པི་ཝོཊི་ཐིག་ཁྲམ།

གནད་སྡུད་པཱའི་ལོཊི་གིས་ བཟོ་བཏོན་འབད་ཡོད་པའི་ ཐིག་ཁྲམ་གྱི་སྒྲིག་བཀོད་གསལ་བཀོད་འབད།

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

Choose Insert - Pivot Table, in the Select Source dialog choose the option Current selection.

Choose Insert - Pivot Table, in the Select Source dialog choose the option Data source registered in LibreOffice, click OK to see Select Data Source dialog.


ཌ་ཊ་པའི་ལོཊི་

གནད་སྡུད་པཱའི་ལོཊི་གིས་ གནད་སྡུད་ས་སྒོ་ཚུ་ གནད་སྡུད་པཱའི་ལོཊི་ཐིག་ཁྲམ་ངེས་འཛིན་འབད་ནིའི་དོན་ལུ་འདྲུད་ནི་དང་ བཀོག་བཞག་བཏུབ་པའི་ ཨེབ་རྟ་ཚུ་སྦེ་བཀྲམ་སྟོན་འབདཝ་ཨིན།

སྒྲིག་བཀོད།

གནད་སྡུད་པའི་ལོཊི་ཐིག་ཁྲམ་གྱི་སྒྲིག་བཀོད་ངེས་འཛིན་འབད་ནིའི་དོན་ལུ་ གནད་སྡུད་ས་སྒོ་ཨེབ་རྟ་ཚུ་ ཤོག་ལེབ་ས་སྒོ་ ཀེར་ཐིག་ས་སྒོ་ དང་ གནད་སྡུད་ས་སྒོ་ཚུ་གུ་ལུ་ འདྲུད་དེ་བཞག གནད་སྡུད་པཱའི་ལོཊི་ཐིག་ཁྲམ་ནང་ལུ་ གནད་སྡུད་ས་སྒོ་ཚུ་སླར་བདེ་ཞིབ་འབད་ནིའི་དོན་ལུ་ འདྲུད་ནི་དང་བཀོག་བཞག་ནི་གཉིས་ཡང་ ལག་ལེན་འཐབ་བཏུབ་ཨིན།

LibreOffice གིས་ གནད་སྡུད་ས་སྒོ་ཚུའི་མངའ་ཁོངས་ནང་ལུ་ འདྲུད་ཡོད་པའི་ཨེབ་རྟ་ཚུ་ལུ་ རང་བཞིན་གྱིས་དཔར་བཤད་ཁ་སྐོང་རྐྱབ་ཨིན། དཔར་བཤད་ནང་ན་ གནད་སྡུད་ས་སྒོའི་མིང་དང་ གནད་སྡུད་ཀྱིས་གསར་བསྐྲུན་འབད་ཡོད་པའི་ མན་ངག་ཡང་ཤོམ་ཏེ་ཡོདཔ་ཨིན།

གནད་སྡུད་ས་སྒོ་གིས་ ལག་ལེན་འཐབ་སྟེ་ཡོད་པའི་ ལས་འགན་དེ་བསྒྱུར་བཅོས་འབད་ནི་དོན་ལུ་དང་ གནད་སྡུད་ས་སྒོ་ཌའི་ལོག་ ཁ་ཕྱེ་ནིའི་དོན་ལུ་ གནས་སྡུད་ས་སྒོ་ཚུའི་མངའ་ཁོངས་ནང་ ཨེབ་རྟ་དེ་ལོག་བལྟབ་ཨེབ་གཏང་། ཁྱོད་ཀྱིས་ གྲལ་ཐིག་ས་སྒོ་ཚུ་ ཡང་ན་ ཀེར་ཐིག་ས་སྒོ་ཚུའི་མངའ་ཁོངས་ཚུ་ནང་ ཨེབ་རྟ་ཚུ་ལོག་བལྟབ་ཨེབ་གཏང་བཏུབ་ཨིན།

