ལག་ལེན་པ་-ངེས་འཛིན་འབད་ཡོད་པའི་ལས་འགན་ཚུ་

ཁྱོད་ཀྱིས་ འོག་གི་ཐབས་ལམ་གྱི་ཐོག་ལས་ ལག་ལེན་པ་-ངེས་འཛིན་འབད་ཡོད་པའི་ལས་འགན་ཚུ་ འཇུག་སྤྱོད་འབད་བཏུབ།

LibreOffice གཞི་རིམ་ ལག་ལེན་གྱི་ཐོག་ལས་ ལས་འགན་ཅིག་ངེས་འཛིན་འབད་དོ།

  1. ལག་ཆས་ཚུ་ - མེ་ཀོརོསི་ - མེ་ཀོརོསི་འགོ་འདྲེན་འཐབ་ - LibreOffice གཞི་རིམ་ གདམ་ཁ་རྐྱབས།

  2. Edit ཨེབ་རྟ་ལུ་ ཨེབ་གཏང་འབད། ད་འབདན་ཁྱོད་ཀྱིས་ གཞི་རིམ་ཨའི་ཌི་ཨི་ མཐོང་འོང་།

  3. ལས་འགན་ཨང་རྟགས་བཙུགས། དཔེ་འདི་ནང་ ང་བཅས་ཀྱིས་ ཟུར་གྱི་རིང་ཚད་ ཨེ་ དང་ བི་ དེ་ལས་ སི་ དང་ལྡན་པའི་གྲུ་བཞི་ནར་མོའི་སྦུང་ཚད་རྩིས་སྟོན་འབདཝ་ཨིན་པའི་ སྦུང་ཚད་(a; b; c) ལས་འགན་ཅིག་ངེས་འཛིན་འབདཝ་ཨིན་:

    Function VOL(a, b, c)
    VOL = a*b*c
    End Function

  4. གཞི་རིམ་-ཨའི་ཌི་ཨི་ སྒོ་སྒྲིག་ ཁ་བསྡམ།

    ཁྱོད་ཀྱི་ལས་འགན་འདི་ སྔོན་སྒྲིག་ཚད་གཞི་ནང་ལུ་རང་བཞིན་གྱིས་ སྲུང་ནི་ཨིནམ་དང་ ད་ལས་ཕར་ལངམ་འབད་འཐོབ་ཚུགས། ཁྱོད་ཀྱིས་ ཀེལཀི་ཡིག་ཆ་ཅིག་ནང་ལུ་ གློག་རིག་གཞན་ཅིག་ནང་ལག་ལེན་འཐབ་ནི་ཨིན་མི་ལས་འགན་འདི་འཇུག་སྤྱོད་འབད་བ་ཅིན་ དབྱེ་ཚན་ཤུལ་མམ་ནང་འགྲེལ་བཤད་འབད་ཡོད་མི་བཟུམ་ ཀེལཀི་ཡིག་ཆ་ནང་ལུ་ ལས་འགན་འདྲ་བཤུས་རྐྱབ་ཚུགས།

ལས་འགན་འདི་ ཡིག་ཆ་ཅིག་ལུ་འདྲ་བཤུས་རྐྱབ་དོ།

Macro ཌའི་ལོག་ནང་གི་ "Defining A Function Using LibreOffice Basic" གི་གོ་རིམ་ནང་ ཁྱོད་ཀྱིས་ ཞུན་དག་ གུ་ཨེབ་གཏང་འབད་ནུག སྔོན་སྒྲིག་འབདཝ་ལས་ མེ་ཀོརོ་ ས་སྒོ་ནང་ལས་ ངེ་གི་མེ་ཀོརོསི་ - ཚད་ལྡན་ - ཚད་གཞི་༡ ཚད་གཞི་འདི་སེལ་འཐུ་འབད་ཡི། ཚད་ལྡན་ དཔེ་མཛོད་འདི་ ཁྱོད་རའི་སྣོད་ཐོ་ནང་ ཉེ་གནས་སྦེ་གནསཔ་ཨིན།

