ཚགས་མ་: མཐོ་རིམ་ཅན་གྱི་ཚགས་མ་ཚུ་ འཇུག་སྤྱོད་འབད་དོ་

  1. ལེབ་གྲངས་མངའ་ཁོངས་སྟོངམ་ནང་ལུ་ བཙགས་ནི་ཨིན་པའི་ལེབ་གྲངས་ཁྱབ་ཚད་ཀྱི་ཀེར་ཐིག་མགོ་ཡིག་ཚུ་ འདྲ་བཤུས་རྐྱབས་ཞིནམ་ལས་ ཚགས་མའི་དོན་ལུ་ མགུ་ཡིག་འོག་གི་གྲལ་ཐིག་ཅིག་ནང་ཁྱད་ཚད་བཙུགས། གྲལ་ཐིག་ནང་ཐད་སྙོམས་སྦེ་བདེ་ཞིབ་འབད་ཡོད་པའི་གནད་སྡུད་འདི་ ཨ་རྟག་ར་གཏན་ཚིགས་ཅན་གྱི་ཐོག་ལས་ ཨེ་ཨེན་ཌི་དང་འབྲེལ་མཐུད་འབད་དེ་སྡོད་འོང་ དེ་ལས་ ཀེར་ཐིག་ཅིག་ནང་ ཀེར་ཕྲང་སྦེ་བདེ་ཞིབ་འབད་ཡོད་པའི་གནད་སྡུད་འདི་ ཨ་རྟག་ར་གཏན་ཚིགས་ཅན་གྱི་ཐོག་ལས་ ཨོ་ཨར་དང་འབྲེལ་མཐུད་འབད་དེ་སྡོད་འོང་།

  2. ཁྱོད་ཀྱིས་ཚར་ཅིག་ཚགས་མ་མེ་ཊིཀསི་ཅིག་གསར་བསྐྲུན་འབད་ཞིནམ་ལས་ བཙགས་ནི་ཨིན་པའི་ལེབ་གྲངས་ཁྱབ་ཚད་ཚུ་སེལ་འཐུ་འབད། གནད་སྡུད་ - ཚག་ས་མ་ - མཐོ་རིམ་ཅན་གྱི་ཚགས་མ་ གདམ་ཁ་རྐྱབ་པའི་ཐོག་ལས་ མཐོ་རིམ་ཅན་གྱི་ཚགས་མ་ ཌའི་ལོག་ཁ་ཕྱེ་ དེ་ལས་ ཚགས་མའི་གནས་སྟངས་ངེས་འཛིན་འབད།

  3. དེ་ལས་བཏུབ་གུ་ཨེབ་གཏང་འབད་ཞིནམ་ལས་ ཁྱོད་ཀྱིས་ འཚོལ་ཞིབ་ཁྱད་ཚད་དང་ལྡན་མི་ ལེབ་གྲངས་ངོ་མ་ནང་ལས་ཨིན་པའི་གྲལ་ཐིག་རྐྱངམ་ཅིག་ ད་ལྟོའི་བར་ཡང་མཐོང་ཚུགསཔ་སྦེ་མཐོང་འོང་། གཞན་གྲལ་ཐིག་ཆ་མཉམ་སྦ་ཡོདཔ་དང་ རྩ་སྒྲིག་ - གྲལ་ཐིག་ - སྟོན་ བརྡ་བཀོད་དང་གཅིག་ཁར་ལོག་འབྱུང་ནི་ཡོདཔ་བཟོ་ཚུགས།

དཔེར་བརྗོད་

དྲན་ཐོའི་ཨང་གྲངས་ལེ་ཤ་གི་སྒོ་ལས་ ཤོག་ཁྲམ་ཅིག་མངོན་གསལ་འབད། ང་བཅས་ཀྱིས་བཅོས་མའི་ འོང་འབབ་བསྡོམས་ ཡིག་ཆ་ཅིག་ལག་ལེན་འཐབ་དོ་ དེ་འབདཝ་ད་ ཁྱོད་ཀྱིས་ ཡིག་ཆ་གཞན་འཇམ་ཏོང་ཏོ་སྦེ་ལག་ལེན་འཐབ་ཚུགས། ཡིག་ཆ་འདི་ལུ་འོག་གི་སྒྲིག་བཀོད་ཚུ་ཡོད་:

ཨེ་

བི་

སི་

ཌི་

ཨི་

ཟླ།

ཚད་ལྡན།

ཚོང་འབྲེལ།

དལ་ཉམས།

ཆ་ཚང་།

སྤྱི་ཟླ་དང་པ།

༡༢༥༦༠༠

༢༠༠༥༠༠

༢༤༠༠༠༠

༡༧༠༠༠༠

སྤྱི་ཟླ་གཉིས་པ།

༡༦༠༠༠༠

༡༨༠༣༠༠

༣༦༢༠༠༠

༢༢༠༠༠༠

སྤྱི་ཟླ་གསུམ་པ།

༡༧༠༠༠༠

དེ་ལས་གཞན་ཡང་་་་་


དཔེར་ན་ གྲལ་ཐིག་༡ གྲལ་ཐིག་༢༠ ལུ་གྲལ་ཐིག་མགོ་ཡིག་(ས་སྒོའི་མིང་)དང་བཅས་འདྲ་བཤུས་རྐྱབས། ཨོ་ཨར་དང་འབྲེལ་མཐུད་འབད་ཡོད་པའི་ཚགས་མ་གནས་སྟངས་ཚུ་ གྲལ་ཐིག་ ༢༡ དང་ ༢༢ ལ་སོགས་པ་ནང་ བཙུགས།

ཨེ་

བི་

སི་

ཌི་

ཨི་

༢༠

ཟླ།

ཚད་ལྡན།

ཚོང་འབྲེལ།

དལ་ཉམས།

ཆ་ཚང་།

21

སྤྱི་ཟླ་དང་པ།

22

<༡༦༠༠༠༠


ཡང་ཅིན་གནས་གོང་ སྤྱི་ཟླ་དང་པ་ ཟླཝ་ ནང་ཐིག་ཚུ་ནང་ཡོད་མི་ ཡང་ན་ ༡༦༠༠༠༠ གི་འོག་ལུ་ཡོད་མི་ ཚད་ལྡན་ ནང་ཐིག་ཚུ་ནང་གི་འདི་ རྐྱངམ་ཅིག་བཀྲམ་སྟོན་འབད་ཡོད་འབད་ གསལ་བཀོད་འབད།

གནད་སྡུད་ - ཚགས་མ་ - མཐོ་རིམ་ཅན་གྱི་ཚགས་མ་ གདམས་ཞིནམ་ལས་ ཁྱབ་ཚད་ A20:E22 སེལ་འཐུ་འབད། བཏུབ་གུ་ཨེབ་གཏང་འབད་བཞི་ཤུལ་ལུ་ བཙགས་ཡོད་པའི་གྲལ་ཐིག་ཚུ་རྐྱངམ་ཅིག་ བཀྲམ་སྟོན་འབད་ནི་ཨིན། གཞན་གྲལ་ཐིག་ཚུ་ མཐོང་སྣང་ལས་སྦ་ཡོདཔ།