ལོ་ 19xx/20xx

ཚེས་གྲངས་ཐོ་འགོད་ནང་འཕྲལ་འཕྲལ་ར་ ལོ་འདི་ཨང་ཡིག་གཉིས་ལྡན་སྦེ་བཙུགསཔ་ཨིན། ནང་འཁོད་སྦེ་ ལོ་འདི་ ཨང་ཡིག་བཞི་སྦེ་ LibreOfficeགིས་ འཛིན་སྐྱོང་འཐབ་ཨིན། དེ་འབདཝ་ལས་ ཁྱད་པར་རྩིས་སྟོན་ ༡/༡/༩༩ ལས་ ༡/༡/༠༡གི་བར་ན་ གྲུབ་འབྲས་འདི་ལོ་གཉིས་ལུ་བདེན་པ་ཡོད།

འདི་ཡང་ ཁྱོད་ཀྱིས་ཚེས་གྲངས་ ༡/༡/༣༠ ཡངན་ དེ་ལས་མཐོཝ་ཅིག་བཙུགས་པ་ཅིན་ དེ་ནང་འཁོད་ལུ་ ༡/༡/༡༩༣༠ ཡང་ན་ དེ་ལས་མཐོཝ་སྦེ་རྩིསཝ་ཨིན། ཨང་ཡིག་དམའ་མི་གཉིསཔ་འདི་ ༢༠xx ལོ་བརྒྱ་ལུ་འཇུགཔ་ཨིན། དཔེར་ན་ ༡/༡/༢༠ འདི་ ༡/༡/༢༠༢༠ ལུ་གཞི་བསྒྱུར་འབདཝ་ཨིན།