འདྲུད་ནི་དང་བཀོག་བཞག་གི་ཐོག་ལས་ ནང་ཐིག་ཚུ་གཞི་བསྟུན་འབད་དོ་
འགྲུལ་བསྐྱོད་གྲོགས་རམ་ལུ་བརྟེན་ ཁྱོད་ཀྱིས་ ཡིག་ཆ་ཅོག་གཅིགཔ་ནང་ ཡངན་ སོ་སོར་ནང་ལུ་ ཤོག་ཁྲམ་གཅིག་ནང་ལས་སོ་སོར་ནང་ ནང་ཐིག་གཞི་བསྟུན་འབད་ཚུགས། ནང་ཐིག་ཚུ་ འདྲ་བཤུས་དང་འབྲེལ་ལམ་ ཡངན་ ཧའི་པར་ལིངཀ་སྦེ་བཙུགས་བཏུབ། བཙུགས་ནི་ཨིན་པའི་ཁྱབ་ཚད་འདི་ ཡིག་སྣོད་ངོ་མ་ནང་ མིང་དང་གཅིག་ཁར་ངེས་འཛིན་འབད་དགོ་ དེ་འབད་བ་ཅིན་ དམིགས་གཏད་ཡིག་སྣོད་ནང་བཙུགས་ཚུགས།
-
འབྱུང་ཁུངས་ནང་ཐིག་དང་ལྡན་པའི་ཡིག་ཆ་ ཁ་ཕྱེ།
-
To set the source range as the range, select the cells and choose Sheet - Named Ranges and Expressions - Define. Save the source document, and do not close it.
-
ཁྱོད་ཀྱིས་ ག་ཅི་འབད་རུང་ཅིག་བཙུགས་ནི་ཨིན་པའི་ལེབ་གྲངས་འདི་ ཁ་ཕྱེ།
-
འགྲུལ་བསྐྱོདཔ་ ཁ་ཕྱེ། འགྲུལ་བསྐྱོད་པའི་འོག་གི་སྒྲོམ་ནང་ལུ་ འབྱུང་ཁུངས་ཡིག་སྣོད་ སེལ་འཐུ་འབད།
-
འགྲུལ་བསྐྱོདཔ་ནང་ འབྱུང་ཁུངས་ཡིག་སྣོད་ཀྱི་དངོས་པོ་འདི་ "Range names"གི་འོག་ལུ་འབྱུངམ་ཨིན།
-
འགྲུལ་བསྐྱོདཔ་ནང་ Drag Mode ངོས་པར་ལག་ལེན་གྱི་ཐོག་ལས་ གཞི་བསྟུན་འདི་ཧའི་པར་ལིངཀི་དང་འབྲེལ་ལམ་ ཡང་ན་ འདྲ་བཤུས་སྦེ་དགོ་ནི་ཨིན་ན་ གདམ་ཁ་རྐྱབས།
-
འགྲུལ་བསྐྱོད་ནང་ "Range names"གི་འོག་ལུ་ མིང་གུ་ཨེབ་གཏང་འབད་ དེ་ལས་ གཞི་བསྟུན་འདི་ག་སྟེ་ལུ་བཙུགས་ནི་ཨིན་ན་ ད་ལྟོའི་ལེབ་གྲངས་ཀྱི་ནང་ཐིག་ནང་འདྲུད།
ཐབས་ལམ་འདི་ ད་ལྟོའི་ལེབ་གྲངས་ནང་ལུ་ ཡིག་ཆ་ཅོག་འཐད་པའི་ལེབ་གྲངས་གཞན་མི་ཅིག་ནང་ལས་ ཁྱབ་ཚད་ཅིག་བཙུགས་ནི་གི་དོན་ལུ་ ལག་ལེན་འཐབ་བཏུབ། ལྟག་གི་རིམ་པ་ ༤ པའི་ནང་ ཤུགས་ལྡན་ཡིག་ཆ་འདི་འབྱུང་ཁུངས་སྦེ་ སེལ་འཐུ་འབད།