ཨེ་རེ་ལས་འགན་ཚུ།

དབྱེ་རིམ་ནང་ན་ ཨེ་རེ་ལས་འགན་ཚུ་ཤོམ་ཏེ་ཡོད།

ཨེ་རེ་འདི་ག་ཅི་སྨོ?

ཨེ་རེ་དེ་ ནང་ན་གནས་གོང་ཚུ་ཤོམ་ཏེ་ཡོད་པའི་ ཤོག་ཁྲམ་གུའི་ནང་ཐིག་ཚུའི་འབྲེལ་མཐུད་ཡོད་པའི་ཁྱབ་ཚད་ཨིན། གྲལ་ཐིག་ ༣ དང་ ཀེར་ཐིག་ ༣ གི་ གྲུ་བཞི་རྩ་བ་དེ་ ༣ x ༣ ཨེ་རེ་ཨིན།:

A

B

C

1

7

31

33

2

95

17

2

3

5

10

50


ཚུགས་པའི་ཨེ་རེ་ཆུང་ཤོས་དེ་ ཉེ་འདབས་ནང་ཐིག་གཉིས་དང་བཅས་པའི་ཨེ་རེ་ ༡ x ༢ ཡང་ན་ ༢ x ༡ ཨིན།

ཨེ་རེ་མན་ངག་འདི་ག་ཅི་སྨོ?

ནང་ཐིག་ནང་ལུ་ ངོ་རྐྱང་གསན་གོང་ཚུ་བརྟག་ཞིབ་འབད་ཡོད་པའི་ མན་ངག་དེ་ ཨེ་རེ་མན་ངག་སྦེ་གཞི་བསྟུན་འབད་ཡོདཔ་ཨིན། ཨེ་རེ་མན་ངག་དང་ མན་ངག་གཞན་མི་བར་གྱི་ཁ་ཁྱད་པར་དེ་ ཨེ་རེ་མན་ངག་གིས་ གནས་གོང་གཅིག་དང་ འབྲེལ་བ་འཐབ་ནི་ཚབ་མ་ལུ་ དུས་མཉམ་་ལུ་ གནས་གོང་ལེ་ཤ་དང་འབྲེལ་བ་འཐབ་ཨིན།

ཨེ་རེ་མན་ངག་གིས་ གནས་གོང་ལེ་ཤ་ལས་སྦྱོར་འབད་ནི་རྐྱངམ་ཅིག་མེན་པར་ དེ་གིས་ གནས་གོང་ལེ་ཤ་སླར་ལོག་འབད་ཚུགསཔ་ཨིན། ཨེ་རེ་མན་ངག་གི་གྲུབ་འབྲས་དེ་ཡང་ ཨེ་རེ་རང་ཨིན།

ལྟག་གི་ཨེ་རེ་ནང་ལུ་ གནས་གོང་ཚུ་ ༡༠ གིས་ དགུ་མཐའ་རྐྱབ་ནིའི་དོན་ལུ་ ཁྱོད་ཀྱིས་ ནང་ཐིག་གམ་ གནས་གོང་ངོ་རྐྱང་རེ་རེ་ལུ་མན་ངག་འཇུག་སྤྱོད་འབད་དགོཔ་མེདཔ་ཨིན། དེའི་ཚབ་ལུ་ ཁྱོད་ཀྱིས་ ཨེ་རེ་བན་ངག་རྐྱང་པ་ཅིག་ལག་ལེན་འཐབ་དགོཔ་ཨིན། ཤོག་ཁྲམ་གྱི་ ཡན་ལག་གཞན་མི་ཅིག་གུ་ ནང་ཐིག་ ༣ x ༣ གི་ཁྱབ་ཚད་སེལ་འཐུ་འབད་དེ་ མན་ངག་"=10*A1:C3" བཙུགས་ཞིནམ་ལས་ འ་ནི་ཐོ་བཀོད་དེ་ +སོར་ལྡེ་+ལོག་ལྡེ་ ལྡེ་མིག་མཉམ་སྦྲགས་ལག་ལེན་འཐབ་ཐོག་ལས་ངེས་དཔྱད་འབད། གྲུབ་འབྲས་དེ་ ནང་ཐིག་ཁྱབ་ཚད་ (A1:C3) ནང་ གནས་གོང་ངོ་རྐྱང་ཚུ་༡༠ གི་ཆ་རྐྱེན་གྱིས་ དགུ་མཐའ་རྐྱབས་ཡོད་པའི་ ༣ x ༣ ཨེ་རེ་ཨིན།

དགུ་མཐའ་རྐྱབ་ནི་ཁ་སྐོང་ལུ་ ཁྱོད་ཀྱིས་ གཞི་བསྟུན་ཁྱབ་ཚད་གུ་ལུ་ བཀོལ་སྤྱོདཔ་གཞན་མི་ཚུ་ཡང་ལག་ལེན་འཐབ་བཏུབ་ཨིན་(ཨེ་རེ་ཅིག་)། LibreOffice ཀེལ་སི་དང་ གཅིག་ཁར་་ཁྱོད་ཀྱིས་ (+) ཕབ་ (-) དགུ་མཐའ་རྐྱབ་ (*) བགོ་ (/) བསྒྱུར་གྲངས་ཚུ་ (^) རྒྱུན་རིམ་ (&) དང་ག་བསྡུར་ཚུ་ལག་ལེན་འཐབ་ (=, <>, <, >, <=, >=)། བཀོལ་སྤྱོདཔ་ཚུ་ ནང་ཐིག་ཁྱབ་ཚད་ནང་ གནས་གོང་ངོ་རྐྱང་རེ་རེའི་གུ་ལུ་ལག་ལེན་འཐབ་བཏུབ་མ་ཚད་ ཨེ་རེ་མན་ངག་བཙུགས་ཏེ་ཡོད་པ་ཅིན་ གྲུབ་འབྲས་དེ་ཨེ་རེ་སྦེ་སླར་ལོག་འབདཝ་ཨིན།

ཨེ་རེ་མན་ངག་ནང་ཁ་བསྡུར་བཀོལ་སྤྱོདཔ་ཚུ་གིས་A1 དང་ A2 འདི་སྟོངམ་ཡོད་པ་ཅིན་ ཨེ་རེ་མན་ངག་{=A1:A2=""} དང་ {=A1:A2=0}དེ་གིས་ TRUE ཡོད་པའི་ནང་ཐིག་གི་ཨེ་རེ་ ཀེར་ཐིག་ ༡་ གྲལ་ཐིག་ ༢་ གཉིས་ཆ་རང་སླར་ལོག་འབདཝ་ཨིན།

ཁྱོད་ཀྱིས་ ཨེ་རེ་མན་ངག་ཚུ་ནམ་ལག་ལེན་འཐབ་སྨོ?

