ཕྲང་སྒྲིག

ཚད་ཐིག་དང་མགོ་མིང་ཁ་ཡིག་ཚུ་གི་ཕྲང་སྒྲིག་འབདི་ལེགས་བཅོས་འབདཝ་ཨིན།

ཁ་ཡིག་ཚུ་ཆ་མཉམ་གི་དོན་ལུ་ ནཱ་ལུ་ཐོ་བཀོད་འབད་ཡོད་པའི་ གདམ་ཁ་ཚུ་ལ་ལོ་ཅིག་འཐོབ་མི་ཚུགས། དཔེར་ན་ ༢་ཌི་དང་༣་ཌི་དངོས་པོའི་ཁ་ཡིག་ཚུ་གི་དོན་ལས་ གདམ་ཁ་ཚུ་སོ་སོ་སྦེ་ཡོད།

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

གདམ་ཁ་རྐྱབས རྩ་སྒྲིག་འབད། - ཚད་ཐིག(དཔེ་རིས་ཚུ།)


ཁ་ཡིག་ཚུ་སྟོན།

ཚད་ཐིག་ཁ་ཡིག་ཚུ་ སྟོན་ནི་ཡང་ན་སྦ་བཞག་ནིཨིན་ནའི་བསྐོར་ལས་གསལ་བཀོད་འབདཝ་ཨིན།

ཚད་ཐིག་མགོ་མིང་ ཨཱོན/ཨོཕ ངོས་དཔར་ རྩ་སྒྲིག་འབད་ནིའི་ ཕྲ་རིང་གུར ཡོད་མི་འདི་གིས ཚད་ཐིག་ཨཱོན་ཡང་ན་ཨོཕ་ཆ་མཉམ་གྱི་ཁ་ཡིག་བཟོ་ནི་འདི་སོར་བསྒྱུར་འབདཝ་ཨིན།

ངོས་དཔར།

ཚད་ཐིག་འགྲལ་བཤད་ཚུ་སྟོན/སྦ་བཞག

ཚིག་ཡིག་བསྒྱིར།

ནང་དོན་ནང་ཐིག་གི་ཚིག་ཡིག་ཁ་ཕྱོགས་དེ་ངེས་འཛིན་འབདཝ་ཨིན།དགོས་མཁོ་ཡོད་པའི་ཁ་ཕྱོགས་འདི་འགན་སྤྲོད་འབད་ནིའི་དོན་ལུ་ ཨེ་བི་སི་ཌི་གི་ ཨེབ་རྟ་ཅིག་ལུ་ ཨེབ་གཏང་འབད།

ཨེ་བི་སི་ཌི་ འཁོར་ལོ།

འཁོར་ལོ་གུར་ག་སྟེ་ཡང་ཨེབ་གཏང་ནི་འདི་གིས་ འགྱུར་ཅན་ཚིག་ཡིག་གི་ཕྱོགས་འདི་ངེས་འཛིན་འབདཝ་ཨིན། ཨེབ་རྟ་གུའི་ ཡི་གུ་"ཨེ་བི་ཨི་ཌི"འདི་སྒྲིག་སྟངས་གསརཔ་ལུ་ཆ་མཉམ་པ་ཨིན།

ཨེ་བི་སི་ཌི་ ཨེབ་རྟ།

ནང་ཐིག་ནང་དོན་ཚུ་གི་དོན་ལུ་ ཀེར་ཐིག་ཚིག་ཡིག་གི་ཕྱོགས་འགན་སྤྲོད་འབདཝ་ཨིན།

དྲན་འཛིན་ངོས་དཔར།

ཁྱོད་ཀྱིས་ཀེར་ཐིག་ ཨེགསི་-ཚད་ཐིག་གི་ཁ་ཡིག་ཅིག་གེས་འཛིན་འབད་བ་ཅིན་ ཨེགསི་-ཚད་ཐིག་གི་གྲལ་ཐིག་གིས་ཚད་ཐིག་འདི་བཏོག་གཏང་འོང་།


