སྤྱིར་གཏང་ཚིག་ཐོ་

LibreOffice ནང་ལུ་ གལ་ཅན་གྱི་ཐ་སྙད་ལ་ལོ་ཅིག་གི་འགྲེལ་བཤད་ཚུ་ ཚིག་ཐོ་དེ་གི་གྲངས་སུ་བཙུགས་ཡོད།

LibreOffice འཇུག་སྤྱོད་ག་བཟུམ་གྱི་ནང་ལུ་འབད་རུང་ དེ་གི་ནང་ལུ་གོམས་འདྲིས་མེད་པའི་ཐ་སྙད་ཚུ་མཐོང་པ་ཅིན་ དེ་ཚུ་བལྟ་ནའི་དོན་ལུ་ཚིག་ཐོ་འདི་རག་ལེན་འཐབ།

Spin button

  1. In form controls, a spin button is a property of a numerical field, currency field, date field, or time field. If the property "Spin button" is enabled, the field shows a pair of symbols with arrows pointing to opposing directions, either vertically or horizontally.

  2. In the Basic IDE, a spin button is the name used for the numerical field together with the two arrow symbols.

You can type a numerical value into the field next to the spin button, or select the value with the up-arrow or down-arrow symbols on the spin button. On the keyboard you can press the up arrow and down arrow keys to increase or reduce the value. You can press the Page Up and Page Down keys to set the maximum and minimum value.

བསྒྱིར་སྒྲོམ་གྱིས་ཨང་གྲངས་ཀྱི་གནས་གོང་འདི་ངེས་འཛིན་འབད་བ་ཅིན་ ཁྱོད་ཀྱིས་ཚད་འཇལ་ཆ་ཕྲེན་, དཔེར་ན, 1 cm or 5 mm, 12 pt or 2"འདི་ངེས་འཛིན་འབད་བཏུབ།

ཀར་ནིང་།

ཀར་ནིང་ཟེར་མི་འདི་ ཚིག་ཡིག་གི་འབྱུང་སྣང་ཆ་མཉམ་ལེགས་བཟོ་ནི་ལུ་ ཡིག་གུའི་ཟུང་གི་བར་ན་བར་སྟོང་མང་ཉུང་གི་ཚད་ ཡར་འཕར་ནི་དང་མར་ཕབ་འབད་མི་འདི་ཨིན།

ཡིག་གུའི་ཟུང་ཚུ་ལས་ག་ལུ་བར་སྟོང་མངམ་དགོས་མཁོ་ཡོདཔ་ཨིན་ན་གི་ བརྡ་དོན་ཚུ་ཀར་ནིང་གི་ཐིག་ཁྲམ་ནང་ཡོདཔ་ཨིན། ཐིག་ཁྲམ་དེ་ཚུ་སྤྱིར་གཏང་ ཡིག་གཟུགས་ཀྱི་ཆ་ཤས་ཨིན།

གཞི་རིམ་གྱི་ལྡེ་མིག

གནད་སྡུད་གཞི་རྟེན་ས་སྒོ་ཚུ་གི་མཐུན་མོང་མ་ཡིན་པའི་ངོས་འཛིན་པ་སྦེ་གཞི་རིམ་ལྡེ་མིག་སར་བར། ཐིག་ཁྲམ་གཞན་མི་ནང་གནད་སྡུད་འཛུལ་སྤྱོད་འབད་བཅུག་ནི་ལུ་ གནད་སྡུད་གཞི་རྟེན་གྱི་ས་སྒོ་ཚུ་གི་མཐུན་མོང་མ་ཡིན་པའི་ངོས་འཛིན་འདི་མཐུན་འབྲེལ་གྱི་གནད་སྡུད་གཞི་རྟེན་ཚུ་,ནང་ལག་ལེན་འཐབ་སྟེ་ཡོད། ཐིག་ཁྲམ་གཞན་མི་ཅིག་ལས་ གཞི་བསྟུན་འདི་གཞི་རིམ་ལྡེ་མིག་ལུ་བཟོ་བ་ཅིན་ དེ་ལུ་ཕྱི་རྒྱལ་ལྡེ་མིག་ཟེར་སླབ་ཨིན།

སེལ་འཐུ་འབད་ཡོད་མི་ས་སྒོའི་དོན་ལུ་འགོ་ཡིག་གྲལ་ཐིག་ལས་འབྲེལ་བ་ཡོད་མི་བརྡ་བཀོད་ཅིག་གདམ་ཁ་བརྐྱབ་ LibreOffice གི་ནང་ལུ་ཁྱོད་ཀྱིས་ ཐིག་ཁྲམ་གྱི་བཀོད་སྒྲིག་སྟོན་མི་ནང་གི་གཞི་རིམ་ལྡེ་མིག་འདི་ངོས་འཛིན་འབད།

གོ་དཀའ་བའི་ཚིག་ཡིག་གི་སྒྲིག་བཀོད་(CTL)

གོ་དཀའ་བའི་ཚིག་ཡིག་གི་སྒྲིག་བཀོད་ཀྱི་ཐོག་ལས་ཡོད་པའི་སྐད་ཡིག་ཚུ་ལུ་ ཁྱད་རྣམ་ལ་ལོ་ཅིག་ཡང་ཅིན་ཆ་མཉམ་ཡོདཔ་ཨིན:

ད་ལྟོ་LibreOfficeགིས་ སི་ཊི་ཨེལ་སྐད་ཡིག་སྦེ་ ཧིན་དི་ ཐཱའི་ ཧེབ་བིརིའུ་དང་ཨ་ར་བིཀ་ཚུ་རྒྱབ་སྐྱོར་འབདཝ་ཨིན།

Enable CTL support using - Language Settings - Languages.

