སྣ་མང་བཀོལ་སྤྱོད་ཚུ་ འཇུག་སྤྱོད་འབད་དོ་

ཀེར་ཐིག་ ཡང་ན་ གྲལ་ཐིག་ནང་ལུ་ སྣ་མང་བཀོལ་སྤྱོད།

The Data - Multiple Operations command provides a planning tool for "what if" questions. In your spreadsheet, you enter a formula to calculate a result from values that are stored in other cells. Then, you set up a cell range where you enter some fixed values, and the Multiple Operations command will calculate the results depending on the formula.

In the Formulas field, enter the cell reference to the formula that applies to the data range. In the Column input cell/Row input cell field, enter the cell reference to the corresponding cell that is part of the formula. This can be explained best by examples:

དཔེར་བརྗོད་ཚུ་

ཁྱོད་ཀྱིས་ རྩེད་ཆས་བཟོ་བཏོན་འབདཝ་ཨིནམ་དང་ རེ་རེ་ལུ་ $10 རེ་སྦེ་བཙོངམ་ཨིན། ཁྱོད་ཀྱིས་ ལེ་རེ་ནང་དངུལ་ཀྲམ་ $10,000 བཟོ་ནིའི་གཏན་བཟོས་འབད་ཡོད་པའི་ཁ་སྐོང་ལུ་ རྩེད་ཆས་རེ་ལུ་དངུལ་ཀྲམ་ $2 རེ་རྐྱབ་ཨིན། ཁྱོད་ཀྱིས་ རྩེད་ཆས་ཧ་ལམ་བཙོང་པ་ཅིན་ ཁེ་སང་ག་དེ་ཅི་འཐོན་འོང་?

what-if sheet area

མན་ངག་གཅིག་དང་འགྱུར་་ཅན་གཅིག་གི་ཐོག་ལས་ རྩིས་སྟོན་འབད་དོ།

  1. ཁེ་སང་རྩིས་སྟོན་ནི་གི་དོན་ལུ་ དང་པ་ར་ ཨང་གྲངས་གང་རུང་ཅིག་སྦུང་ཚན་(བཙོེང་ཡོད་པའི་ཅ་ཆས་)སྦེ་བཙུགས་-གནམ་ལོ་ ༢༠༠གི་དཔེ་འདི་ནང་། ཁེ་སང་འདི་ཡང་ མན་ངག་ནང་ལས་ཐོབ་ཨིན་ ཁེ་སང་=སྦུང་ཚན་ * (གོང་ཚད་-ཐད་ཀར་རིན་གོང་)གཏན་བཟོས་རིན་གོང་། བི་ ༥ ནང་ལུ་ མན་ངག་འདི་བཙུགས།

  2. In column D enter given annual sales, one below the other; for example, 500 to 5000, in steps of 500.

  3. ཁྱབ་ཚད་ ཌི་༢:ཨི་༡༡ དེ་ལས་ཀེར་ཐིག་ ཌི་ནང་གི་བེ་ལུསི་དང་ཀེར་ཐིག་ ཨི་གི་ཟུར་ཁར་ཡོད་པའི་ནང་ཐིག་སྟོངམ་ཚི་གུ་རྟགས་བཀལ།

  4. གནད་སྡུད་ -སྣ་མང་བཀོལ་སྤྱོད་ གདམ་ཁ་རྐྱབས།

  5. འོད་རྟགས་དང་གཅིག་ཁར་ མན་ངག་ཚུ་ ས་སྒོ་ནང་ བི་༥གུ་ ཨེབ་གཏང་འབད།

  6. འོད་རྟགས་འདི་ ཀེར་ཐིག་ ས་སྒོ་ནང་ གཞི་སྒྲིག་འབད་ཞིནམ་ལས་ ནང་ཐིག་ བི་ ༤ གུ་ཨེབ་གཏང་འབད། འདི་ཡང་ག་ཅི་སྨོ་ཟེར་བ་ཅིན་:སྦུང་ཚན་ཨིན་མི་ བི་༤ འདི་ མན་ངག་ནང་འགྱུར་ཅན་ཨིནམ་དང་ དེ་ཡང་ རྟགས་བཀལ་ཡོད་པའི་ཀེར་ཐིག་བེ་ལུསི་གིས་ཚབ་བཙུགས་འབད་ཡོདཔ།