ཁྱོད་ཀྱིས་ གནས་གོང་སོ་སོར་ལག་ལེན་ཐོག་ལས་ རྩིས་ལས་ཚུ་ཡང་བསྐྱར་འབད་དགོ་པ་ཅིན་ ཨེ་རེ་མན་ངག་ཚུ་ལག་ལེན་འཐབ། ཁྱོད་ཀྱིས་ ལོག་ཤུལ་ལས་ རྩིས་ལས་ཐབས་ལམ་བསྒྱུར་བཅོས་འབད་ནི་གྲོས་ཐག་བཅད་པ་ཅིན་ ཁྱོད་ཀྱིས་ ཨེ་རེ་མན་ངག་དུས་མཐུནམ་བཟོ་ནི་རྐྱངམ་ཅིག་འབད་དགོ། ཨེ་རེ་མན་ངག་ཁ་སྐོང་རྐྱབ་ནིའི་དོན་ལུ་ ཨེ་རེ་ཁྱབ་ཚད་ཧྲིལ་བུ་སེལ་འཐུ་འབད་ཞིནམ་ལས་ ཨེ་རེ་མན་ངག་ལུ་ དགོས་མཁོ་བའི་ བསྒྱུར་བཅོས་བཟོ།

གནས་གོང་ལེ་ཤ་ཅིག་བརྩི་ལས་འབད་དགོ་པའི་བསྒང་ ཨེ་རེ་མན་ངག་ཚུ་ བར་སྟོང་སྲུང་བཞག་ཨིན་ དེ་ཡང་ དེ་ཚུ་ དྲན་ཚད་ཤུགས་ཅན་མེདཔ་ལས་རྟེན་ཏེ་ཨིན། ཁ་སྐོང་འབད་ ཨེ་རེ་ཚུ་གོ་དཀའ་བའི་བརྩི་ལས་ལག་ལེན་འཐབ་ནི་དོན་ལུ་ མེད་ཐབས་མེདཔ་ཅིག་ཨིན་ ག་ཅི་འབད་ཟེར་བ་ཅིན་ ཁྱོད་རའི་བརྩི་ལས་ནང་ལུ་ནང་ཐིག་ཁྱབ་ཚད་ལེ་ཤ་ཅིག་ཡོདཔ་ཨིན། LibreOffice དེ་ལུ་ ཨེ་རེ་གི་དོན་ལུ་བརྩི་ལས་སོ་སོ་ཡོདཔ་ཨིན་ དཔེར་ན་ ཨེ་རེ་གཉིས་དགུ་འཐབ་བརྐྱབ་ནི་དོན་ལུ་ MMULT ལས་འགན་ལྟ་བུ་དང་ ཡང་ན་ ཨེ་རེ་གཉིས་ཀྱི་སི་ཀེ་ལར་གྱི་ཐོན་ཁུངས་དོན་ལུ་ SUMPRODUCT ལས་འགན་བཟུམ་ཨིན།

LibreOffice ཀེལ་སི་ ནང་ཨེ་རེ་མན་ངག་ཚུ་ལག་ལེན་འཐབ་དོ།

གཞི་བསྟུན་ཁྱབ་ཚད་ དེ་ཡང་ ཚད་བཟུང་ཚུ་ཨེ་རེ་མན་ངག་བརྡ་སྟོན་འབད་སའི་ "normal" མན་ངག་ཡང་གསར་བསྐྲུན་འབད་བཏུབ་ཨིན། གྲུབ་འབྲས་དེ་ མན་ངག་ཐོབ་ཚུགས་པའི་ གཞི་བསྟུན་ཁྱབ་ཚད་དང་ གྲལ་ཐིག་ཚུ་ཡང་ན་ ཀེར་ཐིག་ཚུའི་ སྣོལ་འཇོག་སྣོལ་མཚམས་ལས་ཐོབ་ཡོདཔ་ཨིན། དེ་ཁར་ལུ་ གཞི་བསྟུན་ཁྱབ་ཚད་མེདཔ་དང་ ཡང་ན་ སྣོལ་འཇོག་སྣོལ་མཚམས་གུ་ལུ་ཁྱབ་ཚད་ཀྱིས་ གྲལ་ཐིག་དང་ ཀེར་ཐིག་ཚུ་ལེ་ཤ་ཁྱབ་པ་ཅིན་ #VALUE! འཕྲིན་དོན་འཛོལ་བ་གཅིག་འབྱུངམ་ཨིན། འོག་ལུ་ཡོད་པའི་དཔེར་བརྗོད་ཚུ་གིས་ འ་ནི་ བསམ་གཞི་དེ་རྒྱས་བཤད་བརྐྱབ་ཨིན།:

ཨེ་རེ་མན་ངག་ཚུ་གསར་བསྐྲུན་འབད་དོ།

ཁྱོད་ཀྱིས་ ལས་འགན་ཝི་ཛརཌི་ལག་ལེན་འཐབ་ཐོག་ལས་ f you create an array formula using the ཨེ་རེ་མན་ངག་གཅིག་ གསར་བསྐྲུན་འབད་བ་ཅིན་ གྲུབ་འབྲས་ཚུ་ཨེ་རེ་ནང་སླར་ལོག་འབད་ནིའི་དོན་ལུ་ ཁྱོད་ཀྱིས་ ཨེ་རེ་དཔྱད་ཞིབ་སྒྲོམ་དེ་ ཚར་རེ་རེ་རྟགས་བཀལ་དགོ ། དེ་མེན་པ་ཅིན་ རྩིས་སྟོན་འབད་ཡོད་པའི་ ཨེ་རེ་གི་ལྟག་གི་གཡོན་ནང་ཐིག་གི་ གནས་གོང་རྐྱངམ་ཅིག་སླར་ལོག་འབད་ཡོདཔ་ཨིན།

ཁྱོད་ཀྱིས་ ཨེ་རེ་མན་ངག་དེ་ཐད་ཀར་དུ་ནང་ཐིག་ནང་བཙུགས་པ་ཅིན་ ཁྱོད་ཀྱིས་ ལོག་ལྡེ་གི་ཚབ་མ་ལུ་ ལྡེ་མིག་མཉམ་མཐུད་ སོར་ལྡེ་++ ལོག་ལྡེ་ བཙུགས་དགོ། དེ་ལས་རྐྱངམ་ཅིག་ མན་ངག་དེ་ མན་ངག་ལུ་འགྱུར་ནི་ཨིན།

དྲན་འཛིན་ངོས་དཔར།

ཨེ་རེ་མན་ངག་ཚུ་ LibreOffice ཀེལ་སི་ནང་ གུག་ཤད་ནང་སྦེ་བྱུངམ་ཨིན། ཁྱོད་ཀྱིས་ གུག་ཤད་ཚུ་ལག་ཐོག་ལས་བཙུགས་ཏེ་ ཨེ་རེ་མན་ངག་གསར་བསྐྲུན་འབད་མི་ཚུགས།


ཉེན་བརྡའི་ངོས་དཔར།

ཨེ་རེ་གྲུབ་འབྲས་ཚུ་ནང་་ཡོད་པའི་ ནང་ཐིག་ཚུ་ བསྒྱུར་བཅོས་ཚུ་ལས་རང་བཞིན་གྱིས་ ཉེན་སྐྱོབ་འབད་ཡོདཔ་ཨིན། ཨིན་རུང་ ནང་ཐིག་ཁྱབ་ཚད་ཧྲིལ་བུ་སེལ་འཐུ་འབད་ཐོག་ལས་ ཁྱོད་ཀྱིས་ ཨེ་རེ་མན་ངག་ ཞུན་དག་གམ་ འདྲ་བཤུས་རྐྱབ་བཏུབ་ཨིན།


Using Inline Array Constants in Formulas

Calc supports inline matrix/array constants in formulas. An inline array is surrounded by curly braces '{' and '}'. Elements can be each a number (including negatives), a logical constant (TRUE, FALSE), or a literal string. Non-constant expressions are not allowed. Arrays can be entered with one or more rows, and one or more columns. All rows must consist of the same number of elements, all columns must consist of the same number of elements.

