ཁ་བྱང་དང་གཞི་བསྟུན་ཚུ་ ཡང་དག་དང་འབྲེལ་བའི་

འབྲེལ་བའི་ཁ་བྱང་བཏགས་ནི།

ཀེར་ཐིག་ ཨེ་ནང་གི་ནང་ཐིག་ནང་ གྲལ་ཐིག་ ༡ འདི་ ཨེ་༡ སྦེ་ཁ་བྱང་བཏགས་ནུག ཁྱོད་ཀྱིས་ དང་པ་ར་ མངའ་ཁོངས་ཀྱི་ལྟག་་གི་གཡོན་ཁ་ཐུག་གི་ཆ་སྙོམ་གྱི་ཐོག་ལས་དང་ དེ་ལས་ འོག་གཡས་ནང་ཐིག་གི་ཆ་སྙོམས་ཀྱིས་ རྗེས་སུ་འབྲངས་ཡོད་པའི་ཀོ་ལཱོན་ཅིག་གི་ཐོག་ལས་ ཉེ་འབད་ནང་ཐིག་ཚུ་གི་ཁྱབ་ཚད་ཅིག་ཁ་བྱང་བཏགས་ཚུགས། དཔེར་ན་ ལྟག་གཡོན་སྒྱིད་ཁུག་ནང་ ནང་ཐིག་དང་པམ་བཞི་གིས་གཞི་བསྒྲུབས་འབད་ཡོད་མི་འདི་ ཨེ་༡ : བི་༢ སྦེ་ཁ་བྱང་བཏགསཔ་ཨིན།

འདི་བཟུམ་སྦེ་ མངའ་ཁོངས་ལུ་ཁ་བྱང་བཏགས་པའི་ཐོག་ལས་ ཁྱོད་ཀྱིས་ ཨེ་༡:བི་༢ ལུ་ འབྲེལ་བའི་གཞི་བསྟུན་ཅིག་བཟོཝ་ཨིན་པས། ད་ལྟོ་འབྲེལ་བའི་ཟེར་མི་འདི་ མངའ་ཁོངས་ལུ་ཡོད་པའི་གཞི་བསྟུན་འདི་ ཁྱོད་ཀྱིས་མན་ངག་ཚུ་འདྲ་བཤུས་རྐྱབ་པའི་སྐབས་ རང་བཞིན་གྱིས་བདེ་སྒྲིག་འབད་འོང་།

ཡང་དག་ཁ་བྱང་བཏགས་ནི།

Absolute referencing is the opposite of relative addressing. A dollar sign is placed before each letter and number in an absolute reference, for example, $A$1:$B$2.

ཊི་ཨའི་པི་ངོས་དཔར།

LibreOffice can convert the current reference, in which the cursor is positioned in the input line, from relative to absolute and vice versa by pressing F4. If you start with a relative address such as A1, the first time you press this key combination, both row and column are set to absolute references ($A$1). The second time, only the row (A$1), and the third time, only the column ($A1). If you press the key combination once more, both column and row references are switched back to relative (A1)


LibreOffice Calc shows the references to a formula. If, for example, you click the formula =SUM(A1:C5;D15:D24) in a cell, the two referenced areas in the sheet will be highlighted in color. For example, the formula component "A1:C5" may be in blue and the cell range in question bordered in the same shade of blue. The next formula component "D15:D24" can be marked in red in the same way.

འབྲེལ་བ་དང་ཡང་དག་གཞི་བསྟུན་ཚུ་ ནམ་ལག་ལེན་འཐབ་ནི་ཨིན་ན་

ག་ཅི་བཟུམ་ཅིག་གིས་ འབྲེལ་བའི་གཞི་བསྟུན་འདི་སོ་སོར་ཕྱེ་འོང་? ཁྱོད་ཀྱིས་ནང་ཐིག་ ཨི་༡་ ནང་ ཁྱབ་ཚད་ A1:B2 ནང་ཡོད་པའི་ནང་ཐིག་གི་དངུལ་བསྡོམས་ རྩིས་སྟོན་འབད་ནི་ཨིན་པའི་དབང་ལུ་གཏང་། ཨི་༡ ནང་བཙུགས་ནིའི་མན་ངག་འདི་ : =SUM(A1:B2)ཨིན། ཤུལ་ལས་ཁྱོད་ཀྱིས་ ཀེར་ཐིག་ ཨེ་གི་གདོང་ཁར་ ཀེར་ཐིག་གསརཔ་ཅིག་བཙུགས་ནིའི་ཐག་བཅད་པ་ཅིན་ ཁྱོད་ཀྱིས་ཁ་སྐོང་རྐྱབ་ནིའི་ཆ་ཤས་ཚུ་ B1:C2 ནང་ཨིན་དགོཔ་དང་ མན་ངག་འདི་ ཨི་༡ ནང་མེན་པར་ ཨེཕ་༡ ནང་ཨིན་དགོ། ཀེར་ཐིག་གསརཔ་ཅིག་བཙུགས་པའི་ཤུལ་མར་ ལེབ་གྲངས་འདི་ནང་དང་ ལེབ་གྲངས་གཞན་ནང་ཡང་ མན་ངག་ཚུ་ཆ་མཉམ་ར་ ནོར་བཅོས་དང་ཞིབ་དཔྱད་འབད་དགོ

