བསྒྱིར་བའི་ཐིག་ཁྲམ་(གོ་རིམ་དཀྲུགས་པ་)

LibreOffice ཀེལཀི་ནང་ ཤོག་ཁྲམ་ཅིག་"rotate" འབད་ནིའི་ཐབས་ལམ་ཡོདཔ་ཨིན་ དེ་འབདཝ་ལས་ གྲལ་ཐིག་ཚུ་ཀེར་ཐིག་དང་ཀེར་ཐིག་ཚུ་གྲལ་ཐིག་ལུ་འགྱུརཝ་ཨིན།

  1. ཁྱོད་ཀྱིས་གོ་རིམ་དཀྲུགས་ནི་ཨིན་པའི་ནང་ཐིག་ཁྱབ་ཚད་ སེལ་འཐུ་འབད།

  2. ཞུན་དག་ - བཏོག་ གདམ་ཁ་རྐྱབས།

  3. གྲུབ་འབྲས་ནང་མགུ་གི་གཡས་ཁ་ཐུག་ལུ་ཨིན་དགོ་པའི་ནང་ཐིག་ལུ་ཨེབ་གཏང་འབད།

  4. ཞུན་དག་ - དམིགས་བསལ་སྦྱར་ གདམ་ཁ་རྐྱབས།

  5. ཌའི་ལོག་ནང་ ཆ་མཉམ་སྦྱར་ དང་ གོ་རིམ་དཀྲུགས་པའི་ གུ་རྟགས་བཀལ།

    ད་ལས་ཕར་ཁྱོད་ཀྱིས་ བཏུབ་གུ་ཨེབ་གཏང་འབད་བ་ཅིན་ ཀེར་ཐིག་དང་གྲལ་ཐིག་གཉིས་ གོ་རིམ་དཀྲུགསཔ་ཨིན།