The column separator (separating elements in one row) and the row separator are language and locale dependent. But in this help content, the ';' semicolon and '|' pipe symbol are used to indicate the column and row separators, respectively. For example, in the English locale, the ',' comma is used as the column separator, while the ';' semicolon is used as the row separator.

ཊི་ཨའི་པི་ངོས་དཔར།

You can view and change the row and column separator in - Calc - Formula - Separators.


Arrays can not be nested.

དཔེ་ཚུ:

={1;2;3}

An array with one row consisting of the three numbers 1, 2, and 3.

To enter this array constant, you select three cells in a row, then you type the formula ={1;2;3} using the curly braces and the semicolons, then press +Shift+Enter.

={1;2;3|4;5;6}

An array with two rows and three values in each row.

={0;1;2|FALSE;TRUE;"two"}

A mixed data array.

=SIN({1;2;3})

Entered as a matrix formula, delivers the result of three SIN calculations with the arguments 1, 2, and 3.

ཨེ་རེ་མན་ངག་ཚུ་ ཞུན་དག་འབད་དོ།

  1. Select the cell range or array containing the array formula. To select the whole array, position the cell cursor inside the array range, then press +/, where / is the Division key on the numeric keypad.

  2. ཨིན་པུཊི་གྱལ་རིམ་ནང་ ཡང་ཅིན་འབདན་ F2 ཨེབ་ད་ཡང་ན་ འོད་རྟགས་དེ་ གནས་ས་ནང་བཙུགས་ད། འ་ནི་བྱ་བ་གཉིས་ཆ་རང་གིས་ཁྱོད་ལུ་ མན་ངག་ཞུན་དག་འབད་བཅུགཔ་ཨིན།

  3. ཁྱོད་ཀྱིས་ བསྒྱུར་བཅོས་ཚུ་བཟོ་ཚར་བའི་ཤུལ་ལུ་ +སོར་ལྡེ་+ལོག་ལྡེ་ཨེབ།

ཊི་ཨའི་པི་ངོས་དཔར།

ཁྱོད་ཀྱིས་ ཨེ་རེ་གི་ཡན་ལག་སོ་སོ་ཚུ་རྩ་སྒྲིག་འབད་ཚུགསཔ་ཨིན། དཔེ་འབད་བ་ཅིན་ ཁྱོད་ཀྱིས་ ཡིག་གཟུགས་ཚོས་གཞི་བསྒྱུར་བཅོས་འབད་ཚུགསཔ་ཨིན། ནང་ཐིག་ཁྱབ་ཚད་གཅིག་སེལ་འཐུ་འབད་བཞིནམ་ལས་ ཁྱོད་ཀྱི་དགོ་པའི་ ཁྱད་ཆོས་བསྒྱུར་བཅོས་འབད།


ཨེ་རེ་མན་ངག་ཚུ་ འདྲ་བཤུས་རྐྱབ་དོ།

  1. ནང་ན་ ཨེ་རེ་མན་ངག་ཤོམ་ཏེ་ཡོད་པའི་ ནང་ཐིག་ཁྱབ་ཚད་སེལ་འཐུ་འབད།

  2. ཨིན་པུཊི་གྱལ་རིམ་ནང་ན་ F2 ཨེབ་ནི་དང་ ཡང་ན་ འོད་རྟགས་དེ་ གནས་སར་བཙུགས།

  3. ཨིན་པུཊི་གྱལ་རིམ་ནང་ན་ བརྡ་བཀོད་ + སི་ ཨེབ་ཐོག་ལས་ མན་ངག་འདྲ་བཤུས་རྐྱབ།

  4. ཁྱོད་ཀྱིས་ ཨེ་རེ་མན་ངག་བཙུགས་དགོ་མནོ་བའི་ནང་ཐིག་ཚུའི་ཁྱབ་ཚད་སེལ་འཐུ་འབད་ཞིནམ་ལས་ F2 ཨེབ་ནི་དང་ ཡང་ཅིན་འབདན་ ཨིན་པུཊི་གྱལ་རིམ་ནང་ འོད་རྟགས་དེ་གནས་ས་བཙུགས།

  5. སེལ་འཐུ་གྲུབ་ཡོད་པའི་བར་སྟོང་ནང་ལུ་ མན་ངག་དེ་ + ཝི་ཚུ་ ཨེབ་ཐོག་ལས་སྦྱར་ཞིནམ་ལས་ + སོར་ལྡེ་+ ལོག་ལྡེ་ཨེབ་ཐོག་ལས་ ངེས་དཔྱད་འབད། ད་འབདན་ སེལ་འཐུ་གྲུབ་ཡོད་པའི་ཁྱབ་ཚད་ནང་ན་ ཨེ་རེ་མན་ངག་ཤོམ་ཏེ་ཡོདཔ་ཨིན།

ཨེ་རེ་ཁྱབ་ཚད་བདེ་སྒྲིག་འབད་དོ།

ཁྱོད་ཀྱིས་ ཨའུཊི་པུཊི་ཨེ་རེ་ཞུན་དག་འབད་དགོ་མནོ་བ་ཅིན་ འོག་ལུ་ཡོད་མི་དེ་འབད།:

  1. ནང་ན་ ཨེ་རེ་མན་ངག་ཤོམ་ཏེ་ཡོད་པའི་ ནང་ཐིག་ཁྱབ་ཚད་སེལ་འཐུ་འབད།

  2. སེལ་འཐུའི་འོག་གི་གཡས་ཁ་ཐུག་ལུ་ ཁྱོད་ཀྱིས་ མཱའུསི་ལག་ལེན་ཐོག་ལས་ ཁྱབ་ཚད་གུ་ལུ་ རྒྱས་ཟུམ་ནང་ན་ ཡང་ན་ ཕྱི་ཁར་འབད་བཏུབ་པའི་ངོས་དཔར་ཆུང་ཀུ་ཅིག་མཐོངམ་ཨིན།

དྲན་འཛིན་ངོས་དཔར།

ཁྱོད་ཀྱིས་ ཨེ་རེ་མན་ངག་བདེ་སྒྲིག་འབད་ད་ ཨེ་རེ་མན་ངག་དེ་ རང་བཞིན་གྱིས་བདེ་སྒྲིག་འབད་ནི་མེདཔ་ཨིན། ཁྱོད་ཀྱིས་ གྲུབ་འབྲས་འབྱུང་ནི་ཨིན་སའི་ཁྱབ་ཚད་དེ་རྐྱངམ་ཅིག་བསྒྱུར་བཅོས་འབད་དོ།


By holding down the key, you can create a copy of the array formula in the given range.

