Add-in Functions

The following describes and lists some of the available add-in functions.

ནང་ན་ཁ་སྐོང་རྐྱབ་ནི་བསམ་གཞི།

གྲོགས་རམ་ནང་ལུ་ ཁྱོད་ཀྱིས་ LibreOffice ཀེལ་སི་ ཨེདི་ཨིན་ ངོས་འདྲ་བ་གི་ འགྲེལ་བཤད་འཐོབ་ཨིན། ཁ་སྐོང་ལུ་ ལས་འགན་གལ་ཅན་ཚུ་དང་ དེའི་ད་བཟུང་ཚུ་ གྲོགས་རམ་ནང་ལུ་ འགྲེལ་བཤད་བརྐྱབ་སྟེ་ཡོདཔ་ཨིན། (-i)

ནང་ཐ་ཁ་སྐོང་རྐྱབ་ནི་ཚུ་བཀྲམ་སྤེལ་འབད་ཡོདཔ།

LibreOffice གི་ནང་ན་ LibreOffice ཀེལཀི་གི་ཁ་སྐོང་རྐྱབས་ནིའི་ངོས་འདྲ་བ་འདི་གི་དོན་ལུ་ དཔེར་བརྗོད་ཚུ་ཡོདཔ་ཨིན།

དཔྱད་ཞིབ་ལས་འགན་ཚུ་ ཡན་ལག་གཅིག

དཔྱད་ཞིབ་ལས་འགན་ཚུའི་ ཡན་ལག་གཉིས།

DAYSINMONTH

ཚེས་གྲངས་ཐོ་བཀོད་འབད་མི་འབྱུང་མི་ ཟླཝ་གི་ཉིན་གྲངས་འདི་རྩིས་སྟོན་འབདཝ་ཨིན།

ཚུག་སྦྱོར།

DAYSINMONTH(ཚེས་གྲངས།)

ཚེས་གྲངས་: རེ་འདུན་ཡོད་པའི་ལོ་འདི་གི་ རིམ་བཞིན་ཟླཝ་འདི་ནང་ ཚེས་གྲངས་ག་ཅི་འབད་རུང་། ཚེས་གྲངས་ཚད་བཟུང་འདི་ LibreOffice གི་ལོ་ཀེལ་སྒྲིག་སྟངས་འདི་དང་འཁྲིལ་ཏེ་ ནུས་ལྡན་ཚེས་གྲངས་ཅིག་ཨིན་དགོ།

དཔེ།

དབྱིན་ལོ་ ༡༩༦༨ དབྱིན་ཟླ་ གཉིས་པའི་དོན་ལུ་ A1 ནང་ན་ ཚེས་གྲངས་ནུས་ཅན་ ༢/༡༧/༦༨ ཤོམ་ཏེ་ཡོད་པ་ཅིན་ DAYSINMONTH(A1) གིས་ ཉིན་གྲངས་ ༢༩ སླར་ལོག་འབདཝ་ཨིན།

DAYSINYEAR

ཚེས་གྲངས་ཐོ་བཀོད་འབད་མི་འབྱུང་མི་ ལོའི་ཉིན་གྲངས་འདི་རྩིས་སྟོན་འབདཝ་ཨིན།

ཚུག་སྦྱོར།

DAYSINYEAR(ཚེས་གྲངས།)

ཚེས་གྲངས་: རིམ་བཞིན་ལོ་ནང་གི་ཚེས་གྲངས་ག་ཅི་འབད་རུང་། ཚེས་གྲངས་ཚད་བཟུང་འདི་ LibreOffice གི་ལོ་ཀེལ་སྒྲིག་སྟངས་འདི་དང་འཁྲིལ་ཏེ་ ནུས་ལྡན་ཚེས་གྲངས་ཅིག་ཨིན་དགོ།

དཔེ།

དབྱིན་ལོ་ ༡༩༦༨ དོན་ལུ་ A1 ནང་ན་ ནུས་ཅན་ཚེས་གྲངས་ ༢/༢༩/༦༨ ཤོམ་ཏེ་ཡོད་པ་ཅིན་ DAYSINYEAR(A1) གིས་ ཉིན་གྲངས་ ༣༦༦ སླར་ལོག་འབདཝ་ཨིན།

ISLEAPYEAR

ལོ་འདི་ཡང་ཅིན་ ཤོལ་ལོ་ཨིན་ན་མེན་ན་གཏན་འབེབས་བཟོཝ་ཨིན། ཨིན་པ་ཅིན་ ལས་འགན་འདི་གིས་ གནས་གོང་ ༡ (བདེན་པ་)སླར་ལོག་འབད་འོང་ མེན་པ་ཅིན་ འདི་གིས་ ༠ (རྫུན་མུ་) སླར་ལོག་འབད་འོང་།

ཚུག་སྦྱོར།

ISLEAPYEAR(ཚེས།)

Date specifies whether a given date falls within a leap year. The Date parameter must be a valid date.

