གཞན་མི་ལེབ་གྲངས་ཚུ་གཞི་བསྟུན་འབད་དོ་

ཁྱོད་ཀྱིས་ ལེབ་གྲངས་ནང་ཐིག་ནང་ ལེབ་གྲངས་གཞན་ཁར་ཡོད་པའི་ནང་ཐིག་ཅིག་ལུ་ གཞི་བསྟུན་ཅིག་སྟོན་ཚུགས།

ཐབས་ལམ་འདི་བཟུམ་སྦེ་ གཞི་བསྟུན་འདི་ འ་ནི་ཡིག་ཆ་འདི་ཧེ་མ་ལས་ ཡིག་སྣོད་སྦེ་སྲུང་བཞག་འབད་ཡོདཔ་སྦེ་ གཞན་མི་ཡིག་ཆ་ཅིག་ལས་ ནང་ཐིག་ཅིག་ལུ་བཟོ་བཏུབ།

ཡིག་ཆ་གཞན་མི་ཅིག་ནང་ ནང་ཐིག་ཅིག་གཞི་བསྟུན་འབད་དོ།

  1. ཤོག་ཁྲམ་སྟོང་གསརཔ་ཅིག་ ཁ་ཕྱེ།

  2. དཔེའི་ཐོག་ལུ་ འོག་གི་མན་ངག་འདི་ ལེབ་གྲངས་ ༡ གི་ནང་ཐིག་ཨེ་ ༡ ནང་བཙུགས་:

    =Sheet2.A1

  3. ཤོག་ཁྲམ་གྱི་མཇུག་ལུ་ ལེབ་གྲངས་ ༢ མཆོང་ལྡེ་ལུ་ཨེབ་གཏང་འབད། ནང་ཐིག་ ཨེ་ ༡ནང་ འོད་རྟགས་གཞི་སྒྲིག་འབད་ཞིནམ་ལས་ ཚིག་ཡིག་ ཡང་ན་ ཨང་གྲངས་ཅིག་བཙུགས།

  4. ཁྱོད་ཀྱིས་ ལེབ་གྲངས་ ༡ ལུ་ལོག་སོར་བསྒྱུར་འབད་བ་ཅིན་ ནང་ཐིག་ ཨེ་ ༡ དེ་ནང་ལུ་ ནང་དོན་ཅོག་འཐདཔ་འབད་མཐོང་འོང་། ག་དེམ་ཅིག་འབད་ ལེབ་གྲངས་ ༢་ཨེ༡་ གི་ནང་དོན་ཚུ་འགྱུར་བ་ཅིན་ ལེབ་གྲངས་༡་ཨེ༡ གི་ནང་དོན་ཚུ་ཡང་ འགྱུར་འོང་།

ཡིག་ཆ་གཞན་མི་ཅིག་ནང་ ནང་ཐིག་ཅིག་གཞི་བསྟུན་འབད་དོ།

  1. ཡིག་སྣོད་ - ཁ་ཕྱེ་ འདི་ ཡོད་བཞིན་པའི་ཤོག་ཁྲམ་ཡིག་ཆ་འདི་མངོན་གསལ་འབད་ནིའི་དོན་ལས་ གདམ་ཁ་རྐྱབས།

  2. ཡིག་སྣོད་ - གསརཔ་ འདི་ ཤོག་ཁྲམ་ཡིག་ཆ་གསརཔ་ཅིག་ཁ་ཕྱེ་ནིའི་དོན་ལས་ གདམ་ཁ་རྐྱབས། ཁྱོད་ཀྱིས་ཕྱིའི་གནད་སྡུད་འདི་བཙུགས་དགོ་མནོ་སའི་ ནང་ཐིག་འདི་ནང་འོད་རྟགས་འདི་གཞི་སྒྲིག་འབད་ དེ་ལས་ མཉམ་རྟགས་ཅིག་ ཁྱོད་ཀྱིས་མན་ངག་ཅིག་འགོ་བཙུགས་ནིའི་དོན་ལས་ ཐོ་བཀོད་འབད།