ཨེ་རེ་རྩིས་ལས་གནས་སྟངས་ཅན་ཚུ།

གནས་སྟངས་ཅན་ཨེ་རེ་རྩིས་ལས་དེ་ ཨེ་རེ་ ཡང་ན་ IF() ཡང་ན་ CHOOSE() ལས་འགན་གྲངས་སུ་བཙུགས་པའི་ མེ་ཊིགསི་མན་ངག་ཨིན། མན་ངག་ནང་གི་ གནས་སྟངས་སྒྲུབ་རྟགས་དེ་ མངའ་ཁོངས་གཞི་བསྟུན་དང་ ཡང་ན་ མེ་ཊིགསི་གྲུབ་འབྲས་ཨིན།

འོག་ལུ་ཡོད་པའི་ དཔེར་བརྗོད་ཚུ་ནང་ འོག་ལུ་ཡོད་པའི་> ༠ {=IF(A1:A3>0;"yes";"no")} མན་ངག་དེ་ ཁྱབ་ཚད་ A1:A3 ནང་གི་ནང་ཐིག་རེ་རེ་ལུ་འཇུག་སྤྱོད་འབད་ཡོདཔ་ད་ གྲུབ་འབྲས་དེ་ མཚུངས་པའི་ནང་ཐིག་ལུ་འདྲ་བཤུས་རྐྱབས་ཏེ་ཡོད།

A

བི་(མན་ངག)

བི་(གྲུབ་འབྲས།)

1

1

{=IF(A1:A3>0;"yes";"no")}

ཨིན།

2

0

{=IF(A1:A3>0;"yes";"no")}

མེན།

3

1

{=IF(A1:A3>0;"yes";"no")}

ཨིན།


འོག་ལུ་ཡོད་པའི་ ལས་འགན་ཚུ་གིས་ : CORREL, COVAR, FORECAST, FTEST, INTERCEPT, MDETERM, MINVERSE, MMULT, MODE, PEARSON, PROB, RSQ, SLOPE, STEYX, SUMPRODUCT, SUMX2MY2, SUMX2PY2, SUMXMY2, TTEST བཟུམ་མའི་བང་ཅན་ཨེ་རེ་ལེགས་སྐྱོང་འཐབ་ཐངས་བྱིནམ་ཨིན། ཁྱོད་ཀྱིས་ ལས་འགན་གཅིག་བོད་པའི་སྐབས་སུ་ སྒྲུབ་རྟགས་ཚུ་སྦེ་ མངའ་ཁོངས་གཞི་བསྟུན་ཚུ་ལག་ལེན་འཐབ་པ་ཅིན་ ལས་འགན་ཚུ་གིས་ ཨེ་རེ་ལས་འགན་ཚུ་བཟུམ་མའི་ངང་ཚུལ་སྟོནམ་ཨིན། འོག་ལུ་ཡོད་པའི་ཐིག་ཁྲམ་གྱིས་ ཨེ་རེ་ལེགས་སྐྱོང་འཐབ་ཐངས་བང་ཅན་བྱིནམ་ཨིན།:

A

བི་(མན་ངག)

བི་(གྲུབ་འབྲས།)

C (བང་ཅན་ཨེ་རེ་མན་ངག་)

སི་(གྲུབ་འབྲས།)

1

1

=A1:A2+1

2

=SUMPRODUCT(A1:A2+1)

5

2

2

=A1:A2+1

3

=SUMPRODUCT(A1:A2+1)

5

3

=A1:A2+1

#VALUE!

=SUMPRODUCT(A1:A2+1)

5


FREQUENCY

one-column-array ནང་ལུ་ འབྱུང་ཐེངས་བགོ་བཀྲམ་བརྡ་སྟོནམ་ཨིན། ལས་འགན་གྱིས་ གྲ་སྒྲིག་འབད་ཡོད་པའི་དབྱི་རིགས་ཨེ་རེ་ཚུའི་ ནང་འཁོད་ནང་ཡོད་པའི་ གནད་སྡུད་ཨེ་རེ་ནང་གི་གནས་གོང་ཚུའི་གྱངས་ཁ་དེ་ གྱངས་ཁ་བརྐྱབ་ཨིན།

ཚུག་སྦྱོར།

FREQUENCY(གནད་སྡུད། དབྱེ་རིགས་ཚུ།)

གནད་སྡུད་ཀྱི་ གྱངས་ཁ་རྐྱབ་ནི་ཨིན་པའི་གནས་གོང་ཚུ་ལུ་གཞི་བསྟུན་འབད་མི་ཁྱད་ཚབ་འབདཝ་ཨིན།

དབྱེ་རིགས་ཚུའི་ བཅད་མཚམས་གནས་གོང་ཚུའི་ ཨེ་རེ་ཁྱད་ཚབ་འབདཝ་ཨིན།

དྲན་འཛིན་ངོས་དཔར།

འ་ནི་ཤོག་ལེབ་ཀྱི་མགུ་ལུ་ ཁྱོད་ཀྱི་ ཨེ་རེ་ལས་འགན་ཚུའི་ཡོངས་ཁྱབ་ངོ་སྤྲོད་འཐོབ་ཚུགསཔ་ཨིན།


དཔེ།

འོག་གི་ཐིག་ཁྲམ་ནང་ ཀེར་ཐིག་ ཨེ གིས་ དབྱེ་སེལ་བཤོལ་བའི་ཚད་འཇལ་གནས་གོང་ཚུ་ཐོ་བཀོད་འབདཝ་ཨིན། ཀེར་ཐིག་ བི་ ནང་ན་ལུ་ ཁྱོད་ཀྱིས་ ཀེར་ཐིག་ཨེ ནང་ཡོད་པའི་གནད་སྡུད་བགོ་ནི་ཨིན་མི་ དབྱེ་རིགས་ཚུའི་དོན་ལུ་ བཙུགས་ཡོད་མི་ ལྟག་གི་བཅད་མཚམས་ཤོམ་ཏེ་ཡོདཔ་ཨིན། B1 ནང་བཙུངས་ཡོད་པའི་ བཅད་མཚམས་དང་འཁྲིལ་ཏེ་ FREQUENCY ལས་འགན་གྱིས་ ཚད་འཇལ་ཡོད་པའི་ ༥ ལས་ཉུང་མི་ཡང་ན་ ༥ དང་མཉམ་མི་གནས་གོང་ཚུའི་གྱངས་ཁ་སླར་ལོག་འབདཝ་ཨིན། B2 ནང་གི་བཅད་མཚམས་དེ་ ༡༠ ཨིནམ་ལས་ FREQUENCY ལས་འགན་གྱིས་ གྲུབ་འབྲས་གཉིས་པམ་དེ་ ༥ ལས་མང་མི་ ཡང་ན་ ༡༠ ལས་མང་མི་ཡང་ན་ ༡༠ དང་མཉམ་པའི་ཚད་འཇལ་ཡོདཔ་པའི་གནས་གོང་ཚུའི་གྱངས་ཁ་སླར་ལོག་འབདཝ་ཨིན། ཁྱོད་ཀྱིས་ B6 ནང་བཙུགས་ཡོད་པའི་ ཚིག་ཡིག་ ">25" དེ་ གཞི་བསྟུན་གྱི་དགོས་དོན་ཚུ་ལུ་རྐྱངམ་ཅིག་ཨིན།