ཇི་ཨེལ་ཁ་ཕྱེ།

ཨེསི་ཇི་ཨའི་(Silicon Graphics Inc)གི་འགོ་ཐོག་བསྒང་བཟོ་བཟོ་བའི་ ༣་ཌི་ཚད་རིས་སྐད་ཡིག་ཅིག་ ཇི་ཨེལ་ཁ་ཕྱེ་གིས་ཚབ་འབདཝ་ཨིན། སྐད་ཡིག་དེ་གི་ཁ་སྐད་གཉིས་པོ་འདི་མཐུན་མོང་དུ་ལག་ལེན་འཐབ་ཨིན: ཝུན་ཌཱསི་ཨེན་ཊི་གི་འོག་ལུ་ལག་ལེན་འཐབ་ནི་གི་དོན་ལུ་ མའི་ཀོརོ་སོཕཊི་ཇི་ཨེལ་ཁ་ཕྱེ་ཟེར་མི་དང་ ཨེསི་ཇི་ཨའི་གི་བཟོ་མི་ཀོསི་མོ་ཇི་ཨེལ་ཁ་ཕྱེ་ཟེར་མི་ཚུ་ཨིན། དམིགས་བསལ་གྱི་ ༣ཌི་ ཚད་རིས་སྲ་ཆས་མེད་རུང་གློག་འཕྲུལ་གུ་ལག་ལེན་འཐབ་བཏུབ་པའི་ གློག་རིག་གི་དབྱེ་ཁག་ཆ་མཉམ་དང་མཉེན་རིམ་ཆ་མཉམ་གྱི་དོན་ལུ་ ཤུལ་མམ་གྱིས་རང་དབང་གི་ཚད་རིས་སྐད་ཡིག་ཚུའི་ཚབ་འབདཝ་ཨིན།

ཇེ་ཌི་བི་སི།

LibreOffice ལས་གནད་སྡུད་གཞི་རྟེན་ལུ་མཐུད་ནིའི་དོན་ལུ་ ཁྱོད་ཀྱིས་ ཇ་བ་གནད་སྡུད་མཐུད་འབྲེལ་(JDBC)ཨེ་པི་ཨའི་འདི་ལག་ལེན་འཐབ། ཇེ་ཌི་བི་སི་ འདྲེན་བྱེད་ཚུ་ཇ་བ་ལས་རིམ་བཟོ་ལས་སྐད་ཡིག་ནང་འབྲི་ཡོདཔ་དང་ མཉེན་རིམ་རང་དབང་ཚུ་ཨིན།

ཌི་ཌི་ཨི།

ཌི་ཌི་ཨི་འདི་ "Dynamic Data Exchange,"ལུ་ དེ་ཡང་ ཨོ་ཨེལ་ཨི་"Object Linking and Embedding"གི་སྔོན་མམ་ལུ་གོཝ་ཨིན། ཌི་ཌི་ཨ་དང་བཅས་ དངོས་པོ་ཚུ་ ཡིག་སྣོད་ཀྱི་གཞི་བསྟུན་ཐོག་ལས་འབྲེལ་མཐུད་འབད་ཡོདཔ་ དེ་འབདཝ་ད་གནས་འདྲེན་མ་འབད་བར་ཡོད་མི།

ཁྱོད་ཀྱིས་ཌི་ཌི་ཨི་གི་འབྲེལ་མཐུད་འདི་ འོག་གི་བྱ་སྒོའི་ལམ་ལུགས་ལག་ལེན་འཐབ་སྟེ་གསར་བསྐྲུན་འབད་ཚུགས:སི་ཨེ་ཨེལ་སི་ཤོག་ཁྲམ་ལས་ནང་ཐིག་ཅིག་སེལ་འཐུ་འབད་བཞིནམ་ལས་ དེ་ཚུ་འཛིན་པང་ནང་ལུ་འདྲ་བཤུས་བརྐྱབ་ནི་དང་ དེ་ལས་ ཤོག་ཁྲམ་གཞན་མི་ཅིག་ལུ་སོར་བསྒྱུར་འབད་བཞིནམ་ལས་ ཞུན་དག་འབད་ - དམིགས་བསལ་གྱི་སྦྱར་ dialog སེལ་འཐུ་འབད། ཌི་ཌི་ཨི་འབྲེལ་མཐུད་སྦེ་ནང་དོན་བཙུགས་ནིའི་དོན་ལུ་ འབྲེལ་མཐུད་གདམ་ཁ་འདི་ སེལ་འཐུ་འབད། འབྲེལ་མཐུད་དེ་ཤུགས་ལྡན་བཟོ་བའི་བསྒང་ ནང་ཐིག་གི་མངའ་ཁོངས་བཙུགས་ཡོད་མི་འདི་ ཁོ་རའི་ཡིག་སྣོད་ངོ་མ་ལས་ལྷབ་འོང་།

ཌོ་ཀིང་(རང་བཞིན་གྱི་སྦ་ནི།)

སྒོ་སྒྲིག་འདི་ཌོཀཊི་འབད་ཡོད་པའི་ སྒོ་སྒྲིག་ག་ཅི་འབད་རུང་ཅིག་གི་མཐའམ་ལུ་ ཁྱོད་ལུ་སྒོ་སྒྲིག་སྟོན་ནི་ ཡང་ཅིན་ སྦ་བཅུགས་མི་གི་ཨེབ་རྟ་ཅིག་ཁྱོད་ཀྱིས་མཐོངམ་ཨིན།

ཌོ་ཀིང་།

Some windows in LibreOffice, for example the Styles window and the Navigator, are "dockable" windows. You can move these windows, re-size them or dock them to an edge. On each edge you can dock several windows on top of, or alongside each other; then, by moving the border lines, you can change the relative proportions of the windows.

To undock and re-dock, holding down the key, double-click a vacant area in the window. In the Styles window, you can also double-click a gray part of the window next to the icons, while you hold down the key.

