LibreOffice ཌཱ་ཁྱད་རྣམ་ཚུ་

LibreOffice ཌཱ་འདི་གིས་ ཁྱོད་ལུ་འཇམ་སམ་དང་གོ་དཀའ་བའི་པར་རིས་ཚུ་གསར་བསྐྲུན་འབད་བཅུགཔ་ཨིནམ་དང་ ཐུན་མོང་གཟུགས་བརྙན་རྩ་སྒྲིག་གི་ཨང་གྲངས་ཅིག་ནང་དེ་ཚུ་ཕྱིར་འདྲེན་འབད་བཅུགཔ་ཨིན། དེ་མ་ཚད་ཁྱོད་ཀྱིས་ ཁྱོད་རའི་པར་རིས་ཚུ་ནང་ ཐིག་ཁྲམ་དང་དཔེ་རིས་ཚུ་དེ་ལས་ མན་ངག་དང་གཞན་ LibreOffice ལས་རིམ་ཚུ་ནང་གསར་བསྐྲུན་འབད་ཡོད་པའི་རྣམ་གྲངས་ཚུ་བཙུགས་བཏུབ།

མཉམ་ཐིག་ཚད་རིས་ཚུ།

LibreOfficeཌཱ་གིས་ ཨང་རྩིས་མཉམ་ཐིག་གིས་ངེས་འཛིན་འབད་ཡོད་པའི་གྲལ་ཐིག་དང་གུག་གུགཔ་ཚུ་ལག་ལེན་འཐབ་པའི་ཐོག་ལས་ མཉམ་ཐིག་ཚད་རིས་ཚུ་གསར་བསྐྲུན་འབད་ཚུགས། མཉམ་ཐིག་གིས་ དེ་ཚུ་གི་ཐིག་རྩིས་དང་འཁྲིལ་ཏེ་ གྲལ་ཐིག་དང་སྒོང་དབྱིབས་ཚུ་དེ་ལས་ཟུར་མང་དབྱིབས་ཚུ་འགྲེལ་བཤད་འབདཝ་ཨིན།

༣ཌི་དངོས་པོ་ཚུ་ གསར་བསྐྲུན་འབད་དོ།

ཁྱོད་ཀྱིས་ LibreOfficeཌཱ་ནང་ལུ་ འཇམ་སམ་གྱི་ ༣ཌི་ དངོས་པོ་ དཔེར་ན་ ཤོ་དབྱིབས་དང་ཟླུམ་གཟུགས་དེ་ལས་ སི་ལིན་ཌར་ཚུ་གསར་བསྐྲུན་འབད་ཚུགས་པའི་ཁར་ དངོས་པོ་ཚུའི་འོད་ཀྱི་འབྱུང་ཁུངས་ཚུ་ཡང་ལེགས་བཅོས་འབད་ཚུགས།

Grids and Snap Lines

གིརིཌིསི་དང་ལམ་སྟོན་གྱིས་ ཁྱོད་ཀྱི་པར་རིས་ནང་དངོས་པོ་ཚུ་ཕྲང་སྒྲིག་གྲོགས་རམ་གྱི་དོན་ལུ་བརྡ་མཚོན་བྱིནམ་ཨིན། དེ་མ་ཚད་ཁྱོད་ཀྱིས་ གིརིཌི་གྲལ་ཐིག་དང་ལམ་སྟོན་ ཡང་ན་ དངོས་པོ་གཞན་གྱི་མཐའམ་ལུ་ དངོས་པོ་པར་བཏབ་ནིའི་དོན་ལུ་ གདམ་ཁ་བརྐྱབ་ཚུགས།

མཐུན་འབྲེལ་སྟོན་ནིའི་དོན་ལུ་ དངོས་པོ་ཚུ་མཐུད་དོ།

ཁྱོད་ཀྱིས་ དངོས་པོ་ཚུའི་བར་ན་མཐུན་འབྲེལ་སྟོན་ནིའི་དོན་ལས་ LibreOffice ཌཱ་ནང་ དམིགས་བསལ་གྱི་གྲལ་ཐིག་"connectors"ཟེར་མི་དང་བཅས་ དངོས་པོ་ཚུ་མཐུད་ཚུགས། པར་རིས་དངོས་པོའི་གུ་མཐུད་བྱེད་ཚུ་ གུ་ལུ་པོ་ཡིནཊིསི་ལུ་མཉམ་སྦྲགས་དང་འབྲེལ་མཐུད་འབད་ཡོད་པའི་དངོས་པོ་ཚུ་རྩ་བསྐྲད་བཏངམ་ད་ མཉམ་སྦྲགས་འབད་དེ་སྡོད་འོང་། མཐུད་བྱེད་ཚུ་ ཚོགས་སྡེ་དཔེ་རིས་དང་ཐབས་རིག་བཀོད་རིས་ཚུ་གསར་བསྐྲུན་འབད་ནིའི་དོན་ལས་ ཕན་ཐོགས་ཅན་ཅིག་ཨིན།

རྒྱ་ཁྱོན་བཀྲམ་སྟོན་འབད་དོ།

ཐབས་རིག་བཀོད་རིས་ཀྱིས་འཕྲལ་འཕྲལ་རང་པར་རིས་ནང་ དངོས་པོ་ཚུའི་རྒྱ་ཁྱོན་སྟོནམ་ཨིན། LibreOfficeཌཱ་ནང་ ཁྱོད་ཀྱིས་རྩིས་སྟོན་ནི་དང་ཐིག་གི་རྒྱ་ཁྱོན་ཚུ་བཀྲམ་སྟོན་འབད་ནིའི་དོན་ལས་ རྒྱ་ཁྱོན་གྲལ་ཐིག་ཚུ་ལག་ལེན་འཐབ་ཚུགས།

སྟོན་ཁང་།

སྟོན་ཁང་ནང་ལུ་ གཟུགས་བརྙན་དང་བསྒུལ་བཟོ་དེ་ལས་ སྒྲ་སྐད་དང་གཞན་རྣམ་གྲངས་ཚུ་ཡོདཔ་ཨིནམ་དང་ དེ་ཚུ་ཁྱོད་ཀྱིས་བཙུགས་བཏུབ་དང་ཁྱོད་རའི་པར་རིས་ཚུ་ནང་མ་ཚད་པར་ གཞན་LibreOfficeལས་རིམ་ཚུ་ནང་ལུ་ཡང་ལག་ལེན་འཐབ་བཏུབ།

ཚད་རིས་ཡིག་སྣོད་རྩ་སྒྲིག

LibreOffice ཌཱ་གིས་ དཔེར་ན་ བི་ཨེམ་པི་དང་ཇི་ཨའི་ཨེཕི་དེ་ལས་ ཇེ་པི་ཇི་དང་པི་ཨེན་ཇི་ལ་སོགས་པའི་ཐུན་མོང་ཚད་རིས་ཡིག་སྣོད་རྩ་སྒྲིག་ལེ་ཤ་ཅིག་ལུ་ཕྱིར་འདྲེན་འབད་ཚུགས།