ཨེ།

བི།

སི།

༡༢

5

1

8

༡༠

3

༢༤

༡༥

2

༡༡

༢༠

3

5

༢༥

1

༢༠

>༢༥

1

༡༦

9

7

༡༠

༡༦

༡༡

༣༣


ལྟག་གི་དབྱེ་རིགས་བཅད་མཚམས་ལས་ སྦོམ་མི་ གནས་གོང་ཚུའི་དོན་ལུ་ འབྱུང་ཐེངས་བཙུགས་ནི་ཨིན་པའི་ཀེར་ཐིག་ཁྱབ་ཚད་རྐྱང་པ་སེལ་འཐུ་འབད། ཁྱོད་ཀྱིས་ དབྱེ་རིགས་མཐོ་ཚད་ལས་ ས་སྒོ་གཅིག་མངམ་སྦེ་སེལ་འཐུ་འབད་དགོཔ་ཨིན། འ་ནི་དཔེར་བརྗོད་ནང་ལུ་ ཁྱབ་ཚད་ C1:C6 སེལ་འཐུ་འབད། ལས་འགན་ཝི་ཛརཌི་ནང་ལུ་ FREQUENCY ལས་འགན་བཀུག་ད། (A1:A11) ནང་ གནད་སྡུད་ཁྱབ་ཚད་བཙུགས་བཞིནམ་ལས་ ཁྱོད་ཀྱིས་ ཁྱབ་ཚད་དབྱེ་རིགས་ཚུ་ནང་ དབྱེ་རིགས་བཅད་མཚམས་ཚུ་ (B1:B6) བཙུགས་ཡོད་མི་སེལ་འཐུ་འབད། ཨེ་རེ་ཞིབ་དཔྱད་སྒྲོམ་ སེལ་འཐུ་འབད་བཞིནམ་ལས་ བཏུབ་ ཨེབ་གཏང་། ཁྱོད་ཀྱིས་ ཁྱབ་ཚད་ C1:C6 ནང་འབྱུང་ཐེངས་གྱངས་མཐོངམ་ཨིན།

More explanations on top of this page.

GROWTH

ཨེ་རེ་གཅིག་ནང་ལུ་ བསྒྱུར་གྲངས་ཁ་ཕྱོགས་ཀྱི་ ས་ཚིགས་རྩིས་སྟོནམ་ཨིན།

ཚུག་སྦྱོར།

GROWTH(གནས་སྡུད་_Y;གནས་སྡུད་_X; གསརཔ་_གནས་སྡུད་_X; ལཱ་འགན་_དབྱེ་བ)

Data_Y གིས་ ཝའི་གནད་སྡུད་ཨེ་རེ་ཁྱད་ཚབ་འབདཝ་ཨིན།

Data_X (གདམ་ཁ་ཅན་) ཨེགསི་གནད་སདུད་ཨེ་རེ་ ཁྱད་ཚབ་འབདཝ་ཨིན།

New_Data_X (གདམ་ཁ་ཅན་) གིས་ གནས་གོང་ཚུ་སླར་རྩིས་སྟོན་ཨིན་པའི་ ཨེགསི་གནད་སྡུད་ཨེ་རེ་ ཁྱད་ཚབ་འབདཝ་ཨིན།

Function_Type(གདམ་ཁ་ཅན)། Function_Type = ༠ ཨིན་པ་ཅིན་ འབྲི་ཤོག་ y = m^x ནང་ཡོད་པའི་ལས་འགན་ཚུ་ རྩིས་སྟོན་འབད་ནི་ཨིན། ནི་མེན་པ་ཅིན་ y = b*m^x ལས་འགན་ཚུ་ རྩིས་སྟོན་ཡོདཔ་ཨིན།

In the LibreOffice Calc functions, parameters marked as "optional" can be left out only when no parameter follows. For example, in a function with four parameters, where the last two parameters are marked as "optional", you can leave out parameter 4 or parameters 3 and 4, but you cannot leave out parameter 3 alone.

More explanations on top of this page.

དཔེ།

འ་ནི་ལས་འགན་གྱིས་ ཨེ་རེ་གཅིག་སླར་ལོག་འབད་ཡོདཔ་ད་ ཨེ་རེ་དེ་ ཨེ་རེ་ལས་འགན་གཞན་མི་ཚུ་བཟུམ་སྦེ་རང་ལེགས་སྐྱོང་འཐབ་སྟེ་ཡོད། ཁྱོད་ཀྱི་ ལན་ཚུ་འབྱུང་བཅུག་དགོ་མནོ་མི་ཁྱབ་ཚད་སེལ་འཐུ་འབད་བཞིནམ་ལས་ ལས་འགན་དེ་སེལ་འཐུ་འབད། Data_Y སེལ་འཐུ་འབད། ཚད་བཟུང་གཞན་མི་གང་རུང་ཚུ་བཙུགས་བཞིནམ་ལས་ ཨེ་རེ་ རྟགས་བཀལ་ཏེ་ OK ཨེབ་གཏང་།

LINEST

Returns a table of statistics for a straight line that best fits a data set.

ཚུག་སྦྱོར།

LINEST(Data_Y; Data_X; Linear_Type; Stats)

data_Y is a single row or column range specifying the y coordinates in a set of data points.

data_X is a corresponding single row or column range specifying the x coordinates. If data_X is omitted it defaults to 1, 2, 3, ..., n. If there is more than one set of variables data_X may be a range with corresponding multiple rows or columns.

LINEST finds a straight line y = a + bx that best fits the data, using linear regression (the "least squares" method). With more than one set of variables the straight line is of the form y = a + b1x1 + b2x2 ... + bnxn.

If linearType is FALSE the straight line found is forced to pass through the origin (the constant a is zero; y = bx). If omitted, linearType defaults to TRUE (the line is not forced through the origin).

If stats is omitted or FALSE only the top line of the statistics table is returned. If TRUE the entire table is returned.

LINEST returns a table (array) of statistics as below and must be entered as an array formula (for example by using +Shift+Return rather than just Return).

In the LibreOffice Calc functions, parameters marked as "optional" can be left out only when no parameter follows. For example, in a function with four parameters, where the last two parameters are marked as "optional", you can leave out parameter 4 or parameters 3 and 4, but you cannot leave out parameter 3 alone.

More explanations on top of this page.

