རང་བཞིན་མཐའ་ཐིག

ཁྱོད་ཀྱིས་ སྡེ་ཚན་ཚུ་ཨེབ་གཏང་རྐྱང་པ་གཅིག་གིས་ ནང་ན་བརྡིབ་ནི་དང་ རྒྱ་འཕར་བཟོ་ནིའི་དོན་ལུ་ ཁྱོད་ཀྱིས་ ཁྱོད་རའི་གནད་སྡུད་ཀྱི་མཐའ་ཐིག་འབྲི་སྟེ་ གྲལ་ཐིག་དང་ཀེར་ཐིག་ཚུ་གཅིག་ཁར་སྡེ་ཚན་བཟོ།

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

Choose Data - Group and Outline.


རྒྱས་བཤད་ཚུ་སྦ་

ནང་ན་འོད་རྟགས་ཤོམ་པའི་སྡེ་ཚན་བཟོ་ཡོད་པའི་གྲལ་ཐིག་གམ་ཀེར་ཐིག་གི་རྒྱས་བཤད་ཚུ་སྦ་བཞགཔ་ཨིན། སྡེ་ཚན་བཟོ་ཡོད་པའི་གྲལ་ཐིག་གམ་ཀེར་ཐིག་ཚུ་ཆ་མཉམ་སྦ་ནིའི་དོན་ལུ་ མཐའ་ཐིག་འབྲི་ཡོད་པའི་ཐིག་ཁྲམ་སེལ་འཐུ་འབད་བཞིནམ་ལས་ འ་ནི་བརྡ་བཀོད་དེ་གདམ།

རྒྱས་བཤད་ཚུ་སྟོན་

སྡེ་ཚན་བཟོ་ཡོད་པའི་ནང་ན་འོད་རྟགས་ཤོམ་ཡོད་པའི་གྲལ་ཐིག་གམ་ཀེར་ཐིག་གི་རྒྱས་བཤད་ཚུ་སྟོནམ་ཨིན། སྡེ་ཚན་བཟོ་ཡོད་པའི་ གྲལ་ཐིག་དང་ཀེར་ཐིག་ཚུའི་རྒྱས་བཤད་ཚུ་སྟོན་ནིའི་དོན་ལུ་ མཐའ་ཐིག་འབྲི་ཡོད་པའི་ཐིག་ཁྲམ་སེལ་འཐུ་འབད་བཞིནམ་ལས་ འ་ནི་བརྡ་བཀོད་དེ་གདམ།

སྡེ་ཚན་

Defines the selected cell range as a group of rows or columns.

སྡེ་ཚན་བཤུབ་ནི་།

སེལ་འཐུ་སྡེ་ཚན་བཤུབ་ཨིན། ནེསི་ཊེཌི་སྡེ་ཚན་ནང་ལུ་ ཁ་སྐོང་བརྐྱབ་ཡོདཔ་པའི་གྲལ་ཐིག་ ཡང་ན་ཀེར་ཐིག་ཚུ་ སྡེ་ཚན་ལས་རྩ་བསྐྲད་བཏང་ཡོདཔ་ཨིན།

རང་བཞིན་མཐའ་ཐིག

སེལ་འཐུ་གྲུབ་ཡོད་པའི་ ནང་ཐིག་ཁྱབ་ཚད་ནང་ན་ མན་ངག་ ཡང་ན་ གཞི་བསྟུན་ཚུ་ཤོམ་ཏེ་ཡོད་པ་ཅིན་ LibreOffice གིས་ སེལ་འཐུ་དེ་ རང་བཞིན་གྱིས་ བསྡུས་དོན་སྟོནམ་ཨིན།

རྩ་བསྐྲད་གཏང་།

སེལ་འཐུ་གྲུབ་ཡོད་པའི་ ནང་ཐིག་ཁྱབ་ཚད་ལས་མཐའ་ཐིག་རྩ་བསྐྲད་གཏངམ་ཨིན།