དཔེ།

ཁྱོད་རའི་ལོ་ཀེལ་སྒྲིག་སྟངས་ནང་ལུ་ དབྱིན་ལོ་ ༡༩༦༨ དབྱིན་ཟླ་ གཉིས་པའི་དབྱིན་ཚེས་ ༢༩ དོན་ལུ་ A1 ནང་ན་ ནུས་ཅན་ཚེས་གྲངས་ ༢/༢༩/༦༨ ཤོམ་ཏེ་ཡོད་པ་ཅིན་ ISLEAPYEAR(A1) གིས་ ༡ སླར་ལོག་འབདཝ་ཨིན།

You may also use =ISLEAPYEAR(DATE(1968;2;29)) or =ISLEAPYEAR("1968-02-29") giving the date string in the ISO 8601 notation.

ནམ་རང་འབད་རུང་ ISLEAPYEAR(2/29/68) དེ་ལག་ལེན་མ་འཐབ་ ག་ཅི་སྦེ་ཟེར་བ་ཅིན་ འ་ནི་གིས་ དང་པ་རང་ ༢ བརྟག་ཞིབ་འབད་ ༢༩ གིས་ བགོ་ ༦༨ གིས་ བགོ་བཤའ་བརྐྱབ་ དེ་ལས་ འ་ནི་ ཨང་གྲངས་ཆུང་ཀུ་ལས་ ISLEAPYEAR ལས་འགན་དེ་ ཨང་རིམ་ཚེས་གྲངས་ཨང་གྲངས་སྦེ་ རྩིས་སྟོན།

MONTHS

ཚེས་གྲངས་གཉིས་ཀྱི་བར་ན་ ཟླཝ་ཚུའི་ཁྱད་པར་རྩིས་སྟོནམ་ཨིན།

ཚུག་སྦྱོར།

MONTHS(ཚེས་གྲངས་འགོ་བཙུགས། ཚེས་གྲངས་མཇུག་བསྡུ། དབྱེ་བ།)

ཚེས་འགོ་བཙུགས་ : ཚེས།

Data_2 འདི་གནད་སྡུད་ཆ་ཚང་གཉིས་པམ་ཨིན།

དབྱེ་བ་: ཁྱད་པར་གྱི་དབྱེ་བ་རྩིས་སྟོནམ་ཨིན། འབྱུང་སྲིད་པའི་གནས་གོང་གྲངས་སུ་ ༠ (བར་མཚམས་) དང་ ༡ (ཟླ་ཐོ་ནང་ ཟླ་ངོ་ཚུ་) ཚུ་བཙུགས་ཏེ་ཡོད།

ROT13

དབྱངས་གསལ་ནང་ཡིག་འབྲུ་ཚུའི་གནས་ས་ ༡༣ ཚུ་སྤོ་བའི་ཐོག་ལས་ ཡིག་འབྲུ་ཡིག་རྒྱུན་གསང་བ་བཟོཝ་ཨིན། ཡི་གུ་ Z གི་ཤུལ་ལས་ དབྱངས་གསལ་དེ་ལོག་སྟེ་རང་འགོ་བཙུགསཔ་ཨིན་(སྐོར་འཁོར)། གསང་བ་བཟོ་བའི་ལས་འགན་དེ་ གྲུབ་འབྲས་འབྱུང་བའི་ཨང་རྟགས་ འཇུག་སྤྱོད་ཐོག་ལས་ ཁྱོད་ཀྱིས་ ཚིག་ཡིག་དེ་ གསང་བཤོལ་འབད་ཚུགསཔ་ཨིན།