དཔེ།

འ་ནི་ལས་འགན་གྱིས་ ཨེ་རེ་གཅིག་སླར་ལོག་འབདཝ་ཨིནམ་ད་ དེ་ཡང་ ཨེ་རེ་ལས་འགན་གཞན་མི་ཚུ་བཟུམ་སྦེ་རང་ལེགས་སྐྱོང་འཐབ་སྟེ་ཡོད། ལན་ཚུའི་དོན་ལུ་ ཁྱབ་ཚད་གཅིག་སེལ་འཐུ་འབད་ཞིནམ་ལས་ ལས་འགན་སེལ་འཐུ་འབད། Data_Y སེལ་འཐུ་འབད། ཁྱོད་ལུ་དགོ་པ་ཅིན་ ཁྱོད་ཀྱིས་ ཚད་བཟུང་གཞན་མི་ཚུ་བཙུགས་ཚུགསཔ་ཨིན། ཨེ་རེ་ སེལ་འཐུ་ འབད་ཞིནམ་ལས་ བཏུབ་ ཨེབ་གཏང་།

རིམ་ལུགས་ (if Stats = 0) གིས་ སླར་ལོག་འབད་ཡོད་པའི་གྲུབ་འབྲས་ཚུ་གིས་ རི་གེ་རེ་ཤཱན་གྲལ་ཐིག་གི་བྱི་གཞོལ་དང་ ཝའི་ཚད་ཐིག་དང་བཅས་པའི་དེའི་སྣོལ་འཇོག་སྣོལ་མཚམས་སྟོནམ་ཨིན། གནད་སྡུད་ དེ་ ༠ དང་མ་མཉམ་པ་ཅིན་ གྲུབ་འབྲས་གཞན་མི་ཚུ་ བཀྲམ་སྟོན་འབད་ནི་ཨིན།

LINEST གྲུབ་འབྲས་གཞན་མི་ཚུ།

འོག་ལུ་ཡོད་པའི་ དཔེར་བརྗོད་ཚུ་ བརྟག་དཔྱད་འབད།

A

B

C

D

E

F

G

x1

x2

y

LINEST value

4

7

100

4,17

-3,48

82,33

5

9

105

5,46

10,96

9,35

6

11

104

0,87

5,06

#NA

7

12

108

13,21

4

#NA

8

15

111

675,45

102,26

#NA

9

17

120

10

19

133


ཀེར་ཐིག་ ཨེ་ནང་ན་ X1 གནས་གོང་ཚུ་ལེ་ཤ་ཤོམ་ཡོད་ ཀེར་ཐིག་ བི་ནང་ཡང་ X2 གནས་གོང་ཚུ་ལེ་ཤ་ཤོམ་ཏེ་ཡོད་ ཀེར་ཐིག་སི་ནང་ཡང་ Y གནས་གོང་ཚུ་ལེ་ཤ་ཤོམ་ཏེ་ཡོདཔ་ཨིན། འ་ནི་གནས་གོང་ཚུ་ ཁྱོད་ཀྱིས་ ཧེ་མ་ལས་རང་ ཁྱོད་རའི་ཤོག་ཁྲམ་ནང་ལུ་ བཙུགས་ཏེ་ཡོད། ད་འབདན་ཁྱོད་ཀྱིས་ ཤོག་ཁྲམ་ནང་ལུ་ E2:G6 གཞི་སྒྲིག་འབད་དེ་ ཝི་ཛརཌི་ལས་འགན་ ཤུགས་ལྡན་བཟོ་ཡོདཔ་ཨིན། ལཱ་འབད་ནི་ LINEST ལས་འགན་གྱི་དོན་ལུ་ ཁྱོད་ཀྱིས་ ཨེ་རེ་ དཔྱད་སྒྲོམ་ནང་ལུ་ ལས་འགན་ཝི་ཛརཌི་  བཙུགས་ཏེ་ཡོད་དགོཔ་ཨིན། ཤུལ་མམ་ནང་འོག་ལུ་ཡོད་པའི་གསན་གོང་ཚུ་ ཤོག་ཁྲམ་ནང་ སེལ་འཐུ་འབད་ (ཡང་ན་ ལྡོ་སྒྲོམ་ལག་ལེན་འཐབ་ཐོག་ལས་ དེ་ཚུ་བཙུགས། ):

Data_Y འདི་ C2:C8 ཨིན།

Data_X དེ་ A2:B8 ཨིན།

Linear_Type དང་ གནད་སྡུད་ གཉིས་ཆ་རང་ ༡ ལུ་གཞི་སྒྲིག་འབད་ཡོདཔ།

ཁྱོད་ཀྱིས་ བཏུབ་དེ་ ཨེབ་གཏང་ཞིནམ་ཅིག་ LibreOffice ཀེལ་སི་ གིས་ དཔེར་བརྗོད་ནང་ལུ་སྟོན་ཡོདཔ་བཟུམ་སྦེ་ LINEST གནས་གོང་ཚུ་དང་གཅིག་ཁར་ ལྟག་གི་དཔེར་བརྗོད་བཀངམ་ཨིན།

མན་ངག་ ཕྲ་རིང་ནང་གི་ མན་ངག་དེ་ LINEST ཨེ་རེ་གི་ནང་ཐིག་རེ་རེ་ལུ་མཚུངསམ་ཨིན། {=LINEST(C2:C8;A2:B8;1;1)}

འ་ནི་གིས་ རྩིས་སྟོན་འབད་ཡོད་པའི་ LINEST གནས་གོང་ཚུ་ ཁྱད་ཚབ་འབདཝ་ཨིན།

E2 དང་ F2: གནས་གོང་ x1 དང་ x2 ཚུའི་དོན་ལུ་ གྲལ་ཐིག་ y=b+m*x གི་ བྱི་གཞོལ་ m ། གནས་གོང་ཚུ་ རིམ་ལོག་རིམ་པ་ནང་གྲ་སྒྲིག་འབད་ཡོད་ དེ་ཡང་ E2 ནང་ x2 དོན་ལུ་ བྱི་གཞོལ་ དང་ F2 ནང་ x1 དོན་ལུ་ བྱི་གཞོལ།

G2: ཝའི་ ཚད་ཐིག་དང་གཅིག་ཁར་ བི་ སྣོལ་འཇོག་སྣོལ་མཚམས།

E3 དང་ F3: བྱི་གཞོལ་གནས་གོང་གི་འཛོལ་བ་ཚད་ལྡན།

G3: འཇབ་འཛིན་གྱི་ འཛོལ་བ་ཚད་ལྡན།

E4: RSQ

F4: ཝའི་གནས་གོང་དོན་ལུ་ རྩིས་སྟོན་ཡོད་པའི་ རི་གེ་རེ་ཤཱན་གྱི་ འཛོལ་བ་ཚད་ལྡན།

E5: མི་མཐུན་པའི་དཔྱད་ཞིབ་ལས་ ཝའི་གནས་གོང་།

F5: མི་མཐུན་པའི་དཔྱད་ཞིབ་ལས་ རབ་དབང་གི་དབྱི་རིམ་ཚུ།

ཁོང་རའི་ ཐིག་གི་མཱིན་ལས་ ཕོག་ཚོད་དཔག་ཡོད་པའི་ཝའི་གནས་གོང་ཚུའི་ གྲུ་བཞི་བཟོ་ཡོད་པའི་ཁ་བསྒྱུར་བའི་བསྡོམས།

F6: གྲ་སྒྲིག་འབད་ཡོད་པའི་ ཝའི་གནས་གོང་ཚུ་ལས་ ཕོག་ཚོད་དཔག་ཡོད་པའི་ཝའི་གནས་གོང་གི་ གྲུ་བཞི་བཟོ་ཡོད་པའི་ཁ་བསྒྱུར་བའི་ བསྡོམས།

More explanations on top of this page.

