སྟེགས་རིས་ཀྱི་བཀང་བ་ཚུ་ གསར་བསྐྲུན་འབད་དོ་་

སྟེགས་རིས་ཀྱི་བཀང་བ་འདི་ ཚོས་གཞི་སོ་སོ་གཉིས་ཀྱི་ཡར་འཕར་མཉམ་སྡེབ་ཨིན་ ཡང་ན་ ཁྱོད་ཀྱིས་ པར་རིས་དངོས་པོ་ཅིག་ལུ་འཇུག་སྤྱོད་འབད་བཏུབ་པའི་ཚོས་གཞི་ཅོག་འཐད་པའི་ནག་གྲིབ་ཚུ་ཨིན།

སྟེགས་རིས་འཇུག་སྤྱོད་འབད་ནི་ལུ་:

  1. དཔར་་རིས་དངོས་པོ་ཅིག་ སེལ་འཐུ་འམབད།

  2. རྩ་སྒྲིག་-མངའ་ཁོངས་གདམ་ཞིནམ་ལས་ སྟེགས་རིས་འདི་ བཀང་བ་དབྱེ་བ་སྦེ་ སེལ་འཐུ་འབད།

  3. ཐོ་ཡིག་ནང་ལས་ སྟེགས་རིས་ཀྱི་བཟོ་རྣམ་སེལ་འཐུ་འབད་ཞིནམ་ལས་ བཏུབ་ལུ་ ཨེབ་གཏང་འབད།

སྲོལ་སྒྲིག་སྟེགས་རིས་ཚུ་ གསར་བསྐྲུན་འབད་དོ།

ཁྱོད་ཀྱིས་ཁྱོད་རའི་སྟེགས་རིས་ཚུ་ངེས་འཛིན་འབད་ཚུགས་པ་མ་ཚད་ཡོད་བཞིན་པའི་སྟེགས་རིས་ཚུ་ལེགས་བཅོས་འབད་ཚུགས་ དེ་མ་ཚད་སྲུང་ནི་དང་སྟེགས་རིས་ཡིག་སྣོད་ཚུའི་ཐོ་ཡིག་ཅིག་ མངོན་གསལ་འབད་ཚུགས།

སྲོལ་སྒྲིག་སྟེགས་རིས་ གསར་བསྐྲུན་འབད་ནི་ལུ་:

  1. རྩ་སྒྲིག་-མངའ་ཁོངས་ གདམ་ཞིནམ་ལས་ སྟེགས་རིས་ཚུ་མཆོང་ལྡེ་ལུ་ ཨེབ་གཏང་འབད།

  2. ཁྱོད་ཀྱི་སྟེགས་རིས་གསརཔ་གི་དོན་ལས་ གཞི་རྩ་སྦེ་ལག་ལེན་འཐབ་ནིའི་དོན་ལུ་ ཐོ་ཡིག་ནང་ལས་ སྟེགས་རིས་ཅིག་གསར་བསྐྲུན་འབད་ཞིནམ་ལས་ ཁ་སྐོང་ལུ་ཨེབ་གཏང་འབད།

  3. སྟེགས་རིས་ཀྱི་དོན་ལུ་ ཚིག་ཡིག་སྒྲོམ་ནང་ལུ་ མིང་ཡིག་དཔར་རྐྱབས་དེ་ལས་ བཏུབ་ལུ་ཨེབ་གཏང་འབད།

    མིང་འདི་ སྟེགས་རིས་ཐོ་ཡིག་གི་མཇུག་ལུ་ འབྱུངམ་ཨིནམ་དང་འདི་ ཞུན་དག་འབད་ནིའི་དོན་ལུ་ སེལ་འཐུ་འབད་ཡི།

  4. སྟེགས་རིས་ཀྱི་རྒྱུ་དངོས་ཚུ་གཞི་སྒྲིག་འབད་ཞིནམ་ལས་ སྟེགས་རིས་སྲུང་ནིའི་དོན་ལུ་ ལེགས་བཅོས་ ལུ་ཨེབ་གཏང་འབད།

  5. བཏུབ་ལུ་ཨེབ་གཏང་འབད།

སྟེགས་རིས་ཚུ་དང་དྭངས་གསལ་ ལག་ལེན་འཐབ་དོ།

ཁྱོད་ཀྱིས་ སྟེགས་རིས་ཀྱི་རྒྱུ་དངོས་ཚུ་གིས་མ་ཚད་པར་ ཁྱོད་རའི་མའུསི་གི་ཐོག་ལས་ པར་རིས་དངོས་པོ་ཅིག་ བདེ་སྒྲིག་འབད་ཚུགས།

པར་རིས་དངོས་པོའི་སྟེགས་རིས་ བདེ་སྒྲིག་འབད་ནི་ལུ་:

  1. ཁྱོད་ཀྱིས་ལེགས་བཅོས་འབད་ནི་ཨིན་པའི་སྟེགས་རིས་དང་བཅས་ པར་རིས་དངོས་པོ་ཅིག་ སེལ་འཐུ་འབད།

  2. རྩ་སྒྲིག་-མངའ་ཁོངས་ གདམ་ཞིནམ་ལས་ སྟེགས་རིས་ཚུ་མཆོང་ལྡེ་ལུ་ ཨེབ་གཏང་འབད།

  3. ཁྱོད་རའི་དགོས་མཁོ་དང་མཐུན་ནི་ལུ་ སྟེགས་རིས་ཀྱི་དོན་ལུ་བེ་ལུསི་ བདེ་སྒྲིག་འབད་ དེ་ལས་ བཏུབ་ ལུ་ཨེབ་གཏང་འབད།

ཊི་ཨའི་པི་ངོས་དཔར།

དངོས་པོའི་དྭངས་གསལ་བདེ་སྒྲིག་འབད་ནི་ལུ་ དངོས་པོ་སེལ་འཐུ་འབད་དེ་ལས་ རྩ་སྒྲིག་-མངའ་ཁོངས་གདམ་ཁ་བརྐྱབ་ཞིནམ་ལས་ དྭངས་གསལ་ མཆོང་ལྡེ་ལུ་ཨེབ་གཏང་འབད།