དམིགས་གཏད་འཚོལ།

ཁྱོད་ཀྱིས་ འགྱུར་ཅན་དང་གཅིག་ཁར་ སྙོམ་རྟགས་སེལ་ཚུགས་པའི་ཌའི་ལོག་ཁ་ཕྱེཝ་ཨིན། འཚོལ་ཞིབ་མཐར་ཕྱིན་པའི་ཤུལ་ལུ་ ཁྱོད་ལུ་ ནང་ཐིག་ནང་ གྲུབ་འབྲས་དང་དམིགས་གཏད་གནས་གོང་ཐད་ཀར་དུ་འཇུག་སྤྱོད་འབད་བཅུག་པའི་ གྲུབ་འབྲས་ཚུ་དང་བཅས་པའི་ཌའི་ལོག་གཅིག་ ཁ་ཕྱེཝ་ཨིན།

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

Choose Tools - Goal Seek.


སྔོན་སྒྲིག

འ་ནི་དབྱེ་ཚན་ནང་ལུ་ ཁྱོད་ཀྱིས་ འགྱུར་ཅན་ཚུ་ངེས་འཛིན་འབད་ཚུགསཔ་ཨིན།

མན་ངག་ནང་ཐིག

མན་ངག་ནང་ཐིག་ནང་ལུ་ ནང་ན་མན་ངག་ཤོམ་ཏེ་ཡོད་པའི་ནང་ཐིག་གི་གཞི་བསྟུན་བཙུགས། དེའི་ནང་ན་ ད་ལྟོའི་ནང་ཐིག་གཞི་བསྟུན་ཤོམ་ཏེ་ཡོདཔ་ཨིན། ཚིག་ཡིག་སྒྲོམ་ལུ་ དེའི་གཞི་བསྟུན་འཇུག་སྤྱོད་འབད་ནིའི་དོན་ལུ་ ཤོག་ལེབ་ནང་ལུ་ ནང་ཐིག་གཞན་མི་གཅིག་ཨེབ་གཏང་།

དམིགས་གཏད་གནས་གོང་།

ཁྱོད་ཀྱིས་ གྲུབ་འབྲས་གསརཔ་སྦེ་ ཐོབ་དགོ་མནོ་མི་གནས་གོང་དེ་གསལ་བཀོད་འབདཝ་ཨིན།

འགྱུར་ཅན་ནང་ཐིག

དམིགས་གཏད་ལུ་ལྷོད་ནིའི་དོན་ལུ་ཁྱོད་ཀྱིས་བདེ་སྒྲིག་འབད་དགོ་མནོ་མི་ ནང་ན་གནས་གོང་ཤོམ་ཏེ་ཡོད་པའི་ནང་ཐིག་དོན་ལུ་ གཞི་བསྟུན་གསལ་བཀོད་འབདཝ་ཨིན།

བསྐུམ/འཕར་ནི།

ཌའི་ལོག་འདི་ཨིན་པུཊི་ས་སྒོ་གི་ཚད་ལུ་མར་ཕབ་འབད་ནའི་དོན་ལུ་ ངེས་དཔར་ བསྐུམ་ ཨེབ་གཏང་། ནེ་སྦེ་འབད་བ་ཅིན་ ཤོག་ཁྲམ་གྱི་ནང་ལུ་དགོས་མཁོ་ཡོད་མིའི་གཞི་བསྟུན་གུ་ རྟགས་བཀལ་ནི་འདི་འཇམ། དེ་ལས་ངེས་དཔར་ཚུ་རང་བཞིན་གྱིས་འབད་Maximizeངེས་དཔར་ལུ་གཞི་བསྒྱུར་འབད་ཚུགས། ཌའི་ལོག་འདི་ཚད་ངོ་མ་ལུ་སོར་ཆུད་འབད་ནའི་དོན་ལུ་ཨེབ་གཏང་།

མཱའུསི་དང་བཅས་ ཁྱོད་ཀྱིས་ ཤོག་ཁྲམ་གྱི་ནང་ལུ་ཨེབ་གཏང་པའི་བསྒང་ ཌའི་ལོག་འདི་རང་བཞིན་གྱིས་ཆུང་ཀུ་བཟོཝ་ཨིན། ཁྱོད་ཀྱིས་མཱའུས་ཨེབ་རྟ་འདི་འཛིན་འགྲེལ་འབདཝ་ཅིག་ ཌའི་ལོག་འདི་སོར་ཆུད་འབད་ནི་དང་ མཱའུསི་དང་བཅས་ཡོད་མི་ གཞི་བསྟུན་ཁྱབ་ཚད་ངེས་འཛིན་འབད་ཡོད་མི་འདི་ ཡིག་ཆ་གི་ནང་ལུ་གཞི་ཁྲམ་ཧོནམ་གྱིས་གཙོ་དམིགས་བཀོད་ཡོདཔ་ཨིན།

ངོས་དཔར།

བསྐུམ།

ངོས་དཔར།

འཕར་ནི།