གཟུགས་བརྙན་ས་ཁྲའི་ཞུན་དགཔ།

ཚད་རིས་ཡང་ན་ཚད་རིས་ཀྱི་སྡེ་ཚན་གུ་ འཁྱམས་གནས་ཟེར་མི་ དམིགས་བསལ་གྱི་མངའ་ཁོངས་ལུ་ ཡུ་ཨར་ཨེལ་འདི་མཉམ་སྦྲག་འབད་བཅུགསཔ་ཨིན། གཟུགས་བརྙན་ས་ཁྲ་འདི་ འཁྱམས་གནས་གཅིག་དང་མངམ་གྱི་སྡེ་ཚན་ཨིན།

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

ཞུན་དག་འབད་ - ཟུགས་བརྙན་ས་ཁྲ། (གཞན་ཡང་སེལ་འཐུ་འབད་ཡོད་པའི་སྐབས་དོན་དཀར་ཆག་)


གཟུགས་བརྙན་ཚུ་ལུ་ཨེབ་བཏུབ་མི་འཁྱམས་གནས་ཚུ་ཁ་སྐོང་རྐྱབ་དོ།

ཁྱོད་ཀྱིས་ འཁྱམས་གནས་ཀྱི་དབྱེ་བ་གསུམ་འབྲི་བཏུབ་ཨིན་: གྲུ་བཞི་ནར་ནོ་ དང་ སྒོང་དབྱིབས་ དེ་ལས་ ཟུར་མང་དབྱིབས་ཚུ་ཨིན། ཁྱོད་ཀྱིས་འཁྱམས་གནས་གུ་ཨེབ་གཏངམ་ད་ ཡུ་ཨར་ཨེལ་འདི་ བརྡ་འཚོལ་སྒོ་སྒྲིག་ཡང་ན་ ཁྱོད་ཀྱིས་ གསལ་བཀོད་འབད་ཡོད་པའི་ གཞི་ཁྲམ་ནང་ལུ་ཁ་ཕྱེཝ་ཨིན། གཞན་ཡང་ ཁྱོད་ཀྱི་མཱའུསི་འདི་འཁྱམས་གནས་གུ་ངལ་འཚོ་བའི་བསྒང་ འབྱུང་མི་ཚིག་ཡིག་འདི་ཡང་ ཁྱོད་ཀྱིས་གསལ་བཀོད་འབད་བཏུབ་ཨིན།

འཇུག་སྤྱོད་འབད།

ཁྱོད་ཀྱི་གཟུགས་བརཉན་ས་ཁྲ་གུ་ བཟོ་ཡོད་པའི་བསྒྱུར་བཅོས་འདི་འཇུག་སྤྱོད་འབད།

Icon

འཇུག་སྤྱོད་འབད།

ཁ་ཕྱེ།

གིས་ MAP-CERN, MAP-NCSA ཡང་ན་ ཨེསི་ཨའི་པི་སི་ཊར་བིའུ་ གཟུགས་བརྙན་ས་ཁྲ་ ཡིག་སྣོད་རྩ་སྒྲིག་ནང་ལུ་ གནས་དེ་ཡོད་པའི་གཟུགས་བརྙན་འདི་མངོན་གསལ་འབདཝ་ཨིན།

Icon

ཁ་ཕྱེ།

སྲུངས།

གིས་ གཟུགས་བརྙན་ས་ཁྲ་འདི་ ཨེམ་ཨེ་པི་-སི་ཨི་ཨར་ཨེན་, ཨེམ་ཨེ་པི་-ཨེན་སི་ཨེསི་ཨེ་ ཡང་ན་ ཨེསི་ཨའི་པི་ སི་ཊར་བིའུ་ གཟུགས་བརྙན་ས་ཁྲ་ ཡིག་སྣོད་རྩ་སྒྲིག་ནང་ལུ་སྲུངས་དོ་ཡོདཔ་ཨིན།

Icon

སྲུངས།

སེལ་འཐུ་འབད།

ཞུན་དག་འབད་ནི་དོན་ལུ་ གཟུགས་བརྙན་ས་ཁྲ་ནང་ལུ་ འཁྱམས་གནས་འདི་སེལ་འཐུ་འབདཝ་ཨིན།

Icon

སེལ་འཐུ་འབད།

གྲུ་བཞི་ནར་མོ།

ཁྱོད་ཀྱིས་ཚད་རིས་ནང་འདྲུད་མི་ གྲུ་བཞི་ནར་མོ་འདི་འབྲིཝ་ཨིན། འཁྱམས་གནས་དོན་ལུ་ ཁྱོད་ཀྱིས་ ཁ་བྱང་དང་ཚིག་ཡིག་ཐོ་བཀོད་འབད་བཏུབ་པའི་ཤུལ་ལུ་ ཁྱོད་ཀྱིས་ཡུ་ཨར་ཨེལ་ཁ་ཕྱེ་ནི་ཨིན་མི་ལུ་ གཞི་ཁྲམ་སེལ་འཐུ་འབད།