  7. Close the dialog with OK. You see the profits for the different quantities in column E.

མན་ངག་ལེ་ཤ་གི་ཐོག་ལས་ དུས་མཉམ་ལུ་རྩིས་སྟོན་འབད་དོ།

  1. ཀེར་ཐིག་ ཨི་ བཏོན་གཏང་།

  2. འོག་གི་མན་ངག་འདི་ C5: = B5 / B4 ནང་བཙུགས། ད་འབདན་ཁྱོད་ ལོ་བསྟར་བཙོང་ཡོད་པའི་རྣམ་གྲངས་རེ་གི་རྩིས་སྟོན་དོ།

  3. ཁྱབ་ཚད་ ཌི་ཨི་ ཨེཕ་༡༡་ དང་འདི་བཟུམ་སྦེ་ ཀེར་ཐིག་གསུམ་ཡང་ སེལ་འཐུ་འབད།

  4. གནད་སྡུད་ - སྣ་མང་བཀོལ་སྤྱོད་ཚུ་ གདམ་ཁ་རྐྱབས།

  5. Formulas ས་སྒོ་ནང་ འོད་རྟགས་ཀྱི་ཐོག་ལས་ སི་༥་ ལས་བརྒྱུད་དེ་ ནང་ཐིག་བི་ ༥ ལུ་རྟགས་བཀལ།

  6. ཀེར་ཐིག་ ས་སྒོ་ནང་ལུ་ འོད་རྟགས་གཞི་སྒྲིག་འབད་ཞིནམ་ལས་ བི་༤ ལུ་ཨེབ་གཏང་འབད།

  7. བཏུབ་ ཀྱི་ཐོག་ལས་ ཌའི་ལོག་ཁ་བསྡམས། ད་ལས་ཕར་ཁྱོད་ཀྱིས་ ཁེ་སང་ཚུ་ཀེར་ཐིག་ ཨི་ནང་དང་ རྣམ་གྲངས་རེ་རེའི་ལོ་བསྟར་ཁེ་སང་འདི་ ཀེར་ཐིག་ ཨེཕ་ནང་མཐོང་ཚུགས།

གྲལ་ཐིག་དང་ཀེར་ཐིག་ཡན་ཆད་ སྣ་མང་བཀོལ་སྤྱོད་པ་ཚུ།

LibreOffice ཀེར་ཐིག་དང་ལམ་མདོ་-ཐིག་ཁྲམ་ནང་གི་གྲལ་ཐིག་དོན་ལུ་ མཉམ་རུབ་སྣ་མང་བཀོལ་སྤྱོད་ཚུ་འབད་བཅུགཔ་ཨིན། མན་ངག་ནང་ཐིག་ཚུ་ གྲལ་ཐིག་ནང་བདེ་ཞིབ་འབད་ཡོད་མི་དང་ ཀེར་ཐིག་ནང་བདེ་ཞིབ་འབད་དེ་ཡོད་པའི་གནད་སྡུད་ཁྱབ་ཚད་གཉིས་ཆ་ར་ལུ་ གཞི་བསྟུན་འབད་དགོ གནད་སྡུད་ཁྱབ་ཚད་གཉིས་ཀྱིས་ངེས་འཛིན་འབད་ཡོད་པའི་ཁྱབ་ཚད་འདི་སེལ་འཐུ་འབད་ཞིནམ་ལས་ སྣ་མང་བཀོལ་སྤྱོད་ཌའི་ལོག་ལུ་ བོད་བརྡ་འབད། མན་ངག་ ས་སྒོ་ནང་གི་མན་ངག་ནང་ གཞི་བསྟུན་བཙུགས། གྲལ་ཐིག་ ས་སྒོ་འདི་ གྲལ་ཐིག་ནང་བདེ་ཞིབ་འབད་ཡོད་པའི་ཁྱབ་ཚད་ཀྱི་ནང་ཐིག་དང་པམ་ལུ་དང་ ཀེར་ཐིག་ནང་བདེ་ཞི་བ་འབད་ཡོད་པའི་ནང་ཐིག་དང་པམ་གྱི་ ཀེར་ཐིག་ས་སྒོ་ལུ་གཞི་བསྟུན་བཙུགས་ནི་གི་དོན་ལུ་ལག་ལེན་འཐབ་ཡོདཔ་ཨིན།