LOGEST

འ་ནི་ལས་འགན་གྱིས་ བསྒྱུར་གྲངས་རི་གེ་རེ་ཤཱན་བཀུག་པ་སྦེ་བཙུགས་ཡོད་པའི་གནད་སྡུད་ཀྱི་ བདེ་སྒྲིག་འབད་ནི་རྩིས་སྟོནམ་ཨིན། (y=b*m^x).

ཚུག་སྦྱོར།

LOGEST(Data_Y; Data_X; Function_Type; Stats)

Data_Y གིས་ ཝའི་གནད་སྡུད་ཨེ་རེ་ཁྱད་ཚབ་འབདཝ་ཨིན།

Data_X (གདམ་ཁ་ཅན་) ཨེགསི་གནད་སདུད་ཨེ་རེ་ ཁྱད་ཚབ་འབདཝ་ཨིན།

Function_Type (གདམ་ཁ་ཅན)། Function_Type = ༠ ཨིན་པ་ཅིན་ འབྲི་ཤོག་ y = m^x ནང་ཡོད་པའི་ ལས་འགན་ཚུ་ རྩིས་སྟོན་འབད་ནི་ཨིན། ནི་མེན་པ་ཅིན་ y = b*m^x ལས་འགན་ཚུ་རྩིས་སྟོན་འབད་ནི་ཨིན།

གནད་སྡུད་ (གདམ་ཁ་ཅན)། གནད་སྡུད་ = ༠ ཨིན་པ་ཅིན་ རི་གེ་རེ་ཤཱན་ གྲངས་རྟགས་རྐྱངམ་ཅིག་ རྩིས་སྟོན་འབད་ནི་ཨིན།

In the LibreOffice Calc functions, parameters marked as "optional" can be left out only when no parameter follows. For example, in a function with four parameters, where the last two parameters are marked as "optional", you can leave out parameter 4 or parameters 3 and 4, but you cannot leave out parameter 3 alone.

More explanations on top of this page.

དཔེ།

LINEST བལྟ། ཨིན་རུང་ གྲུ་བཞི་བསྡོམས་དེ་སླར་ལོག་འབད་ནི་མེདཔ་ཨིན།

MDETERM

ཨེ་རེ་གི་ ཨེ་རེ་བཅད་གཞི་སླར་ལོག་འབདཝ་ཨིན། འ་ནི་ལས་འགན་གྱིས་ ད་ལྟོའི་ནང་ཐིག་ནང་ལུ་ གནས་གོང་ཅིག་སླར་ལོག་འབདཝ་ཨིན། གྲུབ་འབྲས་ཚུ་ལུ་ ཁྱབ་ཚད་ངེས་འཛིན་འབད་ནི་འདི་ ཉེར་མཁོ་མེན།

ཚུག་སྦྱོར།

MDETERM(ཨེ་རེ།)

ཨེ་རེ་ གིས་ བཅད་གཞི་ཚུ་ ངེས་འཛིན་འབད་ཡོད་པའི་ ཨེ་རེ་གྲུ་བཞི་ཁྱད་ཚབ་འབདཝ་ཨིན།

དྲན་འཛིན་ངོས་དཔར།

You can find a general introduction to using Array functions on top of this page.


More explanations on top of this page.

MINVERSE

ཨེ་རེ་ ལུགས་ལྡོག་ སླར་ལོག་འབདཝ་ཨིན།

ཚུག་སྦྱོར།

MINVERSE(ཨེ་རེ།)

ཨེ་རེ་ གིས་ གནས་ལོག་འབད་ནི་ཨིན་པའི་ ཨེ་རེ་གྲུ་བཞི་ཁྱད་ཚབ་འབདཝ་ཨིན།

More explanations on top of this page.

དཔེ།

གྲུ་བཞི་ཁྱབ་ཚད་གཅིག་སེལ་འཐུ་འབད་བཞིནམ་ལས་ MINVERSE སེལ་འཐུ་འབ། ཨའུཊི་པུཊི་ཨེ་རེ་དང་ ཨེ་རེ་ས་སྒོ་ སེལ་འཐུ་འབད་བཞིནམ་ལས་ OK ཨེབ་གཏང་།

MMULT

ཨེ་རེ་གཉིས་ཀྱི་ ཐོན་སྐྱེད་རྩིས་སྟོནམ་ཨིན། ཨེ་རེ་ ཨེ་དོན་ལུའི་ཀེར་ཐིག་གྱངས་ཁ་གིས་ ཨེ་རེ་ བི་དོན་ལུའི་གྲལ་ཐིག་ཚུའི་གྱངས་ཁ་དང་ མཐུན་སྒྲིག་འབད་དགོཔ་ཨིན། ཨེ་རེ་གྲུ་བཞི་ལུ་ གྲལ་ཐིག་དང་ཀེར་ཐིག་གྱངས་ཁ་ཚུ་མཉམ་པ་ཡོདཔ་ཨིན།

ཚུག་སྦྱོར།

MMULT(ཨེ་རེ་; ཨེ་རེ།)

ས་གནས་དང་པའི་ ཨེ་རེ་གིས་ ཨེ་རེ་ཐོན་སྐྱེད་ནང་ལུ་ ལག་ལེན་འཐབ་ཡོད་པའི་ ཨེ་རེ་དང་པ་ཁྱད་ཚབ་འབདཝ་ཨིན།

ས་གནས་གཉིས་པའི་ ཨེ་རེ་གིས་ གྲལ་ཐིག་ཚུའི་གྱངས་ཁ་གཅིག་པ་དང་བཅས་པའི་ ཨེ་རེ་གཉིས་པ་ཁྱད་ཚབ་འབདཝ་ཨིན།

དྲན་འཛིན་ངོས་དཔར།

More explanations on top of this page.