ཐད་ཀར་དང་བཟོ་རྣམ་རྩ་སྒྲིག་འབད་དོ།

If you format a document without Styles, it is referred to as "direct" formatting. This means modifying text or other objects, such as frames or tables, by applying various attributes directly. The format applies only to the selected area and all changes must be made separately. Styles, on the other hand, are not applied to the text directly, but rather are defined in the Styles window and then applied. One advantage is that when you change a Style, all parts of the document to which that Style is assigned are modified at the same time.

མགྱོགས་ཐབས་ཀྱི་ལྡེ་མིག་keys +ཨེ་ དང་དེ་ལས་གདམ་ཁ་བརྐྱབ་སྟེ་རྩ་སྒྲིག་ - སྔོན་སྒྲིག་རྩ་སྒྲིག་འབད་དོ་ དང་བཅས་ཚིག་ཡིག་གེ་ར་སེལ་འཐུ་འབད་བཞིནམ་ལས་ ཁྱོད་རའི་ཡིག་ཆ་ལས་ཁྱོད་ཀྱིས་ཐད་ཀར་རྩ་སྒྲིག་རྩ་བསྐྲད་གཏང་ཚུགས།

ཐོ་བཀོད་བདེན་པ།

ཐོ་འགོད་བདེན་པ་ཟེར་མི་འདི་ དཔར་བསྐྲུན་འབད་མི་ནང་ལག་ལེན་འཐབ་པའི་དཔར་བསྐྲུན་རིག་པ་གི་ཐ་སྙད་ཨིན། འ་ནི་ཐ་སྙད་འདི་ ཡིག་གཟུགས་གུ་ཡོད་མི་དབྱེ་བའི་མངའ་ཁོངས་དང་ ཀི་དེབ་ཤོག་ལེབ་ཀྱི་རྒྱབ་ཟུར་དེ་ལས་ གནས་ཚུལ་ཤོ་གུ་གི་ཤོག་ལེབ་དང་ དུས་དེབ་ཤོག་ལེབ་ཚུ་གི་ནང་འཁོད་ཡོད་མི་ གྲལ་ཐིག་ཚུ་གི་བཟོ་རྣམ་འདྲ་བའི་པར་གཞི་ལུ་གཞི་བསྟུན་འབདཝ་ཨིན། ཐོ་འགོད་བདེན་པའི་ཁྱད་རྣམ་གྱིས་ ཚིག་ཡིག་གྲལ་ཐིག་གི་བར་ན་ལས་བརྒྱད་དེ་འོད་འདོན་པ་ལས་འབྱུང་མི་ གྱིབ་མ་སྐྱ་ཐལ་འདི་སྔོན་བཀག་འབད་དེ་ ཤོག་ལེབ་དེ་ཚུ་ལྷག་ནི་ལུ་འཇམ་སམ་བཟོཝ་ཨིན། ཐོ་འགོད་བདེན་པའི་ཐ་སྙད་འདི་གིས་ མཐོ་ཚད་གཅིག་པ་ཚུ་གི་ཉེ་འདབས་ཀྱི་ཚིག་ཡིག་ཀེར་ཐིག་ནང་གི་གྲལ་ཐིག་ཚུ་ལུ་ཡང་གཞི་བསྟུན་འབདཝ་ཨིན།

ཁྱོད་ཀྱིས་ དོན་མཚམས་དང་དོན་མཚམས་གྱི་བཟོ་རྣམ་ཡང་ན་ ཤོག་ལེབ་ཀྱི་བཟོ་རྣམ་འདི་ཐོ་འགོད་བདེན་པ་སྦེ་ ངོས་འཛིན་འབད་བའི་བསྒང་ གནོད་སྐྱོན་བྱུང་ཡོད་མི་ཡིག་འབྲུ་ཚུ་གི་གཞི་རྟེན་གྲལ་ཐིག་ཚུ་ ཡིག་གཟུགས་ཀྱི་ཚད་ ཡང་ན་ ཚད་རིས་ཡོད་མི་དང་དབྱེ་བ་མེད་པར་ ཀེར་ཕྲང་ཤོག་ལེབ་ཀྱི་གིརིཌི་ལུ་ཕྲང་ཡོད། ཁྱོད་ལུ་དགོ་པ་ཅིན་ ཁྱོད་ཀྱིས་ གིརིཌི་དེ་ལུ་ཤོག་ལེབ་བཟོ་རྣམ་གྱི་རྒྱུ་དངོས་སྦེ་ གཞི་སྒྲིག་འདི་གསལ་བཀོད་འབད།

དངོས་པོ།

དངོས་པོ་འདི་གནད་སྡུད་ཡོད་མི་གི་གསལ་གཞི་ཆ་ཤས་ཨིན། དེ་གིས་ ཚིག་ཡིག་ཡང་ན་ ཚད་རིས་བཟུམ་གྱི་གནད་སྡུད་འཇུག་སྤྱོད་ལུ་གཞི་བསྟུན་འབདཝ་ཨིན།

དངོས་པོ་ཚུ་རང་དབང་ཨིནམ་ལས་གཅིག་གི་གཅིག་ལུ་རྒྱུད་བསྐུལ་འབད་ནི་མེད། གནད་སྡུད་ཡོད་མི་གི་དངོས་ཕོ་ག་འབད་རུང་ བརྡ་བཀོད་ཚུ་ལ་ལོ་ཅིག་འགན་སྤྲོད་འབད་བཏུབ། དཔེར་ན་ ཚད་རིས་དངོས་པོ་ལུ་གཟུགས་བརྙན་ཞུན་དག་འབད་ནི་ལུ་བརྡ་བཀོད་ཡོད་ དེ་ལས་ ཤོག་ཁྲམ་ལུ་རྩིས་ལས་ཀྱི་བརྡ་བཀོད་ཚུ་ཡོད།

པི་ཨེན་ཇི།

Portable Network Graphics (PNG) is a graphic file format. The files are compressed with a selectable compression factor, and, as opposed to the JPG format, PNG files are always compressed without any information loss.