  3. ཁྱོད་ཀྱིས་མངོན་གསལ་འབད་ཡོད་པའི་ཡིག་ཆ་འདི་ལུ་སོར་བསྒྱུར་འབད། ཁྱོད་ཀྱིས་ཡིག་ཆ་གསརཔ་འདི་ནང་བཙུགས་དགོ་མནོ་མི་ གནད་སྡུད་དང་གཅིག་ཁར་ནང་ཐིག་འདི་ཨེབ་གཏང་།

  4. ཤོག་ཁྲམ་གསརཔ་འདི་ལུ་ལོག་སོར་བསྒྱུར་འབད། ཨིན་པུཊི་གྲལ་ཐིག་ནང་ལུ་ ཁྱོད་ཀྱིས་ད་ LibreOffice ཀེལཀི་གིས་ ཁྱོད་ཀྱི་དོན་ལུ་ གཞི་བསྟུན་འདི་མན་ངག་ལུ་ག་དེ་སྦེ་ཁ་སྐོང་རྐྱབས་ཡོདཔ་ཨིན་ན་ མཐོང་ཚུགས།

    ཡིག་ཆ་གཞན་མི་ཅིག་གི་ནང་ཐིག་ལུ་གཞི་བསྟུན་འདི་གི་ནང་ན་ ཡིག་ཆ་གཞན་མི་ཅིག་གི་མིང་འདི་ གནས་ལོག་འབད་འབད་བའི་ལྷོད་རྟགས་རྐྱང་པ་ནང་ དེ་ལས་ཨང་རྟགས་ # དེ་ལས་ ཡིག་ཆ་གཞན་མི་འདི་གི་ལེབ་གྲངས་དེའི་མིང་ ནང་ཐིག་འདི་གི་མིང་དང་ས་ཚིགས་ཀྱིས་རྗེས་སུ་འབྲང་སྟེ་ཡོདཔ་ཨིན།

  5. ཞིབ་དཔྱད་རྟགས་ཧོནམ་གུ་ཨེབ་གཏང་འབད་ཐོག་ལས་ མན་ངག་ངེས་དཔྱད་འབད།

  6. ཁྱོད་ཀྱིས་ ནང་ཐིག་ཁྱབ་ཚད་ཅིག་སེལ་འཐུ་འབད་ནིའི་དོན་ལས་ ཤུགས་ལྡན་ནང་ཐིག་འདིག་གི་འོག་གི་གཡས་སྒྱིད་ཁུག་འདི་ནང་ སྒྲོམ་འདི་འདྲུདཔ་ཨིན་པ་ཅིན་ LibreOffice གི་རང་བཞིན་གྱིས་ ཉེ་འདབས་ཀྱི་ནང་ཐིག་འདི་ནང་ལུ་ ཆ་མཉམ་པའི་གཞི་བསྟུན་འདི་ཚུ་བཙུགསཔ་ཨིན། དེ་འབདཝ་ལས་ ལེབ་གྲངས་མིང་འདི་ "$" རྟགས་ཅིག་དང་གཅིག་ཁར་ ཡང་དག་གཞི་བསྟུན་ཅིག་སྦེ་གོ་གནས་སྤྲོད་ནིའི་དོན་ལས་ སྔོན་དཔེ་འབད་ཡོད།

ཁྱོད་ཀྱིས་ འ་ནི་མན་ངག་ནང་ལུ་ ཡིག་ཆ་གཞན་མི་འདི་གི་མིང་འདི་བརྟག་དཔྱད་འབད་བ་ཅིན་ ཁྱོད་ཀྱིས་འདི་ ཡུ་ཨར་ཨེལ་ ཅིག་སྦེ་འབྲི་ཡོདཔ་སྦེ་ མཐོང་ཚུགསཔ། འ་ནི་འདི་ཁྱོད་ཀྱིས་ ཨིན་ཊར་ནེཊི་འདི་ལས་ ཡུ་ཨར་ཨེལ་ཅིག་ཡང་ཐོ་བཀོད་འབད་ཚུགས་པའི་དོན་ཨིན།