ཚོས་གཞི་ཕྲ་རིང་།

གིས་ཚོས་གཞི་ཕྲ་རིང་འདི་སྟོན་ནི་དང་སྦཝ་ཨིན། བཀྲམ་སྟོན་འབད་ཡོད་པའི་ཐིག་ཁྲམ་ཚོས་གཞི་འདི་ བསྒྱུར་བཅོས་འབད་ནི་དང་ ལེགས་བཅོས་འབད་ནི་དོན་ལུ་ རྩ་སྒྲིག་ - མངའ་ཁོངས་གདམ་ཁ་བརྐྱབ་ནི་དང་ དེ་ལས་ ཚོས་གཞི་གུ་ཨེབ་གཏང་།

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

སྟོན་ - ལག་ཆས་ཕྲ་རིང་ - ཚོས་གཞི་ཕར་རིང་


ཁྱོད་ཀྱིས་ལག་ལེན་འཐབ་དགོ་པའི་ཚོས་གཞི་འདི་ཨེབ་གཏང་། ད་ལྟོའི་ཡིག་སྣོད་ནང་ལུ་ དངོས་པོ་གི་ཚོས་གཞི་བཀང་ནི་འདི་བསྒྱུར་བཅོས་འབད་ནི་དོན་ལུ་ དངོས་པོ་འདི་སེལ་འཐུ་འབད་བཞིནམ་ལས་ ་ཚོས་གཞི་འདི་ཨེབ་གཏང་ད། སེལ་འཐུ་འབད་ཡོད་པའི་དངོས་པོ་གི་ གྲལ་ཐིག་ཚོས་གཞི་འདི་བསྒྱུར་བཅོས་འབད་ནི་དོན་ལུ་ ཚོས་གཞི་ལུ་གཡས་ཀྱིས་ཨེབ་གཏང་འབད། ཚིག་ཡིག་དངོས་པོ་ནང་གི་ཚིག་ཡིག་གི་ ཚོས་གཞི་འདི་བསྒྱུར་བཅོས་འབད་ནི་དོན་ལུ་ ཚིག་ཡིག་དངོས་པོ་འདི་གུ་ཨེབ་གཏང་ཐེང་གཉིས་ཨེབ་ནི་དང་ ཚིག་ཡིག་སེལ་འཐུ་འབད་ནི་ དེ་ལས་ ཚོས་གཞི་འདི་ཨེབ་གཏང་།

ཁྱོད་ཀྱིས་ ཚོས་གཞི་ཕྲ་རིང་ལས་ཚོས་གཞི་འདི་འདྲུད་བཏུབ་ནི་དང་ ཁྱོད་རའི་བཤུད་ནི་གི་དངོས་པོ་འབྲི་མི་ལུ་ བཞག་ད།

ཊི་ཨའི་པི་ངོས་དཔར།

ཚོས་གཞི་ཕྲ་རིང་འདི་ཁ་འཕྱལ་ནི་དོན་ལུ་ ལག་ཆས་པྲ་རིང་གི་སྐྱ་ཐལ་མངའ་ཁོངས་གུ་ཨེབ་གཏང་ནི་དང་ དེ་ལས་ འདྲུད་ད། ཚོས་གཞི་ཕྲ་རིང་འདི་སླར་མཉམ་སྦྲགས་འབད་ནི་ལུ་ ལག་ཆས་ཕྲ་རིང་གི་མགོ་མིང་འདི་ ་སྒོ་སྒྲིག་གི་མཐའམ་ཚུན་ཚོད་འདྲུད་ད།