དངོས་པོ་ཚུ་ བདེ་ཞིབ་དང་ཕྲང་སྒྲིག་ དེ་ལས་བགོ་བཀྲམ་འབད་ནི་

དངོས་པོ་ཚུ་ བདེ་ཞིབ་འབད་དོ།

ཁྱོད་ཀྱིས་ཁྱོད་རའི་ཡིག་ཆ་ནང་བཙུགས་བཞག་པའི་དངོས་པོ་ཡོད་ཚད་ཅིགཔ་ དངོས་པོ་སྦོམ་ཤོས་གུ་ བརྒྱུད་རིམ་ཅན་སྦེ་བརྩེགས་ནུག སེལ་འཐུ་འབད་ཡོད་པའི་དངོས་པོའི་བརྩེགས་ཕུང་གོ་རིམ་འདི་ ལོག་བདེ་ཞིབ་འབད་ནིའི་དོན་ལུ་ འོག་གི་ཚུ་བཟུམ་སྦེ་འཕྲོ་མཐུད་དེ་འབད།

  1. Click the object whose position you want to change.

  2. སྐབས་དོན་དཀར་ཆག་འབད་འོང་ནིའི་དོན་ལུ་ ལེགས་བཅོས་-བདེ་ཞིབ་ གདམ་ཁ་རྐྱབས་ ཡང་ན་ བདེ་ཞིབ་གདམ་ཁ་ཚུའི་ནང་ལས་ གཅིག་གདམ་ཁ་རྐྱབས།

    ཡིག་གཟུགས་ལུ་འབག་ཤོག་དངོས་པོ་གཞན་ཚུའི་རྒྱབ་ཁར་ དངོས་པོ་འདི་མགུ་ལུ་བཞགཔ་ཨིན།

    གདོང་ཁར་འབག་ཤོག་ དངོས་པོ་ཚུའི་བརྩེགས་ཕུང་ནང་ དངོས་པོ་འདི་ས་གནས་ཅིག་ གདོང་ཁར་བཞགཔ་ཨིན།

    རྒྱབ་ཁར་གཏང་ དངོས་པོ་ཚུའི་བརྩེགས་ཕུང་ནང་ དངོས་པོ་འདི་ས་གནས་ཅིག་ རྒྱབ་ཁར་བཞགཔ་ཨིན།

    རྒྱབ་ཁར་གཏང་ དངོས་པོ་གཞན་ཚུའི་རྒྱབ་ཁར་ དངོས་པོ་འདི་བཞགཔ་ཨིན།

    དངོས་པོའི་རྒྱབ་ཁར་ དངོས་པོ་འདི་ ཁྱོད་ཀྱིས་སེལ་འཐུ་འབད་བའི་ དངོས་པོ་གཞན་གྱི་རྒྱབ་ཁར་བཞགཔ་ཨིན།

དངོས་པོ་གཞན་ཅིག་གི་རྒྱབ་ཁར་ དངོས་པོ་འདི་བདེ་ཞིབ་འབད་དོ།

  1. Click the object whose position you want to change.

  2. སྐབས་དོན་དཀར་ཆག་ཁ་ཕྱེ་ནིའི་དོན་ལུ་ ལེགས་བཅོས་-བདེ་ཞིབ་འདི་་གདམས་ དེ་ལས་ དངོས་པོའི་རྒྱབ་ཁར་འདི་གདམ་ཁ་རྐྱབས། མའུསི་དཔག་བྱེད་འདི་ ལགཔ་ལུ་བསྒྱུརཝ་ཨིན།

  3. ཁྱོད་ཀྱིས་སེལ་འཐུ་འབད་ཡོད་པའི་དངོས་པོ་བདེ་ཞིབ་འབད་ནི་ལུ་ རྒྱབ་ཁའི་དངོས་པོ་ལུ་ཨེབ་གཏང་འབད།

