ཉིན་ལཱ་

གྲུབ་འབྲས་འདི་ཚེས་སྦེ་རྩ་སྒྲིག་འབད་བཏུབ་པའི་ཚེས་ཨང་ཨིན། དེ་ལས་ཁྱོད་ཀྱིས་ ཉིན་ལཱ་ཚུ་དང་ ཚེས་འགོ་བཙུགས་ ལས་ཕྱི་ཁར་ ཚུ་གི་ཨང་ལ་ལོ་ཅིག་ཨིན་པའི་ཉིནམ་གྱི་ཚེས་བལྟ།

ཚུག་སྦྱོར།

WORKDAY (ཚེས་འགོ་བཙུགས་ ;ཉིན་གྲངས་ཚུ་ ; ངལ་གསོ་ཚུ།)

ཚེས་གྲངས་འགོ་བཙུགས་ : རྩིས་ལས་འདི་ནམ་སྟོན་ཏེ་ཡོདཔ་ཨིན་ན་གི་ཚེས་གྲངས། འགོ་བཙུགས་ཚེས་གྲངས་འདི་ ཉིན་ལཱ་ཨིན་པ་ཅིན་ ཉིནམ་འདི་ རྩིས་ལས་ནང་ལུ་གྲངས་སུ་བཙུགས་ཏེ་ཡོདཔ་ཨིན།

ཉིན་གྲངས་ཚུ་ : ཉིན་ལཱ་ཚུའི་གྱངས། གྲུབ་འབྲས་ལུ་ཚེས་འགོ་བཙུགས་ཀྱི་ཤུལ་ལས་ཡོད་ཆ་གནས་གོང་ གྲུབ་འབྲས་ལུ་ཚེས་འགོ་བཙུགས་ཀྱི་ཧེ་མ་མེད་ཆ་གནས་གོང་།

ངལ་གསོ་ཚུ་ : ངལ་གསོ་གདམ་ཁ་ཅན་ཚུའི་ཐོ་བཀོད། འ་ནི་ཚུ་ལཱ་འབད་ནི་མེན་པའི་ཉིནམ་ཚུ་ཨིན། ངལ་གསོ་ཚུ་རེ་རེ་སྦེ་ཐོ་བཀོད་འབད་དེ་ཡོད་ས་ནང་ནང་ཐིག་ཁྱབ་ཚད་བཙུགས།

དཔེ།

དབྱིན་ལོ་ ༢༠༠༡ དབྱིན་ཟླ་ ༡༢ པའི་དབྱིན་ཚེས་ ༡ ཉིན་ལཱ་ ༡༧ གྱི་ཤུལ་མ་ཚེས་གྲངས་ག་ཅི་འོངམ་སྨོ? འགོ་བཙུགས་བའི་ཚེས་ "12/1/2001" འདི་སི་ ༣ དང་ཉིན་ལཱ་གི་གྱངས་ཁ་འདི་ ཌི་༣ ནང་བཙུགས། ནང་ཐིག་ ཨེཕ་ ༣ དང་ ཇེ་ ༣ ནང་ལུ་འོག་ལུ་ཡོད་པའི་ཀིརིསིཊི་མཱསི་དང་ ལོ་གསར་ངལ་གསོ་ཚུ་ཤོམ་ཏེ་ཡོདཔ་ཨིན། "12/24/2001", "12/25/2001", "12/26/2001", "12/31/2001", "1/1/2002".

=WORKDAY(C3;D3;F3:J3) returns 2001-12-28. Format the serial date number as a date, for example in the format YYYY-MM-DD.