ཁུག་ཟུར་ཚུ།

ཁྱོད་ལུ་ཕྱོགས་གྲུ་ཟུར་འདི་ལག་ཐོག་ལས་ཐོ་བཀོད་འབད་བཅུགཔ་ཨིན།

ཚིག་ཡིག་གི་འབབ་རྒྱུན།

གནད་སྡུད་ཁ་ཡིག་གི་ཚིག་ཡིག་འབབ་རྒྱུན་འདི་གཏན་འབེབས་བཟོཝ་ཨིན།

མཐའ་མནོན།

ནང་ཐིག་ཚུ་ནང་གི་ཚིག་ཡིག་གིས་གཞན་ནང་ཐིག་ཚུ་ལུ་མཐའ་མནོན་འབདཝ་ཨིནམ་གསལ་བཀོད་འབདཝ་ཨིན། འ་ནི་འདི་བར་སྟོང་ཉུང་དྲགས་ཡོད་པ་ཅིན་དམིགས་བསལ་གྱིས་ཕན་ཐོགས་ཅན་ཅིག་ཨིན། གདམ་ཁ་འདི་ སོ་སོ་མགོ་མིང་གི་ཁ་ཕྱོགས་ཚུ་དང་གཅིག་ཁར་འཐོབ་མི་ཚུགས།

མཚམས།

ཚིག་ཡིག་གི་མཚམས་ཅིག་བཀལ་བཅུགཔ་ཨིན།

འོག་གི་གདམ་ཁ་ཚུ་ དཔེ་རིས་ཀྱི་དབྱེ་བ་ཚུ་ཆ་མཉམ་གྱི་དོན་ལུ་འཐོབ་མི་ཚུགས།

གོ་རིམ།

རྩ་སྒྲིག་-ཚད་ཐིག-ཝའིཚད་ཐིག་ ཡངན་ཨེགསིཚད་ཐིག་གི་འོག་ལུ་ཡོད་པའི་ འ་ནི་མཆོང་ལྡེ་གུའི་ གདམ་དེ་ཚུ་ ༢་ཌི་དཔེ་རིས་ཅིག་གི་དོན་ལུ་ རྐྱངམ་ཅིག་འཐོབ་ཚུགས།འ་ནི་མངའ་ཁོངས་འདི་ནང་ ཁྱོད་ཀྱིས་ ཨེགསི་ ཡང་ན་ཝའི་ཚད་ཐིག་གུར་ ཨང་གྲངས་ཁ་ཡིག་ཚུ་གི་ཕྲང་སྒྲིག་འདི་ངེས་འཛིན་འབད་བཏུབ།

མགོ་མིང་།

ཚད་ཐིག་གུར་ཨང་གྲངས་ཚུ་དུས་མཉམ་དུ་བདེ་ཞིབ་འབདཝ་ཨིན།

སི་ཊེ་གར་ ཡ་ཅན།

ཚད་ཐིག་གུར་ སི་ཊེ་གེརསི་ ཨང་གྲངས་ཚུ་ ཡ་ཅན་ཨང་གྲངས་ཚུ་ལས་དམའ་མི་ཆ་ཅན་ཨང་གྲངས་ཚུ།

སི་ཊེ་གར་ ཆ་ཅན།

ཚད་ཐིག་གུར་ སི་ཊེ་གར་ཨང་གྲངས་ཚུ་ ཆ་ཅན་ཨང་གྲངས་ཚུ་ལས་དམའ་མི་ཡ་ཅན་ཨང་གྲངས་ཚུ།

རང་བཞིན་གྱི།

རང་བཞིན་གྱིས་ཚད་ཐིག་གུར་ཡོད་པའི་ཨང་གྲངས་ཚུ་བདེ་ཞིབ་འབདཝ་ཨིན།

དྲན་འཛིན་ངོས་དཔར།

ཁྱོད་ཀྱི་དཔེ་རིས་ཀྱི་ཚད་འདི་གནམ་མེ་ས་མེད་ཆུང་ཀུ་ཨིན་པ་ཅིན་བཀྲམ་སྟོན་འབད་ནིའི་ཁ་ཡིག་ཚུ་ནང་དཀའ་ངལ་ཚུ་འབྱུང་འོང་། ཁྱོད་ཀྱིས་མཐོང་སྣང་འདི་ཆེར་བསྐྱེད་འབད་ནི་དང་ཡང་ན་ཡིག་གཟུགས་ཀྱི་ཚད་འདི་མར་ཕབ་འབད་ཐོག་ལས་འ་ནི་འདི་ལས་ ཟུར་ཚུགས།


Text Direction

Specify the text direction for a paragraph that uses complex text layout (CTL). This feature is only available if complex text layout support is enabled.