Icon

གྲུ་བཞི་ནར་མོ།

སྒོང་དབྱིབས།

ཁྱོད་ཀྱིས་ཚད་རིས་ནང་ལུ་འདྲུད་མི་ སྒོང་དབྱིབས་ཅན་འཁྱམས་གནས་འདི་འབྲིཝ་ཨིན། འཁྱམས་གནས་དོན་ལུ་ ཁྱོད་ཀྱིས་ ཁ་བཡང་དང་ཚིག་ཡིག་ཐོ་བཀོད་འབད་ཚར་བའི་ཤུལ་ལུ་ ཁྱོད་ཀྱྀས་ཡུ་ཨར་ཨེལ་འདི་ཁ་ཕྱེ་དགོ་ནི་ཨིན་མི་ལུ་ གཞི་ཁྲམ་སེལ་འཐུ་འབད།

Icon

སྒོང་དབྱིབས།

ཟུར་མང་དབྱིབས།

ཚད་རིས་ནང་ལུ་ ཟུར་མང་དབྱིབས་འཁྱམས་གནས་ཅིག་འབྲིཝ་ཨིན། ངོས་དཔར་དེ་གུ་ཨེབ་གཏང་བཞིནམ་ལས་ ཚད་རིས་ལུ་འདྲུད་ད་ དེ་ལས་ ཟུར་མང་དབྱིབས་གཅིག་ངེས་འཛིན་འབད་ནི་དོན་ལུ་ ཨེབ་གཏང་ད། ཁྱོད་ཀྱིས་ ཤུལ་མའི་མཇུག་གི་ཟུར་འདི་ག་སྟེ་ལུ་སྤོ་བཤུད་འབད་ནི་ཨིན་ན་འདི་གུ་བཞག་ནི་དང་ ་དེ་ལས་ཨེབ་གཏང་ད། ཟུར་མང་དབྱིབས་ཀྱི་ཟུར་ཚུ་ཆ་མཉམ་རང་ ཁྱོད་ཀྱིས་ མ་འབྲི་ཚུན་ཚོད་ ཡང་བསྐྱར་འབད། ཁྱོད་ཀྱིས་འབད་ཚར་བའི་ཤུལ་ལས་ ཟུར་མང་དབྱིབས་འདི་ཁ་བསྡམས་ནི་དོན་ལུ་ ཨེབ་གཏང་ཐེང་གཉིས་ཨེབ་གཏང་ད། འཁྱམས་གནས་དོན་ལུ་ ཁྱོད་ཀྱིས་ ཁ་བྱང་དང་ཚིག་ཡིག་ཐོ་བཀོད་འབད་བའི་ཤུལ་ལས་ ཁྱོད་ཀྱིས་ ཡུ་ཨར་ཨེལ་ཁ་ཕྱེ་དགོ་མི་ལུ་ གཞི་ཁྲམ་འདི་སེལ་འཐུ་འབད།

Icon

ཟུར་མང་དབྱིབས།

བར་སྟོང་རྣམ་པ་གི་ཟུར་མང་དབྱིབས།

བར་སྟོང་རྣམ་པའི་ཟུར་མང་དབྱིབས་ལུ་གཞི་བཞག་སྟེ་ འཁྱམས་གནས་འདི་འབྲིཝ་ཨིན། ངོས་དཔར་དེ་གུ་ཨེབ་གཏང་བཞིནམ་ལས་ ཁྱོད་ཀྱིས་ འཁྱམས་གནས་ག་སྟེ་ལུ་འབྲི་ནིི་ཨིན་ན་དེ་ལུ་ སྤོ་བཤུད་འབད། བར་སྟོང་གྲལ་ཐིག་ཅིག་འདྲུད་བཞིནམ་ལས་ དབྱིབས་འདི་ཁ་བསྡམས་ད། ཁྱོད་ཀྱིས་ འཁྱམས་གནས་དོན་ལུ་ ཁ་བྱང་དང་ཚིག་ཡིག་ཐོ་བཀོད་འབད་བའི་ཤུལ་ལས་ ཁྱོད་ཀྱི་ཡུ་ཨར་ཨེལ་ཁ་ཕྱེ་ནི་ཨིན་མི་ལུ་ གཞི་ཁྲམ་འདི་སེལ་འཐུ་འབད།

Icon

བར་སྟོང་རྣམ་པ་གི་ཟུར་མང་དབྱིབས།

དོན་ཚན་ཚུ་ཞུན་དག་འབད།

ཨེན་ཀོར་དོན་ཚན་ཚུ་ཞུན་དག་འབད་ཐོག་ལས་ སེལ་འཐུ་འབད་ཡོད་པའི་འཁྱམས་གནས་ཀྱི་དབྱིབས་འདི་ ་ཁྱོད་ལུ་བསྒྱུར་བཅོས་འབད་བཅུགསཔ་ཨིན།

