འཛོལ་བའི་དྲན་བརྡ།

ནང་ཐིག་ནང་ལུ་ གནད་སྡུད་ནུས་མེད་བཙུགས་པའི་སྐབས་ལུ་ བཀྲམ་སྟོན་འབད་ཡོད་པའི་ འཕྲིན་དོན་འཛོལ་བ་ངེས་འཛིན་འབད།

ཁྱོད་ཀྱིས་ འཕྲིན་དོན་འཛོལ་བ་དང་གཅིག་ཁར་ མེཀ་རོ་གཅིག་ཡང་འགོ་བཙུགས་ཚུགསཔ་ཨིན། མེཀ་རོ་དཔེ་ཚད་གཅིག་འ་ནི་ཤོག་ལེབ་མཇུག་ལུ་བྱིན་ཡོདཔ་ཨིན།

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

Choose Data - Validity - Error Alert tab.


གནས་གོང་ནུས་མེད་ཚུ་བཙུགསཔ་ འཕྲིན་དོན་འཛོལ་བ་སྟོན།

Displays the error message that you enter in the Contents area when invalid data is entered in a cell. If enabled, the message is displayed to prevent an invalid entry.

གནད་དོན་གཉིས་ཆ་ར་ནང་ ཁྱོད་ཀྱིས་ "Stop" སེལ་འཐུ་འབད་བ་ཅིན་ ཐོ་བཀོད་ནུས་མེད་འདི་བཏོན་གཏང་ནི་ཨིནམ་མ་ཚད་ ཧེ་མ་གི་གནས་གོང་འདི་ཡང་ སླར་བཙུགས་འབད་ཡོདཔ་ཨིན། དེ་བཟུམ་སྦེ་ ཁྱོད་ཀྱིས་ "Warning" དང་ "Information" ཌའི་ལོགསི་ ཆ་མེད་གཏང་ ཨེབ་རྟ་ ཨེབ་གཏང་ཐོག་ལས་ ཁ་བསྡམས་པ་ཅིན་གོང་གི་འཇུག་སྤྱོད་ནང་གཅིགཔ་ཨིན། ཁྱོད་ཀྱིས་ ཌའི་ལོགསི་འདི་ བཏུབ་ ཨེབ་རྟ་དང་བཅསཔ་སྦེ་ཁ་བསྡམས་པ་ཅིན་ ནུས་མེད་ཐོ་བཀོད་འདི་བཏོན་མ་གཏངམ་ཡོདཔ་ཨིན།

ནང་དོན་ཚུ།

བྱ་བ།

ནང་ཐིག་ནང་ལུ་ཚེས་གྲངས་ནུས་མེད་གཅིག་བཙུགས་ཡོད་པའི་སྐབས་ལུ་ ཁྱོད་ཀྱིས་འབྱུང་བཅུག་དགོས་མནོ་མི་བྱ་བ་སེལ་འཐུ་འབད། འ་ནི་ "Stop" བྱ་བ་གིས་ ནུས་མེད་ཐོ་བཀོད་དང་ལེན་སྤང་སྟེ་ ཌའི་ལོག་གཅིག་བཀྲམ་སྟོན་འབདཝ་ཨིནམ་ཁྱོད་ཀྱིས་ བཏུབ་ ཨེབ་གཏང་གི་ཐོག་ལས་ཌའི་ལོག་འདི་ཁ་བསྡམས་དགོསཔ་ཨིན། "Warning" དང་ "Information" བྱ་བ་ཚུ་གིས་ བཏུབ་ ཡང་ན་ ཆ་མེད་གཏང་ ཨེབ་གཏང་ཐོག་ལས་ཁ་བསྡབས་ཚུགས་པའི་ཌའི་ལོག་གཅིག་བཀྲམ་སྟོན་འབདཝ་ཨིན། ཐོ་བཀོད་ནུས་མེད་འདི་ ཁྱོད་ཀྱིས་ ཆ་མེད་གཏང་ ཨེབ་གཏང་ཐོག་ལས་རྐྱངམ་ཅིག་ དང་ལེན་སྤངམ་ཨིན།

བརྡ་འཚོལ།

ཁྱོད་ཀྱིས་ ནང་ཐིག་ནང་ལུ་ གནད་སྡུད་ནུས་མེད་བཙུགས་ཡོད་པའི་སྐབས་ལུ་ ལག་ལེན་འཐབ་ཡོད་པའི་མེཀ་རོ་ སེལ་འཐུ་འབད་ཚུགས་པའི་ མེཀ་རོ་ཌའི་ལོག་ཁ་ཕྱེཝ་ཨིན། འཕྲིན་དོན་འཛོལ་བ་འདི་བཀྲམ་སྟོན་འབད་ཚར་བའི་ཤུལ་ལུ་ མེཀ་རོ་འདི་ལག་ལེན་འཐབ་ཡོདཔ་ཨིན།

མགོ་མིང་།

ནང་ཐིག་ནང་ལུ་ གནད་སྡུད་ནུས་མེད་བཙུགས་ཡོད་པའི་སྐབས་ ཁྱོད་ཀྱིས་ བཀྲམ་སྟོན་འབད་དགོས་མནོ་མི་ མེཀ་རོ་གི་མགོ་མིང་ ཡང་ན་ འཕྲིན་དོན་འཛོལ་བ་བཙུགས།

འཕྲིན་དོན་འཛོལ་བ།

ནང་ཐིག་ནང་ལུ་གནད་སྡུད་ནུས་མེད་བཙུགས་ཡོདཔ་ད་ ཁྱོད་ཀྱིས་ བཀྲམ་སྟོན་འབད་དགོས་མནོ་མི་ འཕྲིན་དོན་བཙུགས།

དཔེ་ཚད་ མེཀ་རོ་:

Function ExampleValidity(CellValue as String, TableCell as String)
Dim msg as string
msg = "Invalid value: " & "'" & CellValue & "'"
msg = msg & " in table: " & "'" & TableCell & "'"
MsgBox msg ,16,"Error message"
End Function