ཚུག་སྦྱོར།

ROT13(ཚིག་ཡིག

ཚིག་ཡིག་ : གསང་བ་བཟོ་ནི་ཨིན་པའི་ ཡིག་འབྲུའི་ཡིག་རྒྱུན་བཙུགས། ROT13(ROT13(Text)) ཨང་རྟགས་གསང་བ་བཟོཝ་ཤོལཝ་ཨིན།

WEEKS

ཚེས་གྲངས་གཉིས་ཀྱི་བར་་བདུན་ཕྲག་ནང་ཁྱད་པར་རྩིས་སྟོནམ་ཨིན།

ཚུག་སྦྱོར།

WEEKS(ཚེས་གྲངས་ འགོ་བཙུགས། ཚེས་གྲངས་མཇུག་བསྡུ། དབྱེ་བ།)

ཚེས་འགོ་བཙུགས་ : ཚེས།

Data_2 འདི་གནད་སྡུད་ཆ་ཚང་གཉིས་པམ་ཨིན།

དབྱེ་བ་: དབྱེ་བ་གི་ཁྱད་པར་རྩིས་སྟོནམ་ཨིན། འབྱུང་སྲིད་པའི་གནས་གོང་ཚུ་ནི་ ༠ (བར་མཚམས་) དང་ ༡ (བདུན་ཕྲག་གི་གྱངས་ཁ་ནང་) ཚུ་ཨིན།

WEEKSINYEAR

ཚེས་གྲངས་ཐོ་བཀོད་འབད་ཡོད་མི་འབྱུང་མི་ ལོའི་བདུན་ཕྲག་གི་གྲངས་འདི་རྩིས་སྟོན་འབདཝ་ཨིན། བདུན་ཕྲག་གི་གྲངས་འདི་ འོག་ལུ་ཡོད་དོ་བཟུམ་སྦེ་ངེས་འཛིན་འབད་ཡོདཔ་ཨིན་: ལོ་གཉིས་འཕར་མི་བདུན་ཕྲག་འདི་ འ་ནི་བདུན་ཕྲག་གི་ཉིནམ་མང་ཤོས་ཅིག་འབྱུང་མི་ ལོ་འདི་ལུ་ཁ་སྐོང་རྐྱབས་ཨིན།

ཚུག་སྦྱོར།

WEEKSINYEAR(ཚེས་གྲངས།)

ཚེས་གྲངས་: རིམ་བཞིན་ལོ་ནང་གི་ཚེས་གྲངས་ག་ཅི་འབད་རུང་། ཚེས་གྲངས་ཚད་བཟུང་འདི་ LibreOffice གི་ལོ་ཀེལ་སྒྲིག་སྟངས་འདི་དང་འཁྲིལ་ཏེ་ ནུས་ལྡན་ཚེས་གྲངས་ཅིག་ཨིན་དགོ།

དཔེ།

དབྱིན་ལོ་ ༡༩༧༠ དོན་ལུ་ A1 ནང་ན་ ནུས་ཅན་ཚེས་གྲངས་ ༢/༡༧/༧༠ ཤོམ་ཏེ་ཡོད་པ་ཅིན་ WEEKSINYEAR(A1) གིས་ ༥༣ སླར་ལོག་འབདཝ་ཨིན།

YEARS

ཚེས་གྲངས་གཉིས་བར་གྱི་ ལོ་ཚུའི་ཁྱད་པར་རྩིས་སྟོནམ་ཨིན།

ཚུག་སྦྱོར།

YEARS(ཚེས་གྲངས་འགོ་བཙུགས། ཚེས་གྲངས་མཇུག་བསྡུ། དབྱེ་བ། )

ཚེས་འགོ་བཙུགས་ : ཚེས།

Data_2 འདི་གནད་སྡུད་ཆ་ཚང་གཉིས་པམ་ཨིན།

དབྱེ་བ་: ཁྱད་པར་གྱི་དབྱེ་བ་རྩིས་སྟོནམ་ཨིན། འབྱུང་སྲིད་པའི་གནས་གོང་ཚུ་ནི་ ༠ (བར་མཚམས་) དང་ ༡ (ཟླ་ཐོ་ལོ་ཚུ་ནང་) ཚུ་ཨིན།

LibreOffice ཨེ་པི་ཨའི་ བརྒྱུད་དེ་ ཨེཌི་ཨིནསི།

Add-ins can also be implemented through the LibreOffice API.