ཤོཁ་ཁྲམ་ནང་རྩིས་སྟོན་དོ་

འོག་གི་འདི་ LibreOffice ཀེལཀི་ནང་ རྩིས་སྟོན་ཅིག་གི་དཔེར་བརྗོད་ཨིན།

  1. ནང་ཐིག་ཅིག་ནང་ཨེབ་གཏང་འབད་བའི་ཤུལ་ལུ་ ཨང་གྲངས་ཅིག་ཡིག་དཔར་རྐྱབས།

  2. ལོག་ལྡེ་ཨེབ།

    འོག་རྟགས་འདི་ ནང་ཐིག་གཞན་མི་ཅིག་ལུ་ མར་སྤོ་བཤུད་འབདཝ་ཨིན།

  3. ཨང་གྲངས་གཞན་ཅིག་ཐོ་བཀོད་འབད།

  4. Press the Tab key.

    འོད་རྟགས་འདི་ ཤུལ་མའི་ནང་ཐིག་གི་གཡས་ལུ་ སྤོ་བཤུད་འབདཝ་ཨིན།

  5. མན་ངག་ནང་ ཡིག་དཔར་རྐྱབས་ དཔེར་ན་ =ཨེ་༣ * ཨེ་༤ / ༡༠༠་བཟུམ།

  6. ལོག་ལྡེ་ཨེབ།

    མན་ངག་གྲུབ་འབྲས་འདི་ ནང་ཐིག་ནང་འབྱུངམ་ཨིན། ཁྱོད་ར་དགོ་པ་ཅིན་ མན་ངག་ཕྲ་རིང་གི་ཨིན་པུཊི་གྲལ་ཐིག་ནང་གི་མན་ངག་འདི་ ཞུན་དག་འབད་བཏུབ།

    ཁྱོད་ཀྱིས་མན་ངག་ཅིག་ཞུན་དག་འབད་བའི་བསྒང་ གྲུབ་འབྲས་གསརཔ་འདི་ རང་བཞིན་གྱིས་རྩིས་སྟོན་འོང་།