བི་ཛིཡར་གྱི་དངོས་པོ།

ཕིརེནཆི་རྩིས་རིག་མཁྱེན་པི་རི་བའི་ཛིཡར་གྱིས་བཟོ་ཡོད་པའི་ བ་ཛིཡར་གུག་གུགཔ་འདི་ མཚོན་གྲངས་ཀྱི་ཚད་རིས་འཇུག་སྤྱོད་གཉིས་ནང་ལུ་ལག་ལེན་འཐབ་མི་ རྩིས་རིག་ཀྱི་ངེས་འཛིན་འབད་ཡོད་པའི་གུག་གུགཔ་ཚུ་ཨིན། གུག་གུགཔ་འདི་དོན་ཚན་བཞི་གིས་ངེས་འཛིན་འབད་ཡོད་ : འགོ་ཐོག་གི་གནས་ས་དང་མཇུག་བསྡུ་བའི་གནས་ས་དེ་ལས་ བར་ན་ཁ་འཕྱེལ་འཕྱེལ་བའི་དོན་ཚན་ཚུ་ཨིན། བ་ཛིཡར་གྱི་དངོས་པོ་འདི་ མཱའུསི་དང་ཅིག་ཁར་དོན་ཚད་དེ་ཚུ་སྤོ་བཤུད་འབད་བཏུབ།

མཐུན་འབྲེལ་གྱི་གནད་སྡུད་གཞི་རྟེན།

མཐུན་འབྲེལ་གྱི་གནད་སྡུད་གཞི་རྟེན་འདི་ གནད་སྡུད་འདི་འཛུལ་སྤྱོད་འབད་ཚུགས་ནི་ཡང་ཅིན་ གནད་སྡུད་གཞི་རྟེན་ཐིག་ཁྲམ་ཚུ་ངོས་འཛིན་འབད་མ་དགོ་པར་ ཐབས་ལམ་སོ་སོ་ལས་ཤ་ཅིག་ནང་སླར་འཛོམས་ཡོད་མི་ལས་ འགྲོ་ལུགས་ལྟར་དུ་འགྲེལ་བཤད་འབད་ཡོད་མི་ཐིག་ཁྲམ་གྱི་གཞི་སྒྲིག་བཟུམ་སྦེ་ འགོ་འདྲེན་འཐབ་མིའི་རྣམ་གྲངས་གནད་སྡུད་གི་བསྡུ་གསོག་ཨིན།

མཐུན་འབྲེལ་གྱི་གནད་སྡུད་གཞི་རྟེན་འཛིན་སྐྱོང་རམ་ལུགས་འདི་(RDBMS) ཁྱོད་ལུ་ མཐུན་འབྲེལ་གནད་སྡུད་གཞི་རྟེན་ཅིག་བདག་སྐྱོང་འཐབ་ནི་དང་དུས་མཐུན་བཟོ་ནི་དེ་ལས་གསར་བསྐྲུན་འབད་བཅུག་མི་འདི་ཨིན། ཨར་ཌི་བི་ཨེམ་ཨེསི་གིས་ འཇུག་སྤྱོད་ལས་རིམ་ནང་གི་ལག་ལེན་པ་གིས་བཙུགས་ཡོད་མི་ བཀོད་སྒྲིག་འདྲི་སྤྱོད་སྐད་ཡིག་(SQL)གསལ་བཤད་འབག་དོ་ཡོདཔ་ཨིནམ་དང་ གསར་བསྐྲུན་དང་ དུས་མཐུན་བཟོ་ནི་ཡང་ཅིན་ གནད་སྡུད་གཞི་རྟེན་ལུ་འཛུལ་སྤྱོད་འབད་ནི་བྱིནམ་ཨིན།

མཐུན་འབྲེལ་གྱི་གནད་སྡུད་གཞི་རྟེན་གྱི་དཔེ་བཟང་པོ་འདི་ ཚོང་འགྲོན་པ་ ཉོ་ཚོང་དང་ཨིན་བོའིསི་ཐིག་ཁྲམ་ཚུ་ཡོད་མི་གནད་སྡུད་གཞི་རྟེན་ཉོ་ཐོག་ལས་བྱིན་ཚུགས། ཨིན་བོའིསི་ཐིག་ཁྲམ་ནང་ལུ་ཚོང་མགྲོན་པ་ངོ་མ་དང་ཡང་ཅིན་ཉོ་བའི་གནད་སྡུད་མེདཔ་ཨིན་ ཨིན་རུང་ ཐིག་ཁྲམ་དེ་ལུ་ རང་རང་གི་ཚོང་མགྲོན་པ་དང་ ཉོ་ཐོག་ཐིག་ཁྲམ་གྱི་ས་སྒོ་ཚུ་ལུ་ མཐུན་འབྲེལ་གྱི་འབྲེལ་ལམ་ཡང་ན་ མཐུན་འབྲེལ་ཅིག་ལས་བརྒྱུད་དེ་གཞི་བསྟུན་འབདཝ་ཨིན། (དཔེར་ན་ , ཚོང་མགྲོན་པའི་ཐིག་ཁྲམ་ལས་ཚོང་མགྲོན་པའི་ཨའི་ཌི་ས་སྒོ་བཟུམ།).

