོག་ལེབ་ཤོག་སྣོད་སོ་སོ་དེ་ཚུ་ ཤོག་ལེབ་བཟོ་རྣམ་སོ་སོ་ལུ་འགན་སྤྲོད་འབད་བཏུབ་ཨིན། དཔེར་ན་ ཤོག་སྣོད་སོ་སོ་ཚུ་ ཤོག་ལེབ་དང་པའི་བཟོ་རྣམ་ལུ་འགན་སྤྲོད་འབད་ནི་དང་ ཤོག་སྣོད་འདི་ ཁྱོད་རའི་ཚོང་ལྡེའི་ཡིག་གུའི་མགོ་གི་ཤོག་ལེབ་དང་བཅས་ མངོན་གསལ་འབད།

ས་སྒོ་སྔོན་ལྟ།

འདི་གིས་ སྔོན་ལྟ་གི་ད་ལྟོའི་སེལ་འཐུ་འབད་ཡོད་མི་འདི་བཀྲམ་སྟོན་འབདཝ་ཨིན།་

ས་སྟོང་ཚུ།

ཤོག་ལེབ་ཀྱི་མཐའམ་ཚུ་དང་ ཡིག་ཆའི་ཚིག་ཡིག་གི་བར་ན་བར་སྟོང་བཞག་ནི་གི་མང་ཉུང་ཚད་འདི་གསལ་བཀོད་འབད།

གཡོན/ནང་ན།

ཤོག་ལེབ་ཀྱི་མཐའམ་གཡོན་དང་ ཡིག་ཆའི་ཚིག་ཡིག་གི་བར་ན་བཞག་ནི་ཨིན་པའི་བར་སྟོང་གི་མང་ཉུང་ཚད་འདི་ ཐོ་བཀོད་འབད། ཁྱོད་ཀྱིས་ ངོ་འཆར་ཤོག་ལེབ་སྒྲིག་བཀོད་འདི་ལག་ལེན་འཐབ་དོ་ཡོད་པ་ཅིན་ ནང་ནའི་ཚིག་ཡིག་ས་སྟོང་དང་ ཤོག་ལེབ་ཀྱི་ནང་ནའི་མཐའམ་གྱི་བར་ན་བཞག་ནི་ཨིན་པའི་བར་སྟོང་གི་ མང་ཉུང་ཚད་འདི་ཐོ་བཀོད་འབད།

གཡས་/ཕྱི།

ཤོག་ལེབ་གཡས་ཀྱི་མཐའམ་དང་ ཡིག་ཆའི་ཚིག་ཡིག་གི་བར་ན་བཞག་ནི་ཨིན་པའི་བར་སྟོང་གི་མང་ཉུང་ཚད་འདི་ ཐོ་བཀོད་འབད། ཁྱོད་ཀྱིས་ ངོ་འཆར་ཤོག་ལེབ་སྒྲིག་བཀོད་འདི་ལག་ལེན་འཐབ་དོ་ཡོད་པ་ཅིན་ ཕྱིའི་ཚིག་ཡིག་ས་སྟོང་དང་ ཤོག་ལེབ་ཀྱི་ཕྱིའི་མཐའམ་གྱི་བར་ན་བཞག་ནི་ཨིན་པའི་བར་སྟོང་གི་ མང་ཉུང་ཚད་འདི་ཐོ་བཀོད་འབད།

མགོ།

ཤོག་ལེབ་ཀྱི་ཡར་གྱི་མཐའམ་དང་ ཡིག་ཆའི་ཚིག་ཡིག་གི་བར་ན་བཞག་ནི་ཨིན་པའི་ བར་སྟོང་གི་མང་ཉུང་ཚད་འདི་ཐོ་བཀོད་འབད།

མཇུག།

ཤོག་ལེབ་ཀྱི་འོག་གི་མཐའམ་དང་ ཡིག་ཆའི་ཚིག་ཡིག་གི་བར་ན་ བཞག་ནི་ཨིན་པའི་མང་ཉུང་ཚད་འདི་ཐོ་བཀོད་འབད།

Layout settings

རྩ་སྒྲིག

Select the page numbering format that you want to use for the current page style.