དངོས་པོ་གཉིས་ཀྱི་བརྩེགས་ཕུང་གོ་རིམ་ རིམ་ལོག་འབད་དོ།

  1. དེ་ཚུ་སེལ་འཐུ་འབད་ནི་ལུ་ དངོས་པོ་གཉིས་ཆ་ར་ལུ་ སོར་ལྡེ་-ཨེབ་གཏང་འབད།

  2. སྐབས་དོན་དཀར་ཆག་ཁ་ཕྱེ་ནིའི་དོན་ལུ་ ལེགས་བཅོས་-བདེ་ཞིབ་ འདི་གདམས་ དེ་ལས་ རིམ་ལོག་འདི་གདམ་ཁ་རྐྱབས།

དངོས་པོ་ཚུ་ ཕྲང་སྒྲིག་འབད་དོ།

ཕྲང་སྒྲིག་ ལས་འགན་འདི་གིས་ཁྱོད་ལུ་ གཅིག་གིས་གཅིག་ལེ་འབྲེལ་བ་ཡོད་པའི་དངོས་པོ་ཚུ་ ཡང་ན་ ཤོག་ལེབ་ལུ་འབྲེལ་བ་ཡོད་མི་ལུ་ ཕྲང་སྒྲིག་འབད་ནིའི་ལྕོགས་ཅན་བཟོཝ་ཨིན།

  1. ཤོག་ལེབ་ལུ་ཕྲང་སྒྲིག་འབད་ནིའི་དོན་ལས་ དངོས་པོ་ཅིག་སེལ་འཐུ་འབད་ ཡང་ཅིན་ དེ་ཚུ་གཅིག་གིས་གཅིག་ལུ་འབྲེལ་བ་ཡོདཔ་སྦེ་ ཕྲང་སྒྲིག་འབད་ནི་ལུ་ དངོས་པོ་སྣ་མང་སེལ་འཐུ་འབད།

  2. ལེགས་བཅོས་-ཕྲང་སྒྲིག་གདམ་ཁ་རྐྱབས་ དེ་ལས་ ཕྲང་སྒྲིག་གདམ་ཁ་ཚུ་ནང་ལས་ གཅིག་སེེལ་འཐུ་འབད།

དངོས་པོ་ཚུ་ བགོ་བཀྲམ་འབད་དོ།

ཁྱོད་ཀྱིས་འབྲི་ནི་ནང་དངོས་པོ་གསུམ་ ཡངན་ ལེ་ཤ་ར་སེལ་འཐུ་འབད་བ་ཅིན་ དངོས་པོ་ཚུའི་བར་ན་ བར་སྟོང་ཆ་ཅན་སྦེ་ཀེར་ཕྲང་དང་ཐད་སྙོམས་གཉིས་ལུ་ བགོ་བཀྲམ་འབད་ནིའི་དོན་ལུ་ བགོ་བཀྲམ་ བརྡ་བཀོད་འདི་ཡང་ ལག་ལེན་འཐབ་ཚུགསཔ་ཨིན།

  1. བགོ་བཀྲམ་འབད་ནིའི་དོན་ལས་ དངོས་པོ་གསུམ་ཡངན་ གསུམ་ལས་ལྷག་སྟེ་སེལ་འཐུ་འབད།

  2. ལེགས་བཅོས་- བགོ་བཀྲམ་ གདམ་ཁ་རྐྱབས།

  3. ཐད་སྙོམས་དང་ཀེར་ཕྲང་གི་གདམ་ཁ་སེལ་འཐུ་འབད་ཞིནམ་ལས་ བཏུབ་ ལུ་ཨེབ་གཏང་འབད།

སེལའཐུ་འབད་ཡོད་པའི་དངོས་པོ་ཚུ་ ཐད་སྙོམས་ཡང་ན་ ཀེར་ཕྲང་ཚད་ཐིག་མདའ་སྟེ་ ཆ་ཅན་སྦེ་བགོ་བཀྲམ་འབད་ཡི། ཕྱི་མཐའི་དངོས་པོ་གཉིསཔ་འདི་ གཞི་བསྟུན་དོན་ཚན་སྦེ་ ལག་ལེན་འཐབ་ཡོདཔ་དང་ བགོ་བཀྲམ་བརྡ་བཀོད་འདི་ འཇུག་སྤྱོད་འབད་ཡོད་པའི་སྐབས་ སྤོ་བཤུད་མ་འབད།