གནས་སྟངས་ཅན་གྱི་རྩ་སྒྲིག་འཇུག་སྤྱོད་འབད་དོ་

Using the menu command Format - Conditional formatting, the dialog allows you to define conditions per cell, which must be met in order for the selected cells to have a particular format.

ཉེན་བརྡའི་ངོས་དཔར།

གནས་སྟངས་ཅན་གྱི་རྩ་སྒྲིག་འབད་ནི་འཇུག་སྤྱོད་འབད་ནིའི་དོན་ལས་ རང་བཞིན་རྩིས་སྟོན་འདི་ལྕོགས་ཅན་བཟོ་དགོ། ལག་ཆས་ - ནང་ཐིག་ནང་དོན་ཚུ་ - རང་བཞིན་རྩིས་སྟོན་ (རང་བཞིན་རྩིས་སྟོན་འདི་ལྕོགས་ཅན་བཟོ་ཡོད་པའི་སྐབས་ བརྡ་བཀོད་འདི་གི་ཤུལ་མ་ ཁྱོད་ཀྱིས་དཔྱད་རྟགས་ཅིག་མཐོང་ཚུགས་) གདམ་ཁ་རྐྱབས།


གནས་སྟངས་ཅན་གྱི་རྩ་སྒྲིག་ཐོག་ལས་ ཁྱོད་ཀྱིས་ དཔེར་ན་ བསྡོམས་ཆ་མཉམ་གྱི་ཆ་སྙོམས་བེ་ལུ་ལས་ལྷག་པའི་བསྡོམས་ཚུ་ལུ་ གཙོ་དམིགས་འབདཝ་ཨིན། བསྡོམས་འདི་འགྱུར་བ་ཅིན་ རྩ་སྒྲིག་འདི་ བཟོ་རྣམ་གཞན་ཚུ་ལུ་ལག་ཐོག་ལས་འཇུག་སྤྱོད་འབད་མ་དགོ་པར་ མཉམ་པའི་ཐོག་ལས་འགྱུརཝ་ཨིན།

To Define the Conditions

  1. ཁྱོད་ཀྱིས་ གནས་སྟངསཅན་གྱི་བཟོ་རྣམ་ཅིག་འཇུག་སྤྱོད་འབད་དགོ་མནོ་མི་འདི་ལུ་ ནང་ཐིག་སེལ་འཐུ་འབད།

  2. རྩ་སྒྲིག་ - གནས་སྟངས་ཅན་གྱི་རྩ་སྒྲིག་ གདམ་ཁ་རྐྱབས།

  3. ཌའི་ལོག་སྒྲོམ་ནང་ལུ་ གནས་སྟངས་(ཚུ་)བཙུགས། ཌའི་ལོག་འདི་ LibreOffice Help ནང་ལུ་ རྒྱས་ཤིང་རྒྱསཔ་སྦེ་འགྲེལ་བཤད་འབད་དེ་ཡོདཔ་དང་ དཔེར་བརྗོད་འདི་འོག་ལུ་བྱིན་ཏེ་ཡོད་:

Example of Conditional Formatting: Highlighting Totals Above/Under the Average Value

Step1: Generate Number Values

ཁྱོད་ཀྱིས་ ཐིག་ཁྲམ་གྱི་གཙོ་བཏོན་ནང་ བེ་ལུསི་ལ་ལོ་ཅིག་བྱིན་དགོ་པ་ཅིན་ དཔེར་ན་ འོང་འབབ་བསྡོམས་ཀྱི་ཐིག་ཁྲམ་ཅིག་ནང་ ཁྱོད་ཀྱིས་ ཆ་སྙོམས་ཀྱི་ལྟག་ལས་ཡོད་པའི་བེ་ལུསི་ཆ་མཉམ་ ཚོས་གཞི་ལྗང་ཁུ་དང་དེའི་འོག་ལས་ཨིན་མི་ཚུ་ དམརཔ་སྦེ་བཏོན་བཏུབ། འདི་ཡང་ གནས་སྟངས་ཅན་གྱི་རྩ་སྒྲིག་ཐོག་ལས་འབད་ཚུགསཔ་ཨིན།