ཁྱོད་ཀྱིས་ ལག་ལེན་པ་-ངེས་འཛིན་འབད་ཡོད་པའི་ལས་འགན་འདི་ ཀེལཀི་ཡིག་ཆ་ཅིག་ལུ་ འདྲ་བཤུས་བརྐྱབ་དགོ་མནོ་བ་ཅིན་:

  1. ལག་ཆས་ཚུ་ - མེ་ཀོརོསི་ - མེ་ཀོརོསི་འགོ་འདྲེན་འཐབ་ - LibreOffice གཞི་རིམ་ གདམ་ཁ་རྐྱབས།

  2. ནང་གི་ མེ་ཀོརོ་ནང་ལས་ ངེ་གི་མེ་ཀོརོསི་ - ཚད་ལྡན་ - ཚད་གཞི་ ༡ སེལ་འཐུ་འབད་ཞིནམ་ལས་ ཞུན་དག་གུ་ ཨེབ་གཏང་འབད།

  3. གཞི་རིམ་-ཨའི་ཌི་ཨི་ནང་ལུ་ ཁྱོད་རའི་ལག་ལེན་པ་-ངེས་འཛིན་འབད་ཡོད་པའི་ལས་འགན་གྱི་འབྱུང་ཁུངས་ སེལ་འཐུ་འབད་ཞིནམ་ལས་ འདི་འཛིན་པང་ལུ་འདྲ་བཤུས་རྐྱབས།

  4. གཞི་རིམ་-ཨའི་ཌི་ཨི་ ཁ་སྡམས།

  5. ལག་ཆས་ཚུ་ - མེ་ཀོརོསི་ - མེ་ཀོརོསི་འགོ་འདྲེན་འཐབ་ - LibreOffice གཞི་རིམ་ གདམ་ཁ་རྐྱབས།

  6. མེ་ཀོརོ་ནང་ལས་ ས་སྒོ་ནང་ལུ་ (ཀེལཀི་ཡིག་ཆའི་མིང་) - ཚད་ལྡན་ - ཚད་གཞི་༡ སེལ་འཐུ་འབད། ཞུན་དག་ གུ་ཨེབ་གཏང་འབད།

  7. ཡིག་ཆའི་གཞི་རིམ་-ཨའི་ཌི་ཨི་ནང་ལུ་ འཛིན་པང་ནང་དོན་ཚུ་སྦྱར།

LibreOffice ཀེལཀི་ནང་ ལག་ལེན་པ་-ངེས་འཛིན་འབད་ཡོད་པའི་ལས་འགན་ཅིག་འཇུག་སྤྱོད་འབད་དོ།

ཁྱོད་ཀྱིས་ གཞི་རིམ་-ཨའི་ཌི་ཨི་ནང་ ལས་འགན་ ཝི་ཨོ་ཨེལ་(a; b; c) འདི་ངེས་འཛིན་འབད་ཞིནམ་ལས་ LibreOffice ཀེལཀི་གི་ནང་སྦྲགས་ལས་འགན་དང་ཅོག་འཐདཔ་འབད་ལག་འཇུག་སྤྱོད་འབད་བཏུབ།

  1. ཀེལཀི་ཡིག་ཆ་འདི་ཁ་ཕྱེ་ དེ་ལས་ལས་ ནང་ཐིག་ ཨེ༡ དང་ བི་༡ དེ་ལས་སི་༡ ནངལུ་ལས་འགན་ཚད་བཟུང་ ཨེ་དང་ བི་ དེ་ལས་ སི་ ཚུ་གི་དོན་ལུ་ ཨང་གྲངས་བཙུགས།

  2. འོད་རྟགས་འདི་ ནང་ཐིག་གཞན་ཅིག་ནང་གཞི་སྒྲིག་འབད་ཞིནམ་ལས་ འོག་གི་ཚུ་བཙུགས་:

    =VOL(A1;B1;C1)

  3. ལས་འགན་འདི་བརྟག་ཞིབ་འབད་ཡོདཔ་དང་ སེལ་འཐུ་འབད་ཡོད་པའི་ནང་ཐིག་ནང་གྲུབ་འབྲས་མཐོང་ཚུགས།

D'oh! You found a bug (text/scalc/guide/formula_enter.xhp#formula_enter not found).