ཀེལཀི་ནང་འཚོལ་ནི་དང་ཚབ་བཙུགས་དོ་

ཤོག་ཁྲམ་ཡིག་ཆ་ཚུ་ནང་ཁྱོད་ཀྱིས་ མིང་ཚིག་ མན་ངག་ དང་བཟོ་རྣམ་ཚུ་འཐོབ་ཚུགས། ཁྱོད་ཀྱིས་ གྲུབ་འབྲས་ཅིག་ལས་ཤུལ་མམ་ལུ་འགྲུལ་བསྐྱོད་འབད་ཚུགས ཡང་ན་ ཁྱོད་ཀྱིས་ ཚར་ཅིག་ལུ་མཐུན་མི་ནང་ཐིག་ཚུ་ཆ་མཉམ་གཙོ་དམིགས་འབད་ཚུགས་ དེ་ལས་ གཞན་མི་རྩ་སྒྲིག་ཅིག་འཇུག་སྤྱོད་འབད་ ཡང་ན་ ནང་ཐིག་ནང་དོན་འདི་གཞན་མི་ནང་དོན་ཅིག་གིས་ཚབ་བཙུགས།

འཚོལ་ཞིནམ་ལས་ཚབ་བཙུགས་ཌའི་ལོག་འདི་

ནང་ཐིག་ཚུ་ནང་ ཚིག་ཡིག་གི་ཡིག་ཆ་ཅིག་ནང་བཟུམ་སྦེ་ཐད་ཀར་དུ་ཐོ་བཀོད་འབད་ཡོད་མི་ ཚིག་ཡིག་ཡང་ན་ཨང་ཚུ་འོང་། དེ་འབདཝ་ད་ ནང་ཐིག་ནང་ལུ་ རྩིས་སྟོན་གྱི་གྲུབ་འབྲས་སྦེ་ ཚིག་ཡིག་ཡང་ན་ཨང་ཚུ་ཡང་འོང་། དཔེར་ན་ ནང་ཐིག་ཅིག་ནང་ མན་ངག་ =1+2 ཡོདཔ་ཨིན་པ་ཅིན་ འདི་གིས་ གྲུབ་འབྲས་ 3 འདི་བཀྲམ་སྟོན་འབདཝ་ཨིན། ཁྱོད་ཀྱིས་ ཡང་ཅིན་ ༡ རིམ་བཞིན་ ༢ གི་དོན་ལུ་འཚོལ་ཞིབ་འབད་ནི་ཨིན་ན་ ཡང་ན་ ༣ འཚོལ་ཞིབ་འབད་ནི་ཨིན་ན་ གྲོས་ཐག་བཅད་དགོ

མན་ངག་ཚུ་ཡང་ན་གནས་གོང་ཚུ་འཚོལ་ནིའི་དོན་ལས་

ཁྱོད་ཀྱིས་ འཚོལ་ཞིནམ་་ལས་ཚབ་བཙུགས་ཌའི་ལོག་ནང་ལུ་ ཡང་ཅིན་ མན་ངག་གི་ཡན་ལག་འདི་ཚུ་འཚོལ་ནི་ཨིན་ན་ ཡང་ན་ རྩིས་སྟོན་གྱི་གྲུབ་འབྲས་འདི་འཚོལ་ནི་ཨིན་ན་ གསལ་བཀོད་འབད་བཏུབ།

  1. ཞུན་དག་ - འཚོལ་ཞིནམ་ལས་ཚབ་བཙུགས་ འདི་ འཚོལ་ཞིནམ་ལས་ཚབ་བཙུགས་ཌའི་ལོག་འདི་ཁ་ཕྱེ་ནིའི་དོན་ལས་གདམ་ཁ་རྐྱབས།