ཧེང་བཀལ།

གནད་སྡུད་པའི་ལོཊི་ཐིག་ཁྲམ་ ངེས་འཛིན་འབད་ནིའི་དོན་ལུ་ ཁ་སྐོང་གདམ་ཁ་ཚུ་བཀྲམ་སྟོན་ཡང་ན་ སྦཝ་ཨིན།

གྲུབ་འབྲས།

གནད་སྡུད་པའི་ལོཊི་ཐིག་ཁྲམ་གྱི་ གྲུབ་འབྲས་ཚུ་བཀྲམ་སྟོན་འབད་ནིའི་དོན་ལུ་ སྒྲིག་སྟངས་ཚུ་གསལ་བཀོད་འབད།

Selection from

ད་ལྟོའི་ཚད་འཛིན་གྱི་སེལ་འཐུའི་མངའ་སྡེ་སེལ་འཐུ་འབད།

ལུ་གྲུབ་འབྲས་ཚུ།

ཁྱོད་ཀྱིས་ གནད་སྡུད་པའི་ལོཊི་ཐིག་ཁྲམ་གྱི་གྲུབ་འབྲས་ཚུ་ བཀྲམ་སྟོན་འབད་དགོས་མནོ་མི་མངའ་ཁོངས་སེལ་འཐུ་འབད།

བསྐུམ/འཕར་ནི།

ཌའི་ལོག་འདི་ཨིན་པུཊི་ས་སྒོ་གི་ཚད་ལུ་མར་ཕབ་འབད་ནའི་དོན་ལུ་ ངེས་དཔར་ བསྐུམ་ ཨེབ་གཏང་། ནེ་སྦེ་འབད་བ་ཅིན་ ཤོག་ཁྲམ་གྱི་ནང་ལུ་དགོས་མཁོ་ཡོད་མིའི་གཞི་བསྟུན་གུ་ རྟགས་བཀལ་ནི་འདི་འཇམ། དེ་ལས་ངེས་དཔར་ཚུ་རང་བཞིན་གྱིས་འབད་Maximizeངེས་དཔར་ལུ་གཞི་བསྒྱུར་འབད་ཚུགས། ཌའི་ལོག་འདི་ཚད་ངོ་མ་ལུ་སོར་ཆུད་འབད་ནའི་དོན་ལུ་ཨེབ་གཏང་།

མཱའུསི་དང་བཅས་ ཁྱོད་ཀྱིས་ ཤོག་ཁྲམ་གྱི་ནང་ལུ་ཨེབ་གཏང་པའི་བསྒང་ ཌའི་ལོག་འདི་རང་བཞིན་གྱིས་ཆུང་ཀུ་བཟོཝ་ཨིན། ཁྱོད་ཀྱིས་མཱའུས་ཨེབ་རྟ་འདི་འཛིན་འགྲེལ་འབདཝ་ཅིག་ ཌའི་ལོག་འདི་སོར་ཆུད་འབད་ནི་དང་ མཱའུསི་དང་བཅས་ཡོད་མི་ གཞི་བསྟུན་ཁྱབ་ཚད་ངེས་འཛིན་འབད་ཡོད་མི་འདི་ ཡིག་ཆ་གི་ནང་ལུ་གཞི་ཁྲམ་ཧོནམ་གྱིས་གཙོ་དམིགས་བཀོད་ཡོདཔ་ཨིན།

ངོས་དཔར།

བསྐུམ།

ངོས་དཔར།

འཕར་ནི།

ཉེན་བརྡའི་ངོས་དཔར།

སེལ་འཐུ་གྲུབ་ཡོད་པའི་མངའ་ཁོངས་ནང་ན་ གནད་སྡུད་ཤོམ་ཏེ་ཡོད་པ་ཅིན་ གནད་སྡུད་དེ་ གནས་སྡུད་པའི་ལོཊི་གིས་ ཚབ་སྲུང་འབདཝ་ཨིན། གནས་ཏེ་ཡོད་པའི་ གནད་སྡུད་ཀྱི་གྱོང་རྒུད་སྔོན་བཀག་འབད་ནིའི་དོན་ལུ་ གྲུབ་འབྲས་ཚུ་བཀྲམ་སྟོན་འབད་ནིའི་དོན་ལུ་ གནད་སྡུད་པའི་ལོཊི་གིས་ མངའ་ཁོངས་དེ་ རང་བཞིན་གྱིས་ སེལ་འཐུ་འབད་བཅུག


