དངོས་པོ་ཚུ་མཉམ་མཐུད་འབད་ནི་དང་དབྱིབས་ཚུ་བཟོ་བསྐྲུན་འབད་ནི་

ཁྱོད་ཀྱིས་ དངོས་པོ་རེ་རེ་བཞིན་དུ་ཞུན་དག་འབད་ནི་ལུ་སྡེ་ཚན་བཙུགས་མ་ཚུགསཔ་མ་གཏོགས་ཅིགཔ་ གཞན་མཉམ་མཐུད་འབད་ཡོད་པའི་པར་རིས་དངོས་པོ་ཚུ་ སྡེ་ཚན་ཅན་གྱི་དངོས་པོ་སྦེ་ ཚབ་མ་འབདཝ་ཨིན།

དྲན་འཛིན་ངོས་དཔར།

ཁྱོད་ཀྱིས་ ༢ཌི་ དངོས་པོ་ཚུ་རྐྱངམ་ཅིག་ མཉམ་མཐུད་འབད་ཚུགས།


༢ཌི་ དངོས་པོ་ཚུ་མཉམ་མཐུད་འབད་ནི་ལུ་:

  1. ༢ཌི་ དངོས་པོ་གཅིག་ཡང་ཅིན་ གཅིག་ལས་ལྷག་སྟེ་ སེལ་འཐུ་འབད།

  2. ལེགས་བཅོས་-མཉམ་མཐུད་ གདམ་ཁ་རྐྱབས།

མཉམ་མཐུད་འབད་ཡོད་པའི་སྡེ་ཚན་གྱིས་ སྡེ་ཚན་གཞན་དང་མ་འདྲཝ་སྦེ་ བརྩེགས་ཕུང་གོ་རིམ་ནང་ དངོས་པོ་དམའ་ཤོས་ཀྱི་རྒྱུ་དངོས་ཚུ་གུ་འབག་འགྱོཝ་ཨིན། ཁྱོད་ཀྱིས་ མཉམ་མཐུད་འབད་ཡོད་པའི་དངོས་པོ་ཚུ་གཤག་ཚུགས་ དེ་འབད་ཝ་ད་ དངོས་པོའི་རྒྱུ་དངོས་ངོ་མ་ཚུ་ བརླག་སྟོར་ཞུགསཔ་ཨིན།

ཁྱོད་ཀྱིས་ དངོས་པོ་ཚུ་མཉམ་མཐུད་འབདཝ་ད་ དངོས་པོ་མཐའ་མནོན་འབད་ས་ལས་ དོང་ཕུ་འབྱུངམ་ཨིན།

དངོས་པོ་ཚུ་མཉམ་མཐུད་འབད་ནི་ལུ་ རི་མོ་

རི་མོའི་ནང་ མཉམ་མཐུད་མ་འབད་བའི་དངོས་པོ་ཚུ་གཡོན་དང་ མཉམ་མཐུད་འབད་ཡོད་མི་ཚུ་གཡས་ལུ་ཡོདཔ་ཨིན།

དབྱིབས་ཚུ་བཟོ་བསྐྲུན་འབད་དོ།

ཁྱོད་ཀྱིས་ དབྱིབས་ འཇུག་སྤྱོད་འབད་བའི་ཐོག་ལས་ དབྱིབས་བཟོ་བསྐྲུན་འབད་ཚུགས་-བརྡ་བཀོད་འདི་ པར་རིས་དངོས་པོ་གཉིས་ ཡང་ཅིན་ ལེ་ཤ་ལུ་ མཉམ་བསྡོམས་འབད་ནི་དང་ཕབ་ནི་དེ་ལས་ དུམ་བུར་གཅོད།

དྲན་འཛིན་ངོས་དཔར།

དབྱིབས་ཀྱི་བརྡ་བཀོད་ཚུ་ ༢ཌི་དངོས་པོ་ཚུ་གུ་རྐྱངམ་ཅིག་ ལཱ་འབདཝ་ཨིན།


བཟོ་བསྐྲུན་འབད་ཡོད་པའི་དབྱིབས་ཚུ་གིས་ བརྩེགས་ཕུང་གོ་རིམ་ནང་ དངོས་པོ་དམའ་ཤོས་ཀྱི་རྒྱུ་དངོས་ཚུ་གུ་ འབགཔ་ཨིན།

དབྱིབས་བཟོ་བསྐྲུན་འབད་ནི་ལུ་:

  1. ༢ཌི་ དངོས་པོ་གཅིག་ཡང་ཅིན་ གཅིག་ལས་ལྷག་སྟེ་ སེལ་འཐུ་འབད།

  2. ལེགས་བཅོས་-དབྱིབས་ དེ་ལས་ འོག་གི་ནང་ལས་གཅིག་ གདམ་ཁ་རྐྱབས་:

དབྱིབས་ཀྱི་བརྡ་བཀོད་ཚུ།

འོག་གི་རི་མོ་ཚུ་ནང་ལུ་ དངོས་པོ་ངོ་མ་ཚུ་གཡོན་ལུ་ཡོདཔ་དང་ ལེགས་བཅོས་འབད་ཡོད་པའི་དངོས་པོ་ཚུ་གཡས་ལུ་ཡོདཔ་ཨིན།

དབྱིབས་ཚུ་-མཉམ་བསྡོམས།

དབྱིབས་ཚུ་མཉམ་བསྡོམས་འབད་ནིའི་དོན་ལུ་ རི་མོ་

བརྩེགས་ཕུང་གོ་རིམ་ནང་ སེལ་འཐུ་འབད་ཡོད་པའི་དངོས་པོ་ཚུའི་མངའ་ཁོངས་འདི་ དངོས་པོ་དམའ་ཤོས་ཀྱི་མངའ་ཁོངས་ནང་ ཁ་སྐོང་འབདཝ་ཨིན།

དབྱིབས་ཚུ་-ཕབ་ནི།

དབྱིབས་ཚུ་ཕབ་ནིའི་དོན་ལུ་ རི་མོ་

བརྩེགས་ཕུང་གོརིམ་ནང་ དངོས་པོ་དམའ་ཤོས་ཀྱི་མངའ་ཁོངས་ནང་ལས་ སེལ་འཐུ་འབད་ཡོད་པའི་དངོས་པོ་ཚུ་ ཕབ་ཨིན།

དབྱིབས་ཚུ་:དུམ་བུར་གཅོད་པ།

དབྱིབས་ཚུ་དུམ་བུར་གཅོད་ནི་ལུ་ རི་མོ་

སེལ་འཐུ་འབད་ཡོད་པའི་དངོས་པོ་ཚུའི་མཐའ་མནོན་མངའ་ཁོངས་ཀྱིས་ དབྱིབས་གསརཔ་གསར་བསྐྲུན་འབདཝ་ཨིན།

མཐའ་མནོན་གྱི་ཕྱིའི་མངའ་ཁོངས་འདི་ རྩ་བསྐྲད་བཏང་ཡི།