  2. གདམ་ཁ་ལེ་ཤ་ འདི་ ཌའི་ལོག་འདི་རྒྱ་བསྐྱེད་འབད་ནིའི་དོན་ལས་ཨེབ་གཏང་།

  3. "Formulas" ཡང་ན་ "Values" འདི་ འཚོལ་ཞིབ་ ཐོ་ཡིག་སྒྲོམ་ནང་སེལ་འཐུ་འབད་།

"Formulas" དང་གཅིག་ཁར་ཁྱོད་ཀྱིས་ མན་ངག་ཚུ་གི་ཡན་ལག་ཚུ་ཆ་མཉམ་འཐོབ་ཚུགས།

"Values" དང་གཅིག་ཁར་ཁྱོད་ཀྱིས་ རྩིས་སྟོན་གྱི་གྲུབ་འབྲས་འདི་འཐོབ་ཚུགས།

དྲན་འཛིན་ངོས་དཔར།

ནང་ཐིག་ནང་དོན་ཚུ་ ཐབས་ལམ་སོ་སོ་ནང་རྩ་སྒྲིག་འབད་བཏུབ། དཔེར་ན་ ཨང་ཅིག་ དངུལ་བརྡ་མཚོན་དང་གཅིག་ཁར་བཀྲམ་སྟོན་འབད་ནིའི་དོན་ལས་ དངུལ་སྦེ་རྩ་སྒྲིག་འབད་བཏུབ། ཁྱོད་ཀྱིས་དངུལ་གྱི་བརྡ་མཚོན་འདི་ནང་ཐིག་ནང་ལུ་བལྟ་ དེ་འབདཝ་ད་ ཁྱོད་ཀྱིས་འདི་གི་དོན་ལུ་འཚོལ་ཞིབ་འབད་མི་བཏུབ།


ཚིག་ཡིག་འཚོལ་དོ་

  1. ཞུན་དག་ - འཚོལ་ཞིནམ་ལས་ཚབ་བཙུགས་ འདི་ འཚོལ་ཞིནམ་ལས་ཚབ་བཙུགས་ཌའི་ལོག་འདི་ཁ་ཕྱེ་ནིའི་དོན་ལས་གདམ་ཁ་རྐྱབས།

  2. Enter the text to find in the Find text box.

  3. ཡང་ཅིན་ འཚོལ་ ཡང་ན་ ཆ་མཉམ་འཚོལ་ཨེབ་གཏང་།

ཁྱོད་ཀྱིས་ འཚོལ་ཨེབ་གཏང་འབད་བའི་སྐབས་ ཀེལཀི་གིས་ ཁྱོད་ཀྱི་ཚིག་ཡིག་ཡོད་མི་ཤུལ་མའི་ནང་ཐིག་འདི་སེལ་འཐུ་འབད་འོང་། ཁྱོད་ཀྱིས་ ཚིག་ཡིག་འདི་བལྟ་ཞིནམ་ལས་ཞུན་དག་འབད་བཏུབ་ དེ་ལས་ འཚོལ་ འདི་ ཤུལ་མའི་འཐོབ་ཡོད་པའི་ནང་ཐིག་ལུ་མཐོ་རིམ་བཟོ་ནིའི་དོན་ལས་ ལོག་ཨེབ་གཏང་།

  1. If you closed the dialog, you can press a key combination (+Shift+F) to find the next cell without opening the dialog.

  2. By default, Calc searches the current sheet. Check the All sheets box to search through all sheets of the document.

ཁྱོད་ཀྱིས་ ཆ་མཉམ་འཚོལ་ཨེབ་གཏང་པའི་སྐབས་ ཀེལཀི་གིས་ ཁྱོད་ཀྱི་ཐོ་བཀོད་ཡོད་མི་ནང་ཐིག་ཚུ་ཆ་མཉམ་སེལ་འཐུ་འབདཝ་ཨིན། ད་ཁྱོད་ཀྱིས་དཔེར་ན་ ནང་ཐིག་འཐོབ་ཡོད་མི་ཆ་མཉམ་ རྒྱགས་པ་ལུ་གཞི་སྒྲིག་འབད་བཏུབ་ ཡང་ན་ནང་ཐིག་བཟོ་རྣམ་ཅིག་ ཚར་གཅིག་ལུ་འཇུག་སྤྱོད་འབད་བཏུབ།

འགྲུལ་བསྐྱོད་པ་འདི་

  1. ཞིན་དག་ - འགྲུལ་བསྐྱོད་པ་ འདི་ འགྲུལ་བསྐྱོད་པའི་སྒོ་སྒྲིག་འདི་ཁ་ཕྱེ་ནིའི་དོན་ལས་གདམ་ཁ་རྐྱབས།

འགྲུལ་བསྐྱོད་པ་འདི་ དངོས་པོ་ཚུ་འཚོལ་ནི་དང་སེལ་འཐུ་འབད་ནིའི་དོན་ལས་ ལག་ཆས་གཙོ་བོ་ཅིག་ཨིན།

ཡིག་ཆ་གཅིག་པའི་ནང་འཁོད་ ཡང་ན་གཞན་མི་ཨོ་པཱན་ཡིག་ཆ་ཚུ་ལས་ དངོས་པོ་ཙུ་དང་འབྲེལ་ལམ་ཚུ་བཙུགས་ནིའི་དོན་ལས་ འགྲུལ་བསྐྱོད་པ་འདི་ལག་ལེན་འཐབ།