  1. དང་པ་ར་ བེ་ལུསི་མ་འདྲཝ་དག་པ་ཅིག་འབྱུང་ས་ལུ་ ཐིག་ཁྲམ་ཅིག་བྲིས། བརྟག་དཔྱད་ཀྱི་དོན་ལུ་ གང་འབྱུང་ཨང་གྲངས་གང་རུང་གི་ཐོག་ལས་ ཐིག་ཁྲམ་གསར་བསྐྲུན་འབད་བཏུབ་:

    ནང་ཐིག་གཅིག་ནང་ མན་ངག་ =RAND() འདི་བཙུགས་ཞིནམ་ལས་ ཁྱོད་ཀྱིས་ ༠ དང་ ༡ གི་བར་ན་གང་འབྱུང་ཨང་གྲངས་ཐོབ་འོང་། ༠ དང་ ༥༠ འི་བར་ནའི་ཧྲིལ་གྲངས་དགོ་པ་ཅིན་ མན་ངག་ =INT(RAND()*50) འདི་བཙུགས།

  2. གང་འབྱུང་ཨང་གྲངས་ཀྱི་གྲལ་ཐིག་ཅིག་གསར་བསྐྲུན་འབད་ནི་ལུ་ མན་ངག་འདྲ་བཤུས་རྐྱབས། སེལ་འཐུ་འབད་ཡོད་པའི་གཤམ་གྱི་གཡས་ཕྱོགས་ སྒྱིད་ཁུག་གུ་ཨེབ་གཏང་འབད་ཞིནམ་ལས་ རེ་འདུན་བསྐྱེད་པའི་ཁྱབ་ཚད་འདི་སེལ་འཐུ་མ་འབད་ཚུན་ གཡས་ཁ་ཐུག་ལུ་འདྲུད།

  3. གོང་ལུ་འགྲེལ་བཤད་འབད་ཡོད་དོ་བཟུམ་སྦེ་ གང་འབྱུང་ཨང་གྲངས་གྲལ་ཐིག་ལེ་ཤ་གསར་བསྐྲུན་འབད་ནི་ལུ་ ནང་ཐིག་གི་གཡས་ཀྱི་སྒྱིད་ཁུག་ལུ་འདྲུད།

Step 2: Define Cell Styles

The next step is to apply a cell style to all values that represent above-average turnover, and one to those that are below the average. Ensure that the Styles window is visible before proceeding.

  1. ནང་ཐིག་སྟོངམ་ཅིག་ནང་ཨེབ་གཏང་འབད་བའི་ཤུལ་ལས་ སྐབས་དོན་ཚིག་དོན་ནང་ལུ་ བརྡ་བཀོད་ རྩ་སྒྲིག་ནང་ཐིག་ཚུ་ སེལ་འཐུ་འབད།

  2. རྒྱབ་གཞི་ མཆོང་ལྡེ་གུ་གི་ རྩ་སྒྲིག་ནིང་ཐིག་ ཌའི་ལོག་ནང་ལུ་ རྒྱབ་གཞིའི་ཚོས་གཞི་ཅིག་སེལ་འཐུ་འབད། བཏུབ་ གུ་ཨེབ་གཏང་འབད།

  3. In the Styles window, click the New Style from Selection icon. Enter the name of the new style. For this example, name the style "Above".

  4. བཟོ་རྣམ་གཉིས་པམ་འདི་ངེས་འཛིན་འབད་ནི་ལུ་ དོ་རུང་ནང་ཐིག་ས་སྟོང་ཅིག་གུ་ཨེབ་གཏང་འབད་ཞིནམ་ལས་ གོང་ལུ་འགྲེལ་བཤད་བརྐྱབས་ཡོདཔ་བཟུམ་སྦེ་ འཕྲོ་མཐུད་དེ་འབད། ནང་ཐིག་གི་དོན་ལུ་ རྒྱབ་གཞིའི་ཚོས་གཞི་མ་འདྲཝ་ཅིག་འགན་སྤྲོད་འབད་ཞིནམ་ལས་ མིང་ཅིག་འགན་སྤྲོད་འབད་(དཔེར་ན་ "Below")།

Step 3: Calculate Average

ང་བཅས་ཀྱི་་དཔེར་བརྗོད་ནང་ གང་འབྱུང་བེ་ལུསི་གི་ཆ་སྙོམས་རྩིས་སྟོན་དོ། གྲུབ་འབྲས་འདི་ནང་ཐིག་ཅིག་ནང་བཞག་ཅི་:

  1. ནང་ཐིག་སྟོངམ་ཅིག་ནང་ལུ་ འོད་རྟགས་གཞི་སྒྲིག་འབད་ དཔེར་ན་ ཇེ་༡༤ དེ་ལས་ བཙུགས་ - ལས་འགན་ གདམ་ཁ་རྐྱབས།

  2. ཆ་སྙོམས་ལས་འགན་ སེལ་འཐུ་འབད། ཁྱོད་རའི་གང་འབྱུང་ཨང་གྲངས་སེལ་འཐུ་འབད་དགོ་པ་ཅིན་ མཱའུསི་ལག་ལེན་འཐབ། ཁྱབ་ཚད་ཧྲིལ་བུ་མ་མཐོང་པ་ཅིན་ ལས་འགན་ཝི་ཛརཌི་འདི་ རབ་རིབ་བཟོ་དོ་ཡོདཔ་མས་ དེ་འབདཝ་ལས་ གནས་སྐབས་ཅིག་ Shrink / Maximize ངོས་པར་ འཕར་བའི་ཐོག་ལས་ ཌའི་ལོག་བསྐུམ་ཚུགས།

  3. Close the Function Wizard with OK.

Step 4: Apply Cell Styles

ད་འབདན་ཁྱོད་ཀྱིས་ ལེབ་གྲངས་ལུ་ གནས་སྟངས་ཅན་གྱི་རྩ་སྒྲིག་འདི་ འཇུག་སྤྱོད་འབད་:

  1. གང་འབྱུང་ཨང་གྲངས་དང་བཅས་ ནང་ཐིག་ཆ་མཉམ་སེལ་འཐུ་འབད།

  2. ཆ་མཉམ་པའི་ཌའི་ལོག་ཁ་ཕྱེ་ནི་གི་དོན་ལུ་ Format - Conditional Formatting བརྡ་བཀོད་ གདམ་ཁ་རྐྱབས།

  3. འོག་གི་ཚུ་བཟུམ་སྦེ་ངེས་འཛིན་འབད་: ནང་ཐིག་བེ་ལུ་འདི་ ཇེ་༡༤་ ལས་ཉུང་པ་ཅིན་ ནང་ཐིག་བཟོ་རྣམ་ "Below"གི་ཐོག་ལས་རྩ་སྒྲིག་འབད་ དེ་ལས་ དེ་དང་འདྲཝ་སྦེ་ ནང་ཐིག་བེ་ལུ་འདི་ ཇེ་ ༡༤ དང་མཉམ་པ་ ཡང་ན་ མང་པ་ཅིན་ ནང་ཐིག་བཟོ་རྣམ་ "Above" གི་ཐོག་ལས་ རྩ་སྒྲིག་འབད།

Step 5: Copy Cell Style

ནང་ཐིག་གཞན་མི་ཚུ་ལུ་ཤུལ་ལས་ གནས་སྟངས་ཅན་གྱི་རྩ་སྒྲིག་འཇུག་སྤྱོད་འབད་ནི་གི་དོན་ལུ་:

  1. གནས་སྟངས་ཅན་གྱི་རྩ་སྒྲིག་སྦེ་འགན་སྤྲོད་འབད་དེ་ཡོད་མི་ནང་ཐིག་ནང་ལས་གཅིག་གུ་ ཨེབ་གཏང་འབད།

  2. ནང་ཐིག་འདི་ འཛིན་པང་ལུ་འདྲ་བཤུས་རྐྱབས།

  3. རྩ་སྒྲིག་ཅོག་འཐདཔ་ཐོབ་ནི་ཨིན་པའི་ནང་ཐིག་ཚུ་ སེལའཐུ་འབད།

  4. ཞུན་དག་ - དམིགས་བསལ་སྦྱར་ གདམ་ཁ་རྐྱབས། དམིགས་བསལ་སྦྱར་ ཌའི་ལོག་འདི་འབྱུངམ་ཨིན།

  5. སེལ་འཐུ་ མངའ་ཁོངས་ནང་ རྩ་སྒྲིག་ཚུ་ སྒྲོམ་རྐྱངམ་ཅིག་ཞིབ་དཔྱད་འབད། གཞན་སྒྲོམ་ཚུ་ཞིབ་དཔྱད་མ་འབད་བར་བཞག་དགོ བཏུབ་གུ་ ཨེབ་གཏང་འབད།