གྲལ་ཐིག་སྟོངམ་ཚུ་སྣང་མེད་སྦེ་བཞག

གནད་སྡུད་འབྱུང་ཁུངས་ནང་ལུ་ ས་སྒོ་སྟོངམ་ཚུ་ སྣང་མེད་སྦེ་བཞགཔ་ཨིན།

དབྱེ་རིམ་ཚུ་ངོས་འཛིན་འབད།

གྲལ་ཐིག་ཁ་ཡིག་བཏགས་ནི་གིས་ གསལ་བཀོད་འབད་དེ་ཡོདཔ་བཟུམ་སྦེ་ གྲལ་ཐིག་ཚུ་ ཁ་ཡིག་བཏགས་ནི་ཚུ་མེདཔ་སྦེ་ ཤུལ་མམ་གྱི་དབྱེ་རིམ་མཐོ་ཤོས་ལུ་ རང་བཞིན་གྱིས་འགན་སྤྲོདཔ་ཨིན།

ཀེར་ཐིག་ཡོངས་བསྡོམས།

ཀེར་ཐིག་རྩིས་ལས་ཀྱི་ཡོངས་བསྡོམས་རྩིས་སྟོན་དང་བཀྲམ་སྟོན་འབདཝ་ཨིན།

གྲལ་ཐིག་ཡོངས་བསྡོམས།

གྲལ་ཐིག་རྩིས་ལས་ཀྱི་ཡོངས་བསྡོམས་རྩིས་སྟོན་དང་བཀྲམ་སྟོན་འབདཝ་ཨིན།

ཚགས་མ་ཁ་སྐོང་།

ཤོག་ཁྲམ་གནད་སྡུད་གུ་ལུ་གཞི་བཞག་པའི་ གནད་སྡུད་པཱའི་ལོཊི་ལུ་ ཚགས་མ་ཨེབ་རྟ་ཁ་སྐོང་རྐྱབ་ཨིན།

ཚགས་མ་ཌའི་ལོག་ཁ་ཕྱེཝ་ཨིན།

རྒྱས་བཤད་ཚུ་ལུ་ བསྐྱར་སྦྱོང་ལྕོགས་ཅན་བཟོ།

ཐིག་ཁྲམ་ནང་ལུ་རྣམ་གྲངས་དོན་ལུ་རྒྱས་བཤད་ཚུ་སྟོན་ནམ་སྦ་ནིའི་དོན་ལུ་ འ་ནི་དཔྱད་ཞིབ་སྒྲོམ་དེ་སེལ་འཐུ་འབད་ཞིནམ་ལས་ རྣམ་གྲངས་ཁ་ཡིག་བཏགས་ནི་དེ་ལོག་བལྟབ་ཨེབ་གཏང་།

གནད་སྡུད་པའི་ལོཊི་ ཐིག་ཁྲམ་ནང་ རྒྱས་བཤད་ཚུ་བརྟག་དཔྱད་འབད་ནིའི་དོན་ལུ།

འོག་ལུ་ཡོད་མི་ནང་ལས་གང་རུང་གཅིག་འབད།:

གནས་རིམ་གཅིག་ལུ་ཉེ་འདབས་ས་སྒོ་ཚུ་ཡོད་པའི་ས་སྒོ་གུ་ལུ་ལོག་བལྟབ་ཨེབ་གཏང་པ་ཅིན་ རྒྱས་བཤད་སྟོན་ ཌའི་ལོག་དེ་ ཁ་ཕྱེཝ་ཨིན།

རྒྱས་བཤད་སྟོན།

ཁྱོད་ཀྱིས་ རྒྱས་བཤད་ཚུ་བལྟ་དགོ་མནོ་མི་ ས་སྒོ་གདམ།