ཝི་ཌོསི་དང་ཨོར་ཕེནསི།

ཝི་ཌོསི་དང་ཨོར་ཕེནསི་ཚུ་ ལོ་མང་རབ་ཅིག་ལག་ལེན་འཐབ་འདི་ཡོད་པའི་སྔོན་རབ་དཔར་བསྐྲུན་རིག་པ་གི་ཐ་སྙད་ཅིག་ཨིན། ཝི་ཌོ་ཟེར་མི་འདི་ དོན་མཚམས་མཇུག་ལུ་ཡོད་མི་གི་གྲལ་ཐིག་ཐུང་ཀུ་འདི་ལུ་སླབ་ཨིན་ དེ་ཡང་ དཔར་བསྐྲུན་འབད་བའི་བསྒང་ ཤུལ་མའི་ཤོག་ལེབ་ཀྱི་མགོ་ལུ་རྐྱངམ་ཅིག་འབྱུངམ་་ཨིན། ཨོར་ཕེན་འདི་ ཁྱད་པར་ནང་འབད་བ་ཅིན་ སྔོན་མའི་ཤོག་ལེབ་ཀྱི་འོག་ལུ་ དཔར་བསྐྲུན་འབད་ཡོད་མི་ དོན་མཚམས་ཀྱི་གྲལ་ཐིག་དང་པ་འདི་ཨིན། LibreOffice ཚིག་ཡིག་ཡིག་ཆ་ནང་ རེ་འདུན་དོན་མཚམས་བཟོ་རྣམ་ནང་ནི་བཟུམ་འབྱུང་མི་འདི་ ཁྱོད་ཀྱིས་རང་བཞིན་གྱིས་འབད་སྔོན་བཀག་འབད་བཏུབ། ནི་འབད་བའི་བསྒང་ ཤོག་ལེབ་གུ་ཅིག་ཁར་བཞག་ནིའི་དོན་ལས་ གྲལ་ཐིག་ཚུ་གི་མང་ཉུང་ ཉུང་མཐའ་འདི་ ཁྱོད་ཀྱིས་གཏན་འབེབས་བཟོ་བཏུབ།

འབྲེལ་བའི་ཐོག་ལས་དང་ཆ་ཚང་སྲུངས་དོ།

ཌའི་ལོག་སྣ་མང་ནང་ལུ་(དཔེར་ན་, ཞུན་དག་འབད་ - རང་བཞིན་གྱི་ཚིག་ཡིག་)ཁྱོད་རང་ ཡིག་སྣོད་ཚུ་མཐུན་འབྲེལ་གྱི་ཐོག་ལས་དང་ཆ་ཚང་འབད་སྲུང་ནི་ཨིན་ན་མེན་ན་སེལ་འཐུ་འབད།

འབྲེལ་བ་ཡོད་པའི་སྲུངས་བཞག་ལུ་ཁྱོད་ཀྱིས་གདམ་ཁ་རྐྱབ་པ་ཅིན་ ཁྱོད་ཀྱི་ཡིག་ཆ་ནང་ལུ་ཡོད་མི་ གཞན་མི་དངོས་པོ་ཚུ་ ཡང་ན་ ཚད་རིས་གནས་འདྲེན་ལུ་གཞི་བསྟུན་འབད་ཡོད་མི་འདི་ ཡིག་སྣོད་རིམ་ལུགས་ནང་གི་གནས་ཁོངས་ལུ་འབྲེལ་བའི་ཐོག་ལས་སྲུངས་འོང་། གནད་དོན་དེ་གི་ནང་ལུ་ སྣོད་ཐོ་གཞི་བསྟུན་འདི་ག་སྟེ་ལུ་སྒྲ་བཟུང་འབད་ཡོད་རུང་ཁྱད་མེད། གཞི་བསྟུན་འདི་འདྲན་འཕྲུལ་ཡང་ན་ སྦུང་ཚད་གུ་ལུས་པའི་རིང་ལུ་ ཡིག་སྣོད་ཚུ་ གནས་ཁོངས་ལུ་དབྱེ་བ་མེདཔ་སྦེ་ཐོབ་ཨིན། སྣོད་ཐོ་གཞི་བཀོད་སོ་སོ་དང་འདྲེན་བྱེད་ ཡང་ཅིན་ སྦུང་ཚད་ཀྱི་མིང་ཚུ་ཡོད་མི་གློག་རིག་གཞན་མི་ནང་ ཡིག་ཆ་འཐོབ་ཚུགས་བཟོ་ནི་ཨིན་པ་ཅིན་ དེ་ཚུ་གལ་ཅན་ཨིན། ཨིན་ཊར་ནེཊི་སར་བར་གུ་ ཁྱོད་ཀྱིས་སྣོད་ཐོ་ཅིག་གསར་བསྐྲུན་འབད་ནི་ཨིན་པ་ཅིན་ དེ་ཡང་འབྲེལ་བའི་ཐོག་ལས་སྲུངས་ཟེར་འོས་སྦྱོར་འབད་ཡོད།

ཁྱོད་ཀྱིས་ སྲུང་བཞག་འདི་ཡང་དག་སྦེ་དགོ་པ་ཅིན་ ཡིག་སྣོད་གཞན་མི་ཚུ་ལུ་ཡོད་པའི་གཞི་རྟེན་ཆ་མཉམ་རང་ རང་རང་གི་འདྲེན་བྱེད་དང་སྦུང་ཚད་ཡང་ཅིན་སྣོད་ཐོ་གི་རྩ་བ་གུ་གཞི་བཞག་སྟེ་ཡང་དག་ཟེར་ངོས་འཛིན་འབད་དེ་ཡོད། དེ་གི་ཁེ་ཕན་འདི་ གཞི་བསྟུན་ཡོད་མི་གི་ཡི་གཆ་འདི་ གཞན་མི་སྣོད་ཐོ་ཚུ་ཡང་ཅིན་སྣོད་འཛིན་ལུ་ སྤོ་བཤུད་འབད་བཏུབ་ནི་དང་གཞི་བསྟུན་འདི་ནུས་ཅན་སྦེ་ལུསཔ་ཨིན།