Icon

དོན་ཚམ་ཚུ་ཞུན་དག་འབད།

དོན་མཚམས་ཚུ་སྤོ་བཤུད་འབད།

སེལ་འཐུ་འབད་ཡོད་པའི་ འཁྱམས་གནས་ཀྱི་རྐྱང་པའི་ཀེན་ཀོར་དོན་ཚན་འདི་ཁྱོད་ལུ་ སྤོ་བཤུད་འབད་བཅུགསཔ་ཨིན།

Icon

དོན་མཚམས་ཚུ་སྤོ་བཤུད་འབད།

དོན་ཚན་འདི་བཙུགས།

ཁྱོད་ཀྱིས་འཁྱམས་གནས་ཀྱི་མཐའ་ཐིག་གུ་ཨེབ་གཏང་མི་ ཨེན་ཀོར་དོན་ཚན་འདི་ཁ་སྐོང་བརྐྱབ་ཨིན།

Icon

དོན་ཚན་འདི་བཙུགས།

དོན་མཚམས་ཚུ་བཏོན་གཏང་།

སེལ་འཐུ་འབད་ཡོད་པའི་ ཨེན་ཀོར་དོན་མཚམས་འདི་བཏོན་གཏངམ་ཨིན།

Icon

དོན་མཚམས་ཚུ་བཏོན་གཏང་།

ཤུགས་ལྡན།

སེལ་འཐུ་འབད་ཡོད་པའི་འཁྱམས་གནས་དོན་ལུ་ ཧའི་པར་ལིངཀི་འདི་ལྕོགས་ཅན་བཟོ་ནི་དང་ ཡང་ན་ ལྕོགས་མེད་བཟོཝ་ཨིན།

Icon

ཤུགས་ལྡན།

མེཀ་རོ།

བརྡ་འཚོལ་གྱི་ནང་སེལ་འཐུ་འབད་ཡོད་པའི་འཁྱམས་གནས་ཁྱོད་ཀྱིས་ ཨེབ་གཏངམ་ད་གཡོག་བཀོལ་མི་ མེཀ་ཀོརོ་ཅིག་ཁྱོད་ལུ་འགན་སྤྲོད་འབད་བཅུགསཔ་ཨིན།

Icon

མེཀ་རོ།

རྒྱུ་དངོས།

སེལ་འཐུ་འབད་ཡོད་པའི་ འཁྱམས་གནས་ཀྱི་རྒྱུ་དངོས་འདི་ ཁྱོད་ལུ་ངེས་འཛིན་འབད་བཅུགསཔ་ཨིན།

Icon

རྒྱུ་དངོས།

ཁ་བྱང་:

ཁྱོད་ཀྱིས་ སེལ་འཐུ་འབད་ཡོད་པའི་འཁྱམས་གནས་ཨེབ་གཏངམ་ད་ ཁྱོད་རང་ཁ་ཕྱེ་དགོ་མནོ་བའི་ ཡིག་སྣོད་ཀྱི་དོན་ལུ་ ཡུ་ཨར་ཨེལ་འདི་ཐོ་བཀོད་འབད། .ཡིག་ཆ་གི་ནང་འཁོད་ ཁྱོད་ཀྱིས་ཨེན་ཀོར་ལུ་མཆོང་དགོ་པ་ཅིན་ ཁ་བྱང་འདི་ "file:///C/document_name#anchor_name"རྣམ་པ་སྦེ་འོང་དགོཔ་ཨིན།

ཚིག་ཡིག:

མཱའུསི་འདི་ བརྡ་འཚོལ་ཅིག་གི་ནང་ལུ་འཁྱམས་གནས་གུ་ངལ་འཚོ་འབདཝ་ད་ ཁྱོད་ཀྱིས་བཀྲམ་སྟོན་འབད་དགོ་པའི་ཚིག་ཡིག་འདི་ཐོ་བཀོད་འབད། ཁྱོད་ཀྱིས་ཚིག་ཡིག་གཅིག་ཡང་ཐོ་བཀོད་འབད་མ་ཚུགས་པ་ཅིན་ ཁ་བྱང་ བཀྲམ་སྟོན་འབདཝ་ཨིན།

གཞི་ཁྲམ:

ཁྱོད་ཀྱིས་ཡུ་ཨར་ཨེལ་ཁ་ཕྱེ་དགོ་པའི་དམིགས་གཏད་གཞི་ཁྲམ་གྱི་ མིང་འདི་ཐོ་བཀོད་འབད། ཁྱོད་ཀྱིས་ཐོ་ཡིག་ལས་ ཚད་ལྡན་གྱི་གཞི་ཁྲམ་ཅིག་སེལ་འཐུ་འབད་བཏུབ་ཨིན།

List of frame types

ཚད་རིས་ཀྱི་མཐོང་སྣང་།

གིས་ ་གཟུགས་བརྙན་གྱི་ས་ཁྲ་འདི་བཀྲམ་སྟོན་འབདཝ་ཨིན་ དེ་འབད་བ་ཅིན་རྐྱངམ་ཅིག་ ཁྱོད་ཀྱིས་ འཁྱམས་གནས་འདི་ཨེབ་ནི་དང་ཞུན་དག་འབད་བཏུབ་ཨིན།