མེད་ཆའི་ཨང་གྲངས་ཚུ་ གཙོ་དམིགས་འབད་དོ་

མེད་ཆའི་ཨང་གྲངས་དམརཔོ་སྦེ་གཙོ་དམིགས་འབད་མི་ཨང་གྲངས་རྩ་སྒྲིག་ཅིག་དང་བཅས་ ནང་ཐིག་ཚུ་རྩ་སྒྲིག་འབད་ཚུགས། ཁྱོད་ཀྱིས་ ཐབས་གཞན་གྱི་ཐོག་ལས་ མེད་ཆ་ཨང་གྲངས་ཚུ་ཚོས་གཞི་སོ་སོར་ནང་གཙོ་དམིགས་འབད་དེ་ ཁྱོད་རའི་ཨང་གྲངས་རྩ་སྒྲིག་འདི་ངེས་འཛིན་འབད་བཏུབ།

  1. ནང་ཐིག་སེལ་འཐུ་འབད་ཞིནམ་ལས་ རྩ་སྒྲིག་ - ནང་ཐིག་ གདམ་ཁ་རྐྱབས།

  2. ཨང་གྲངས་ཚུ་ མཆོང་ལྡེ་གུ་ ཨང་གྲངས་རྩ་སྒྲིག་ཅིག་སེལ་འཐུ་འབད་ཞིནམ་ལས་ ཆེད་ཆ་ཨང་གྲངས་དམརཔོ་ ཞིབ་དཔྱད་སྒྲོམ་གུ་ རྟགས་བཀལ། བཏུབ་ གུ་ཨེབ་གཏང་འབད།

ནང་ཐིག་ཨང་གྲངས་རྩ་སྒྲིག་འདི་ ཁག་གཉིས་ནང་སྦེ་ངེས་འཛིན་འབད་དེ་ཡོད། ཡོད་ཆའི་ཨང་གྲངས་དང་ཀླད་ཀོར་དོན་ལུ་ རྩ་སྒྲིག་འདི་སེ་མི་ཀོ་ལཱོན་གི་གདོང་ཁར་ངེས་འཛིན་འབད་དེ་ཡོད་ སེ་མི་ཀོ་ལཱོན་གྱི་ཤུལ་མ་ མེད་ཆའི་ཨང་གྲངས་ཀྱི་མན་ངག་འདི་ ངེས་འཛིན་འབད་ཡི། ཁྱོད་ཀྱིས་ རྩ་སྒྲིག་ཨང་ འོག་ལུ་ ཨང་རྟགས་(དམརཔོ་)སོར་བཏུབ། དཔེར་ན་ "RED," གི་ཚབ་ལུ་ "YELLOW" བཙུགས། ཁ་སྐོང་ ངོས་པར་གུ་ཨེབ་གཏང་འབད་བའི་ཤུལ་ལུ་ ཐོ་ཡིག་ནང་ཨང་རྟགས་གསརཔ་འབྱུང་པ་ཅིན་ འདི་ནུས་ཅན་ཐོ་བཀོད་ཅིག་ཨིན།