འབྲེལ་མཐུད།

Links བརྡ་བཀོད་འདི་ Editདཀར་ཆག་ནང་ལུ་འཐོབ་ཨིན། ད་ལྟོའི་ཡིག་ཆ་ནང་ལུ་འབྲལ་མཐུད་ཅིག་ཡོདཔ་ད་རྐྱངམ་ཅིག་ བརྡ་བཀོད་འདི་གིས་ཤུགས་ལྡན་བཟོ་བཏུབ། དཔེར་ན་ ཚད་རིས་བཟུམ་གྱི་དངོས་པོ་ཅིག་ཁྱོད་ཀྱིས་བཙུགསཔ་ད་ ཁྱོད་ཀྱིས་ ཡིག་ཆ་ནང་ལུ་ཐད་ཀར་དུ་འདྲ་བཤུས་བརྐྱབ་རུང་ཡང་ཅིན་ འབྲེལ་མཐུད་འབད་བཙུགས་རུང་བཏུབ།

དངོས་པོ་དེ་ཐད་ཀར་དུ་ཡིག་ཆ་ནང་འདྲ་བཤུས་བརྐྱབ་ད་ ཡིག་ཆ་གི་ཚད་འདི་ (ཉུང་ཤོས་རང་)དངོས་པོའི་བཱའིཊིསི་ནང་གི་ཚད་ལས་ཡར་འཕར་འགྱོཝ་ཨིན། ཁྱོད་ཀྱིས་ ཡིག་ཆ་འདི་སྲུང་བཞག་འབད་ནི་དང་ གློག་རིག་གཞན་མི་ནང་ལུ་ཁ་ཕྱེ་བ་ཅིན་ བཙུགས་ཡོད་པའི་དངོས་པོ་དེ་ ཡིག་ཆའི་ནང་ལུ་གནས་ས་གཅིག་པ་ལུ་སྡོད་འོང་།

ཁྱོད་ཀྱིས་དངོས་པོ་འདི་ འབྲེལ་མཐུད་འབད་བཙུགས་པ་ཅིན་ ཡིག་སྣོད་ལུ་གཞི་བསྟུན་རྐྱངམ་ཅིག་བཙུགས་ནུག་ ཡིག་ཆ་གི་ཡིག་སྣོད་ཚད་འདི་ འགྲུལ་ལམ་དང་ཡིག་སྣོད་གཞི་བསྟུན་གིས་རྐྱངམ་ཅིག་ཡར་འཕར་འབདཝ་ཨིན། ཁྱོད་ཀྱིས་ ཁྱོད་རའི་ཡིག་ཆ་འདི་གློག་རིག་གཞན་མི་ཅིག་ནང་ལུ་ཁ་ཕྱེ་བ་ཅིན་ འབྲེལ་མཐུད་ཡིག་སྣོད་འདི་ ཡིག་ཆའི་ནང་གི་དངོས་པོ་སྟོན་ནི་ལུ་གཞི་བསྟུན་བྱིན་དེ་ཡོད་མི་བཟུམ་ གནས་ས་གཅིག་ལུ་སྡོད་དགོ།

Use Edit - Links to see which files are inserted as links. The links can be removed if required. This will break the link and insert the object directly.

རྩ་སྒྲིག་འབད་དོ།

རྩ་སྒྲིག་འབད་ནི་འདི་གིས་མིང་ཚིག་-ལས་སྦྱོར་འབད་ནི་ཡང་ན་ཌི་ཊི་པི་ལས་རིམ་ཅིག་ལག་ལེན་འཐབ་དེ་ཚིག་ཡིག་གི་མཐོང་བའི་སྒྲིག་བཀོད་འདི་ལུ་གཞི་བསྟུན་འབདཝ་ཨིན། འདི་ནང་ཤོག་ལེབ་རྩ་སྒྲིག་ ཤོག་ལེབ་མཐའ་མཚམས་ཚུ་ ཡིག་གཟུགས་ཚུ་དང་ཡིག་གཟུགས་ནུས་ཅན་ཚུ་ངེས་འཛིན་འབད་ནི་དེ་བཟུམ་སྦེ་འགོ་མཚམས་ཚུ་དང་བར་སྟོང་བཞག་ཐངས་གྲངས་སུ་ཚུདཔ་ཨིན། ཁྱོད་ཀྱིས་ཚིག་ཡིག་རྩ་སྒྲིིག་ ཐད་ཀར་དུ་ཡང་ན་བཟོ་རྣམ་ཚུ་དང་གཅིག་ཁར་ བྱིན་ཡོད་མི་གིས་ LibreOffice་འབད་བཏུབ་ཨིན།

སྐབས་དོན་གྱི་དཀར་ཆག

དངོས་པོ་གི་སྐབས་དོན་་དཀར་ཆག་འདི་ཤུགས་ལྡན་བཟོ་ནའི་དོན་ལས་ དང་པ་རང་ དངོས་པོ་འདི་ དང་བཅས་ཨེབ་ནི་དང་ མཱའུསི་ཨེབ་རྟ་འདི་སེལ་འཐུ་འབད་ནའི་དོན་ལུ་ཨིན་ དེ་ལས་ དངོས་པོ་འདི་སེལ་འཐུ་འདབ་འདི་མེད་རུང་ནང་དོན་དཀར་ཆག་ལ་ལོ་ཅིག་བོད་བརྡ་འབད་བཏུབ། LibreOffice ནང་ལུ་ནང་དོན་གྱི་དཀར་ཆག་འདི་ག་སྟེ་རང་ཐོབ་ཚུགས།

ཨང་གྲངས་ཀྱི་རིམ་ལུགས།

ཨང་གྲངས་རིམ་ལུགས་འདི་ ཨང་གྲངས་ཚུའི་ཚབ་ཀྱི་དོན་ལུ་ འཐོབ་ཚུགས་ཡོད་མི་ཡིག་འབྲུ་ཚུ་གི་ཨང་གྲངས་ཀྱིས་གཏན་འབེབ་བཟོ་ཡོད། དཔེར་ན་ བཅུ་ཚག་རིམ་ལུགས་འདི་ ཨང་གྲངས་(༠..༩)གུ་གཞི་རྟེན་འབད་ཡོདཔ་དང་ ཟུང་ལྡན་རིམ་ལུགས་འདི་ ཨང་གྲངས་༠་དང་༡་གུ་གཞི་རྟེན་འབད་ཡོད་ དེ་ལས་ ཧེག་ཟ་ཌེ་སི་མཱལ་རིམ་ལུགས་འདི་ ཡིག་འབྲུ་༡༦་(༠...༩ དང་ ཨེ་...ཨེཕ་)གུ་གཞི་རྟེན་འབད་ཡོད།

