ཆུ་ཚོད་ཀྱི་ཁྱད་པར་ཚུ་རྩིས་སྟོན་དོ།

ཆུ་ཚོད་ཁྱད་པར་གྱི་རྩིས་སྟོན་དགོ་པ་ཅིན་ དཔེར་ན་ ཆུ་ཚོད་ ༢༣:༣༠ དང་ ༠༡:༡༠ གཉིས་ཀྱི་བར་ན་ ནུབ་གཅིག་ལུ་ར་རྩིས་སྟོན་དགོ་་པ་ཅིན་ འོག་གི་མན་ངག་འདི་ལག་ལེན་འཐབ་ཨིན་:

=(B2<A2)+B2-A2

ཤུལ་མའི་ཆུ་ཚོད་འདི་ བི་༢་ དང་ ཧེ་མའི་ཆུ་ཚོད་འདི་ ཨེ་༢ ཨིན། དཔེར་བརྗོད་འདི་གི་གྲུབ་འབྲས་འདི་ ༠༡:༤༠ ཡང་ན་ ཆུ་ཚོད་ ༡་དང་སྐར་མ་ ༤༠ ཨིན།

མན་ངག་ནང་ ཆུ་ཚོད་ཉེར་བཞི་ཧྲིལ་བུ་ལུ་ ༡ གི་བེ་ལུ་དང་ ཆུ་ཚོད་གཅིག་ལུ་ ༡/༢༤ གི་བེ་ལུ་ཡོད། གུག་ཤད་ནང་གཏན་ཚིགས་ཅན་གྱི་བེ་ལུ་འདི་ ༠ ཡང་ན་ ༢༤ དང་འབྲེལ་ཏེ་ ༠ ཡངན་ ༡ ཨིན། མན་ངག་གིས་ལོག་སྤྲོད་ཡོད་པའི་གྲུབ་འབྲས་འདི་ ཨོ་པི་རེནཌིསི་གི་རྒྱུན་རིམ་ལས་བརྟེན་ཏེ་ རང་བཞིན་གྱིས་ ཆུ་ཚོད་རྩ་སྒྲིག་ནང་སྤྲོདཔ་ཨིན།