དམིགས་གཏད་འཚོལ་བ་ འཇུག་སྤྱོད་འབད་དོ་

དམིགས་གཏད་འཚོལ་བ་གི་ཐོག་ལས་ ཁྱོད་ཀྱིས་བེ་ལུའི་རྩིས་ སྟོན་ཚུགས་ དེ་ཡང་ མན་ངག་གི་ཡན་ལག་ཨིནམ་ལས་ ཁྱོད་ཀྱིས་གསལ་བཀོད་འབད་མི་མན་ངག་གི་གྲུབ་འབྲས་ སྔོན་བསྐྱོད་འབདཝ་ཨིན། དེ་འབདཝ་ལས་ གཏན་བཟོས་བེ་ལུསི་ལེ་ཤ་ཅིག་དང་འགྱུར་ཅན་གྱི་བེ་ལུ་གཅིག་ དེ་ལས་མན་ངག་གི་གྲུབ་འབྲས་དང་བཅས་ མན་ངག་ངེས་འཛིན་འབད།

དམིགས་གཏད་འཚོལ་བའི་དཔེ།

ལོ་བསྟར་གྱི་བསྐྱེད་རྩིས་ (I)སྟོན་དགོ་པ་ཅིན་ དངུལ་ (C) དང་ ལོ་གྲངས་ (n) དེ་ལས་ བསྐྱེད་ཚད་ (i) ཀྱི་དོན་ལུ་ བེ་ལུསི་དང་གཅིག་ཁར་ ཐིག་ཁྲམ་ཅིག་གསར་བསྐྲུན་འབད། མན་ངག་འདི་ཡང་:

I = C * n* i

ང་བཅས་ར་ i བསྐྱེད་ཚད་འདི་ ༧་༥% དང་ ལོ་གྲངས་n སྦེ་ (1) ལུ་འགྱུར་བ་མེད་པའི་དབང་ལུ་གཏང་། ག་དེ་འབད་རུང་ ག་ཅི་འབད་རུང་ཅིག་ལོག་འཐོབ་ནི་གི་དོན་ལུ་ I ཁྱོད་ཀྱིས་ མ་རྩ་མ་དངུལ་ C ག་དེམ་ཅིག་ ལེགས་བཅོས་འབད་དགོཔ་ཨིན་ན་ ཤེས་འདོད་འདུག དཔེ་འདི་གི་དོན་ལུ་ ཁྱོད་ཀྱིས་ ལོ་བསྟར་བཞིན་ དངུལ་ $15,000 ལོག་འཐོབ་དགོ་པ་ཅིན་ མ་དངུལ་ C ག་དེམ་ཅིག་དགོཔ་ཨིན་ན་ རྩིས་སྟོན།

དངུལ་ C (མཐུན་སྒྲིག་བེ་ལུ་ དཔེར་ན་ $100,000བཟུམ་) དང་ ལོ་གྲངས་ n (1) དེ་ལས་ སྐྱེད་ཚད་ i (༧་༥%) གི་དོན་ལུ་ ནང་ཐིག་རེ་རེ་ནང་ བེ་ལུསི་རེ་རེ་བཙུགས། ནང་ཐིག་གཞན་ཅིག་ནང་ སྐྱེད་ I རྩིས་སྟོན་ནི་གི་དོན་ལུ་ མན་ངག་བཙུགས། C, n, དང་ i གི་ཚབ་ལུ་ མཉམ་པའི་བེ་ལུ་གི་ཐོག་ལས་ ནང་ཐིག་ལུ་གཞི་བསྟུན་ ལག་ལེན་འཐབ།

  1. སྐྱེད་ I ཡོད་པའི་ནང་ཐིག་ནང་ འོད་རྟགས་བཙུགས་བཞག་ དེ་ལས་ ལག་ཆས་ཚུ་ - དམིགས་གཏད་འཚོལ་བ་ གདམ་ཁ་རྐྱབས། དམིགས་གཏད་འཚོལ་བ་ ཌའི་ལོག་འབྱུངམ་ཨིན།

  2. ངེས་ལྡན་གྱི་ནང་ཐིག་འདི་ཧེ་མ་ལས་ར་ ས་སྒོ་མན་ངག་ནང་ཐིག་ནང་འཇུལ་ནུག

  3. ས་སྒོ་ འགྱུར་ཅན་ནང་ཐིག་ ནང་ལུ་ འོད་རྟགས་བཙུགས་བཞག ལེབ་གྲངས་ནང་ བསྒྱུར་བཅོས་འབད་ནི་ཨིན་མི་བེ་ལུ་དང་ལྡན་པའི་ནང་ཐིག་ནང་ ཨེབ་གཏང་འབད་ དཔེ་དེ་ནང་ དངུལ་གྱི་བེ་ལུ་ C ཨིན་པའི་ནང་ཐིག་ཅིག་ཨིན།

  4. རེ་བ་བསྐྱེད་ཡོད་པའི་མན་ངག་གི་གྲུབ་འབྲས་འདི་ དམིགས་གཏད་བེ་ལུ་ ཚིག་ཡིག་སྒྲོམ་ནང་བཙུགས། དཔེ་འདི་ནང་ བེ་ལུ་འདི་ ༡༥,༠༠༠ ཨིན་པས། བཏུབ་ ལུ་ཨེབ་གཏང་འབད།

  5. ཌའི་ལོག་གིས་ཁྱོད་ལུ་ དམིགས་གཏད་འཚོལ་བ་འདི་མཐར་འཁྱོལ་བྱུང་ནུག་ཟེར་ བརྡ་སླབ་འབད་དེ་འབྱུངམ་ཨིན། གྲུབ་འབྲས་འདི་ འགྱུར་ཅན་བེ་ལུ་དང་གཅིག་ཁར་ནང་ཐིག་ནང་བཙུགས་ནི་གི་དོན་ལུ་ ཨིན་ ལུ་ཨུབ་གཏང་འབད།