ཨའི་ཨེམ་ཨི།

ཨའི་ཨེམ་ཨི་འདི་ ཨིན་པུཊི་ཐབས་ལམ་ཞུན་དང་འཙད་མི་ལུ་གོཝ་ཨིན། ཚད་ལྡན་གྱི་ལྡེ་སྒོམ་ལག་ལེན་འཐབ་ཐོག་ལས་ ཝེསི་ཊན་མེན་མིའི་ཡིག་འབྲུ་གཞི་སྒྲིག་ལས་ ལག་ལེན་པ་ལུ་གོ་དཀའ་བའི་ཡིག་འབྲུ་ཚུ་བཙུགས་བཅུགས་མི་ལས་རིམ་ཨིན།

ཨར་ཊི་ཨེཕ།

རིཆ་ཊེགསི་རྩ་སྒྲིག་(RTF)ཟེར་མི་འདི་ཚིག་ཡིག་གི་ཡིག་སྣོད་བརྗེ་སོར་གྱི་དོན་ལུ་བཟོ་ཡོད་མི་གི་ཡིག་སྣོད་རྩ་སྒྲིག་འདི་ཨན། དམིགས་བསལ་གྱི་ཁྱད་རྣམ་ཟེར་མི་འདི་ རྩ་སྒྲིག་འབད་མི་འདི་ཐད་ཀར་དུ་ལྷག་བཏུབ་པའི་ཚིག་ཡིག་བརྡ་དོན་ནང་ལུ་གཞི་བསྒྱུར་འབད་མི་འདི་ཨིན། ཁ་རྗེ་མེད་པར་ གཞན་མི་ཡིག་སྣོད་ཀྱི་རྩ་སྒྲིག་དང་ཅིག་ཁར་ག་བསྡུར་རྐྱབས་ད་ དེ་གིས་འབྲེལ་བའི་ཡིག་སྣོད་ཚུ་སྦོམ་གསར་བསྒྲུན་འབདཝ་ཨིན།

ཨེ་ཨེསི་སི་ཨའི་ཨའི།

བརྡ་དོན་ཕན་ཚུན་བརྫེ་སོར་གྱི་དོན་ལུ་ཨེ་མི་རི་ཀཱན་ཚད་ལྡན་ཨང་རྟགས་ཀྱི་དོན་ལུ་སྡུད་ཚིག་ ཨེ་ཨེསི་སི་ཨའི་ཨའི་ཟེར་མི་འདི་ རང་དོན་གློག་རིག་གུ་ཡིག་གཟུགས་བཀྲམ་སྟོན་འབད་ནིའི་དོན་ལུ་ཡིག་འབྲུའི་གཞི་སྒྲིག་ཅིག་ཨིན། དེ་གིས་ ཡིག་གུ་ཚུ་དང་ཨང་གྲངས་ཚུ་ ཡིག་རྟགས་ཚུ་དེ་ལས་ བརྡ་མཚོན་ཚུ་བརྩིས་ཏེ་ ཡིག་འབྲུ་༡༢༨་ཡོདཔ་ཨིན། རྒྱ་བསྐྱེད་ཅན་གྱི་ཨེ་ཨེསི་སི་ཨའི་ཨའི་ ཡིག་འབྲུ་གཞི་སྒྲིགས་དེ་གིས་ཡིག་འབྲུ་༢༥༦་ཡོདཔ་ཨིན། ཡིག་འབྲུ་རེ་རེ་གིས་ཨང་གྲངས་མཐུན་མོང་མ་ཡིན་པ་ཅིག་འགན་སྤྲོད་ཡོདཔ་དང་ ཨེ་ཨེསི་སི་ཨའི་ཨའི་ཨང་རྟགས་ལུ་ཡང་གཞི་བསྟུན་འབད་ཡོད།

ཨེཆ་ཊི་ཨེམ་ཨེལ་ཤོག་ལེབ་ཚུ་གིས་ ༧་བིཊི་ཨེ་ཨེསི་སི་ཨའི་ཨའི་ཡིག་འབྲུ་གཞི་སྒྲིག་ལས་ཡིག་འབྲུ་ཚུ་རྐྱངམ་ཅིག་འབྱུང་དགོཔ་ཨིན། ཇར་མཱན་ཨམལུཊིསི་བཟུམ་གྱི་གཞན་མི་ཡིག་འབྲུ་ཚུ་ ཨང་རྟགས་ཁ་འཕྱེལ་འཕྱེལཝ་གི་ཐབས་ལམ་གྱིས་འབད་ཁྱད་པར་འཕྱལ་དེ་ཡོདཔ་ཨིན། ཉེར་མཁོའི་གཞི་བསྒྱུར་འདི་རང་བཞིན་གྱིས་འབད་ LibreOffice ཕྱིར་འདྲེན་ཚགས་མ་གིས་ལཱ་འགན་འགྲུབ་ཨིན།