སྟབས་ལེགས་ཀྱིས་ LibreOffice གིས་ ཁྱོད་ལུ་ལཱ་འདི་འབད་བྱིན་འོང་། ཀེར་ཐིག་གསརཔ་ ཨེ་ཅིག་བཙུགས་པའི་ཤུལ་ལས་ མན་ངག་=SUM(A1:B2) འདི་ རང་བཞིན་གྱིས་ =SUM(B1:C2) ལུ་དུས་མཐུན་བཟོ་འོང་། དེ་མ་ཚད་ གྲལ་ཐིག་གསརཔ་ ༡ བཙུགས་པའི་སྐབས་ལས་ གྲལ་ཐིག་ཨང་གྲངས་ཚུ་ཡང་ རང་བཞིན་གྱིས་བདེ་སྒྲིག་འབད་འོང་། ཡང་དག་དང་འབྲེལ་བའི་གཞི་བསྟུན་ཚུ་ཨ་རྟག་ར་ གཞི་བསྟུན་འབད་ཡོད་པའི་མངའ་ཁོངས་སྤོ་བཤུད་འབདཝ་ད་ LibreOffice ཀེལཀི་ནང་ལུ་ བདེ་སྒྲིག་འབདཝ་ཨིན། དེ་འབདཝ་ད་ མན་ངག་འདི་འདྲ་བཤུས་རྐྱབ་ཨིན་པ་ཅིན་ དྲན་པ་བཏོན་དགོ་ གནད་དོན་དེ་ནང་ ཡང་དག་གཞི་བསྟུན་མེན་པར་ འབྲེལ་བའི་གཞི་བསྟུན་ཚུ་རྐྱངམ་ཅིག་ བདེ་སྒྲིག་འབད་འོང་།

རྩིས་སྟོན་འདི་ ཁྱོད་རའི་ལེབ་གྲངས་ནང་གི་དམིགས་བསལ་ནང་ཐིག་གཅིག་ལུ་གཞི་བསྟུན་འབད་བའི་སྐབས་ ཡང་དག་གཞི་བསྟུན་ཚུ་ ལག་ལེན་འཐབ་ཨིན། ནང་ཐིག་ལུ་གཞི་བསྟུན་འབད་མི་མན་ངག་འདི་ ནང་ཐིག་ངོ་མ་འོག་གི་ནང་ཐིག་ཅིག་ལུ་འདྲ་བཤུས་བརྐྱབས་ཡོད་པ་ཅིན་ གཞི་བསྟུན་འདི་ཡང་ ཁྱོད་ར་གིས་ ནང་ཐིག་ཆ་སྙོམ་འདི་ཡང་དག་སྦེ་ངེས་འཛིན་འབད་དེ་མེད་པ་ཅིན་ མར་སྤོ་བཤུད་འབད་འོང་།

གྲལ་ཐིག་དང་ཀེར་ཐིག་གསརཔ་ཚུ་བཙུགས་ཡོད་པའི་སྐབས་མེན་པར་ གཞི་་བསྟུན་འདི་ཡང་ ཡོད་བཞིན་པའི་མན་ངག་ བྱེ་བྲག་ནང་ཐིག་ལུ་གཞི་བསྟུན་འབད་མི་འདི་ ལེབ་གྲངས་མངའ་ཁོངས་གཞན་ཅིག་ནང་འདྲ་བཤུས་རྐྱབ་པའི་སྐབས་ འགྱུར་ཏེ་འགྱོ་འོང་། ཁྱོད་ཀྱིས་ གྲལ་ཐིག་ ༡༠ ནང་ མན་ངག་ =SUM(A1:A9) བཙུགས་ཡོད་པའི་དབང་ལུ་གཏང་། གཡས་ཁ་ཐུག་ལུ་ ཉེ་འབད་ཀེར་ཐིག་གི་བསྡོམས་རྩིས་སྟོན་དགོ་པ་ཅིན་ མན་ངག་འདི་ནང་ཐིག་གི་གཡས་ལུ་ འདྲ་བཤུས་རྐྱབས། ཀེར་ཐིག་ བི་ནང་ཡོད་པའི་མན་ངག་གི་འདྲ་བཤུས་འདི་ རང་བཞིན་གྱིས་ =SUM(B1:B9) ལུ་བདེ་སྒྲིག་འབད་འོང་།