ཌི་བེསི་ཡིག་སྣོད་ཚུ་ ནང་འདྲེན་དང་ཕྱིར་འདྲེན་འབད་དོ་

ཁྱོད་ཀྱིས་གནད་སྡུད་འདི་ ཌི་གཞི་རྟེན་ཡིག་སྣོད་རྩ་སྒྲིག་ (*.dbf file extension) ནང་གི་ LibreOffice ནང་ལུ་ ཡང་ན་ཤོག་ཁྲམ་ཅིག་ནང་ལུ་ ཁ་ཕྱེ་ནི་དང་སྲུང་བཞག་འབད་བཏུབ། LibreOffice གཞི་རྟེན་ནང་ ཌི་གཞི་རྟེན་གནད་སྡུད་གཞི་རྟེན་འདི་ .dbf ཡིག་སྣོད་རྒྱ་བསྐྱེད་དང་གཅིག་ཁར་ཡིག་སྣོད་ཡོད་མི་ སྣོད་འཛིན་ཅིག་ཨིན། ཡིག་སྣོད་རེ་རེ་བཞིན་ གནད་སྡུད་གཞི་རྟེན་ནང་གི་ཐིག་ཁྲམ་ཅིག་ལུ་ཆ་མཉམ་པ་ཨིན། མན་ངག་ཚུ་དང་རྩ་སྒྲིག་འབད་ནི་ཚུ་ ཁྱོད་ཀྱིས་ LibreOffice ལས་ཌི་གཞི་རྟེན་ཡིག་སྣོད་ཅིག་ ཁ་ཕྱི་ནི་དང་སྲུང་བཞག་འབད་བའི་སྐབས་་བརླག་སྟོར་ཞུགས་ཡོད།

ཌིབེསི་ཡིག་སྣོད་ཅིག་ཤོག་ཁྲམ་ཅིག་ནང་ནང་འདྲེན་འབད་ནི་ལུ་

  1. ཡིག་སྣོད་ - ཁ་ཕྱེ་ གདམ་ཁ་རྐྱབས།

  2. ཁྱོད་ཀྱིས་ནང་འདྲེན་འབད་དགོ་མནོ་མི་ *.dbf ཡིག་སྣོད་འདི་ག་ཡོད་ལྟ།

  3. ཁ་ཕྱེ་ གུ་ཨེབ་གཏང་འབད།

    ཌི་བེསི་ཡིག་སྣོད་ཚུ་ནང་འདྲེན་འབད་ ཌའི་ལོག་ཁ་ཕྱེཝ་ཨིན།

  4. བཏུབ་ གུ་ཨེབ་གཏང་འབད།

    ཌི་བེསི་ཡིག་སྣོད་འདི་ ཀེལཀི་ཤོག་ཁྲམ་གསརཔ་ཅིག་སྦེ་ ཁ་ཕྱེཝ་ཨིན།

    ཉེན་བརྡའི་ངོས་དཔར།

    ཤོག་ཁྲམ་འདི་ཌི་བེསི་ཡིག་སྣོད་སྦེ་སྲུང་དགོ་མནོ་བ་ཅིན་ ནང་འདྲེན་འབད་ཡོད་པའི་ཡིག་སྣོད་ནང་ལས་ གྲལ་ཐིག་དང་པམ་འདི་བསྒྱུར་བཅོས་མ་འབད་ ཡང་ན་ བཏོན་མ་གཏང་། གྲལ་ཐིག་འདི་ནང་ ཌི་བེསི་གནད་སྡུད་གཞི་རྟེན་ལུ་དགོས་མཁོ་ཡོད་པའི་བརྡ་དོན་ཚུ་ཡོདཔ་ཨིན།


ཌི་བེསི་ཡིག་སྣོད་ཅིག་ གནད་སྡུད་གཞི་རྟེན་གྱི་ཐིག་ཁྲམ་ཅིག་ནང་ ནང་འདྲེན་འབད་ནི་ལུ་

མ་གཞི་ལུ་ LibreOffice གཞི་རྟེན་ གནད་སྡུད་གཞི་རྟེན་གྱི་ཐིག་ཁྲམ་འདི་ ཡོད་བཞིན་པའི་གནད་སྡུད་གཞི་རྟེན་ལུ་འབྲེལ་ལམ་ཅིག་ཨིན།

  1. ཡིག་སྣོད་ - གསརཔ་ - གནད་སྡུད་གཞི་རྟེན་ གདམ་ཁ་རྐྱབས།

  2. བཟུམསྦེ་སྲུངས་ ཌའི་ལོག་གི་ ཡིག་སྣོད་མིང་སྒྲོམ་ནང་ གནད་སྡུད་གཞི་རྟེན་གྱི་དོན་ལུ་ མིང་ཅིག་བཙུགས།

  3. སྲུངས་ གུ་ཨེབ་གཏང་འབད།

  4. གནད་སྡུད་གཞི་རྟེན་གྱི་དབྱེ་བ་ ཌའི་ལོག་གི་ གནད་སྡུད་གཞི་རྟེན་གྱི་དབྱེ་བ་ སྒྲོམ་ནང་ "dBASE"སེལ་འཐུ་འབད།

  5. ཤུལ་མམ་ གུ་ཨེབ་གཏང་འབད།

  6. བརྡ་འཚོལ་འབད་ གུ་ཨེབ་གཏང་འབད།

  7. ཌི་བེསི་ཡིག་སྣོད་དང་ལྡན་པའི་སྣོད་ཐོ་ ག་ཡོད་བལྟ་ཞིནམ་ལས་ བཏུབ་ གུ་ཨེབ་གཏང་འབད།

  8. གསར་བསྐྲུན་ གུ་ཨེབ་གཏང་འབད།

ཤོག་ཁྲམ་འདི་ ཌི་བེསི་ཡིག་སྣོད་ཅིག་ལུ་ཕྱིར་འདྲེན་འབད་ནི་ལུ་

  1. ཡིག་སྣོད་ - བཟུམ་སྦེ་སྲུངས་ གདམ་ཁ་རྐྱབས།

  2. ཡིག་སྣོད་རྩ་སྒྲིག་ སྒྲོམ་ནང་ "dBase file" སེལ་འཐུ་འབད།

  3. ཡིག་སྣོད་མིང་ སྒྲོམ་ནང་ ཌི་བེསི་ཡིག་སྣོད་ཀྱི་དོན་ལུ་ མིང་ཅིག་བཏགས།

  4. སྲུངས་ གུ་ཨེབ་གཏང་འབད།

དྲན་འཛིན་ངོས་དཔར།

ད་ལྟོའི་ལེབ་གྲངས་གུ་ཡོད་མི་གནད་སྡུད་རྐྱངམ་ཅིག་ ཕྱིར་འདྲེན་འབད་ཡི།