ཨེསི་ཀིའུ་ཨེལ་གནད་སྡུད་གཞ་རྟེན་/ཨེསི་ཀིའུ་ཨེལ་སར་བར།

ཨེསི་ཀིའུ་ཨེལ་གནད་སྡུད་གཞི་རྟེན་ཟེར་མི་འདི་ ཨེསི་ཀིའུ་ཨེལ་ ངོས་འདྲ་བ་འབྱིན་མི་གནད་སྡུད་གཞི་རྟེན་གྱི་རིམ་ལུགས་ཅིག་ཨིན། ཨེསི་ཀིའུ་ཨེལ་གནད་སྡུད་གཞི་རྟེན་ཚུ་འཕྲལ་འཕྲལ་རང་ དབུས་ཀྱི་སར་བར་ སོ་སོ་ཞབས་རྟོག་སྤྱོད་མི་ནང་གི་ ཞབས་རྟོག་སྤྱོད་མི་ཡོངས་འབྲེལ་ནང་ལག་ལེན་འཐབ་ཨིན་ (དཔེར་ན་, ཨེསི་ཀིའུ་ཨུལ་སར་བར་བཟུམ་) དེ་བཟུམ་སྦེ་ དེ་ཚུ་ལུ་ཨེསི་ཀིའུ་ཨེལ་སར་བར་གནད་སྡུད་ཡང་ཅིན་ ཐུང་ཀུ་གི་དོན་ལུ་ ཨེསི་ཀིའུ་ཨེལ་སར་བར་ཟེར་ཡང་སླབ་ཨིན།

LibreOffice ནང་ ཁྱོད་ཀྱིས་ ཕྱིའི་ཨེསི་ཀིའུ་ཨེལ་གནད་སྡུད་གཞི་རྟེན་ཧྲིལ་པོ་བཟོ། དེ་ཡང་ ཁྱོད་རའི་ཉེས་གནས་ཀྱི་ཧརཌི་ཌིཀིསི་ དང་ ཡོངས་འབྲེལ་གུ་གནས་དེ་འོང་། ཨོ་ཌི་བི་སི་ ལས་བརྒྱུད་དེ་ ཡང་ན་ LibreOffice ནང་ལུ་ཡུལ་མི་འདྲེན་བྱེད་ ཧྲིལ་པོ་ལས་བརྒྱུད་དེ་ འཛུལ་སྤྱོད་འདི་གྲུབ་ཡོད།

ཨེསི་ཀིའུ་ཨེལ།

གཞི་བཀོད་འདྲི་དཔྱད་སྐད་ཡིག་(SQL)ཟེར་མི་འདི་ གནད་སྡུད་གཞི་རྟེན་འདྲི་དཔྱད་འབད་ནིའི་དོན་ལུ་ལག་ལེན་འཐབ་པའི་སྐད་ཡིག་འདི་ཨིན། LibreOffice ནང་ལུ་ འདྲན་བྱེད་ཚུ་ ཨེསི་ཀིའུ་ཨེལ་ཡང་ན་ མཱའུསི་དང་ཅིག་ཁར་་ཕན་ཚུན་འབྲེལ་ལྡན་ནང་ལུ་འབད་སྒྲིག་རུང་བཏུབ།

ཨོ་ཌི་བི་སི།

ཁ་ཕྱེ་བའི་གནད་སྡུད་གཞི་རྟེན་འབྲེལ་མཐུད་ (ODBC)འདི་ འཇུག་སྤྱོད་ཀྱིས་ གནད་སྡུད་གཞི་རྟེན་རིམ་ལུགས་འཛུལ་སྤྱོད་འབད་བཏུབ་པའི་ གནད་སྤེལ་ལམ་ལུགས་ཀྱི་ཚད་གཞི་ཨིན། འདྲི་དཔྱད་སྐད་ཡིག་ལག་ལེན་འཐབ་མི་འདི་ གཞི་བཀོད་འབད་ཡོད་མི་འདྲི་དཔྱད་སྐད་ཡིག་ཨིན།(SQL)LibreOffice ནང་ལུ་ཁྱོད་ཀྱིས་ གནད་སྡུད་གཞི་རྟེན་གྱི་དོན་ལུ་ འདྲི་དཔྱད་ཚུ་གཡོག་བཀོལ་ནི་ལུ་ཨེསི་ཀིའུ་ཨེལ་བརྡ་བཀོད་ཚུ་ ལག་ལེན་འཐབ་ནི་ཨིན་ན་མེན་ན་ཚུ་གཏན་འབེབ་བཟོ། ཐབས་གཞན་འབད་ མཱའུསི་ཀིལིཀི་གིས་ ཁྱོད་རའི་འདྲི་དཔྱད་ངེས་འཛིན་འབད་ནི་ལུ་ ཁྱོད་ཀྱིས་ཕན་ཚུན་འབྲེལ་ལྡན་གྱི་སྒྲོག་རམ་ལག་ལེན་འཐབ་བཞིནམ་ལས་ LibreOffice གི་འབད་རང་བཞིན་གྱིས་ཨེསི་ཀིའུ་ཨེལ་ནང་ལུ་སྐད་བསྒྱུར་འབད་བཅུག་ད།

ཨོ་ཨེལ་ཨི།

དངོས་པོ་འབྲེལ་མཐུད་དང་གནས་འདྲན་བའི་བསྒང་གི་དངོས་པོ་ཚུ་ དམིགས་གཏད་ཡིག་ཆ་ལུ་འབྲེལ་མཐུད་འབད་བཏུབ་ནི་དང་ཡང་ན་ གནས་འདྲན་འབད་འོང་། དམིགས་གཏད་ཡིག་ཆ་ནང་གི་འབྱུང་ཁུངས་ལས་རིམ་གྱི་རྒྱས་བཤད་དང དངོས་པོའི་འདྲ་བཤུས་ཅིག་འབྲེལ་མཐུད་ཀྱིས་བཙུགསཔ་ཨིན། ཁྱོད་ཀྱིས་དངོས་པོ་འདི་ཞུན་དག་འབད་དགོ་པ་ཅིན་ དངོས་པོ་གུ་ཨེབ་རྟ་ཚར་གཉིས་ཨེབ་པའི་གོ་ལས་འབྱུང་ཁུངས་ལས་རིམ་འདི་ཤུགས་ལྡན་བཟོ།