འགྱུར་ཅན་གཉིས་ རྩིས་སྟོན་འབད་དོ།

ལྟག་ལུ་ཡོད་པའི་དཔེ་ཚད་ ཀེར་ཐིག་ ཨེ་དང་བི་གཉིས་ཆ་འཇོག་འབད། ད་ལས་ཕར་ཁྱོད་ཀྱིས་ ལོ་བསྟར་བཟོ་བཏོན་འབད་ཡོད་མི་སྦུང་ཚན་གྱིས་མ་ཚད་པར་ཅ་ཆས་ཀྱི་གོང་ཚད་ཡང་འགྱུར་བཅོས་འབད་ནི་ཨིན་པས།

གོང་ལུ་སྟོན་ཡོད་པའི་ཐིག་ཁྲམ་འདི་ རྒྱ་འཕར་འབད། ཌི་༡༡ ལས་བརྒྱུད་པའི་ ཌི་༢ ནང་ལུ་ ཨང་གྲངས་ ༥༠༠ དང་ ༡༠༠༠ ལས་ལྷག་སྟེ་ ༥༠༠༠ཚུན་ཡོདཔ་ཨིན། ཨེཆ་༡ ལས་བརྒྱུད་པའི་ ཨི་༡ ནང་ ཨང་གྲངས་ ༨ དང་ ༡༠ དེ་ལས་ ༡༥ དང་ ༢༠ བཙུགས།

  1. ཁྱབ་ཚད༌ D1:H11 སེལ་འཐུ་འབད།

  2. གནད་སྡུད་ - སྣ་མང་བཀོལ་སྤྱོད་ཚུ་ གདམ་ཁ་རྐྱབས།

  3. འོད་རྟགས་དང་གཅིག་ཁར་ མན་ངག་ཚུ་ ས་སྒོ་ནང་ བི་༥གུ་ ཨེབ་གཏང་འབད།

  4. འོད་རྟགས་འདི་ གྲལ་ཐིག་ ས་སྒོ་ནང་གཞི་སྒྲིག་འབད་ཞིནམ་ལས་ ནང་ཐིག་ བི་༡ ལུ་ཨེབ་གཏང་འབད། འདི་ཡང་ག་ཅི་འབད་སྨོ་ཟེར་བ་ཅིན་ ཅ་ཆས་གོང་ཚད་འདི་ ཐད་སྙོམས་སྦེ་བཙུགས་ཡོད་པའི་འགྱུར་ཅན་(བེ་ལུསི་ ༨དང་ ༡༠ དེ་ལས་ ༡༥ དང་ ༢༠ དང་བཅས་)ཨིན་པས།

  5. འོད་རྟགས་འདི་ ཀེར་ཐིག་ ས་སྒོ་ནང་གཞི་སྒྲིག་འབད་ཞིནམ་ལས་ བི་ ༤ ནང་ཨེབ་གཏང་འབད། འདི་ཡང་ སྦུང་ཚན་ བི་༤ འདི་ ཀེར་ཕྲང་སྦེ་བཙུགས་ཡོད་པའི་འགྱུར་ཅན་ཅིག་ཨིན།

  6. Close the dialog with OK. You see the profits for the different selling prices in the range E2:H11.