དཔེ།

གྲུ་བཞི་ཁྱབ་ཚད་གཅིག་སེལ་འཐུ་འབད། ཨེམ་ཨེམ་ཡུ་ཨེལ་ཊི་ ལས་འགན་གདམ། ཨེ་རེ་དང་པ་སེལ་འཐུ་འབད་ཞིནམ་ལས་ ཨེ་རེ་གཉིས་པ་ སེལ་འཐུ་ འབད། ལས་འགན་ཝི་ཛརཌི་ ལག་ལེན་འཐབ་ཐོག་ལས་ ཨེ་རེ་ དཔྱད་སྒྲོམ་ རྟགས་བཀལ། བཏུབ་ ཨེབ་གཏང་། ཨའུཊི་པུཊི་དེ་ དང་པ་སེལ་འཐུ་གྲུབ་ཡོད་པའི་ ཁྱབ་ཛད་ནང་ འབྱུངམ་ཨིན།

MUNIT

ཚད་ལ་ལོ་གཅིག་གི་ གྲུ་བཞི་ཨེ་རེ་ཁོ་ན་སླར་ལོག་འབདཝ་ཨིན། ཨེ་རེ་ཁོ་ན་དེ་ གསེག་ཐིག་ཅན་ཆ་ཤས་གཙོ་བོ་གིས་ ༡ ལུ་མཉམ་ནི་དང་ ཨེ་རེ་ཆ་ཤས་གཞན་མི་ཚུ་ ༠ ལུ་མཉམ་པའི་ ཨེ་རེ་གྲུ་བཞི་ཨིན།

ཚུག་སྦྱོར།

MUNIT(རྒྱ་ཁྱོན།)

རྒྱ་ཁྱོན་དེ་ ཨེ་རེ་ཆ་ཕྲན་གྱི་ཚད་ལུ་གོ་ནི་ཨིན།

དྲན་འཛིན་ངོས་དཔར།

འ་ནི་ཤོག་ལེབ་ཀྱི་མགུ་ལུ་ ཁྱོད་ཀྱི་ ཨེ་རེ་ལས་འགན་ཚུའི་ཡོངས་ཁྱབ་ངོ་སྤྲོད་འཐོབ་ཚུགསཔ་ཨིན།


དཔེ།

ཤོག་ཁྲམ་ནང་འཁོད་ནང་ ཁྱབ་ཚད་གྲུ་བཞི་སེལ་འཐུ་འབད་ དཔེ་འབད་བ་ཅིན་ A1 ལས་ E5 ལུ།

ཁྱབ་ཚད་སེལ་འཐུ་མ་བཤོལ་བར་ ཨེམ་ཡུ་ཨེན་ཨའི་ཊི་ ལས་འགན་སེལ་འཐུ་འབད། ཨེ་རེ་ དཔྱད་སྒྲོམ་དེ་ རྟགས་བཀལ། འ་ནི་ གནད་དོན་ ༥ པ་ནང་ལུ་ ཨེ་རེ་ཆ་ཕྲན་དོན་ལུ་ རེ་འདུན་བསྐྱེད་ཡོད་པའི་རྒྱ་ཁྱོན་ཚུ་བཙུགས་ཏེ་ བཏུབ་ ཨེབ་གཏང་།

ཁྱོད་ཀྱིས་ སེལ་འཐུ་གྲུབ་ཡོད་པའི་ཁྱབ་ཚད་ (E5) མཇུག་གི་ནང་ཐིག་ནང་ལུ་ =Munit(5) མན་ངག་ཡང་བཙུགས་བཞིནམ་ལས་ ཚུ་ཨེབ་བཏུབ་ཨིན།

ད་འབདན་ ཁྱོད་ཀྱིས A1:E5 གི་ ཁྱབ་ཚད་དང་བཅས་པའི་ཆ་ཕྲན་ཨེ་རེ་མཐོངམ་ཨིན།

More explanations on top of this page.

SUMPRODUCT

གྲ་སྒྲིག་འབད་ཡོད་པའི་ཨེ་རེ་ནང་ མཚུངས་པའི་ཆ་ཤས་ཚུ་དགུ་མཐའ་བརྐྱབ་སྟེ་ འ་ནི་ཐོན་བསྐྱེད་ཚུའི་བསྡོམས་སླར་ལོག་འབདཝ་ཨིན།

ཚུག་སྦྱོར།

SUMPRODUCT(ཨེ་རེ་ ༡; ཨེ་རེ་ ༢ ...ཨེ་རེ་ ༣༠)

ཨེ་རེ་ ༡ ཨེ་རེ་ ༢... ཨེ་རེ་ ༣༠ ཚུ་གིས་ མཚུངས་པའི་ཆ་ཤས་ཚུ་དགུ་མཐའ་རྐྱབ་ནི་ཨིན་པའི་ ཨེ་རེ་ཚུ་ཁྱད་ཚབ་འབདཝ་ཨིན།

ཉུང་མཐའ་རང་ཨེ་རེ་གཅིག་དེ་སྒྲུབ་རྟགས་ཀྱི་ཐོ་ཡིག་གི་ཡན་ལག་འོང་དགོཔ་ཨིན། ཨེ་རེ་གཅིག་རྐྱངམ་ཅིག་གྲ་སྒྲིག་འབད་དེ་ཡོད་པ་ཅིན་ ཨེ་རེ་ཆ་ཤས་ཚུ་ཆ་མཉམ་རང་བསྡོམས་ཡོདཔ་ཨིན།

དཔེ།

A

B

C

D

1

2

3

4

5

2

6

7

8

9

3

10

11

12

13


=SUMPRODUCT(A1:B3;C1:D3) returns 397.

རྩིས་ལས། A1*C1 + B1*D1 + A2*C2 + B2*D2 + A3*C3 + B3*D3

མཉམ་ཐིག་གཉིས་ཀྱི་ སི་ཀེ་ལཱར་ཐོན་སྐྱེད་རྩིས་སྟོན་ནིའི་དོན་ལུ་ ཁྱོད་ཀྱིས་ SUMPRODUCT ལག་ལེན་འཐབ་བཏུབ་ཨིན།

དྲན་འཛིན་ངོས་དཔར།

SUMPRODUCT གིས་ ཨང་གྲངས་རྐྱང་པ་སླར་ལོག་འབདཝ་ཨིན་ ལས་འགན་དེ་ ཨེ་རེ་སྦེ་བཙུགས་ནི་འདི་དགོས་མཁོཝ་མེན།


More explanations on top of this page.

SUMX2MY2

ཨེ་རེ་གཉིས་ནང་ མཚུངས་པའི་གནས་གོང་ཚུའི་ གྲུ་བཞི་ཚུའི་ཁྱད་པར་གྱི་བསྡོམས་སླར་ལོག་འབདཝ་ཨིན།

ཚུག་སྦྱོར།

SUMX2PY2(ཨེ་རེ་ ཨེགསི་; ཨེ་རེ་ ཝཡི།)

ཨེ་རེ་ ཨེགསི་ གིས་ ཆ་ཤས་ཚུ་ གྲུ་བཞི་བཟོ་ནི་དང་ ཁ་སྐོང་རྐྱབ་ནི་ཨིན་པའི་ ཨེ་རེ་དང་པམ་ཁྱད་ཚབ་འབདཝ་ཨིན།

ཨེ་རེ་ ཝའི་ གིས་ ཆ་ཤས་ཚུ་གྲུ་བཞི་བཟོ་ནི་དང་ ཕབ་ནི་ཨིན་པའི་ ཨེ་རེ་གཉིས་པ་ཁྱད་ཚབ་འབདཝ་ཨིན།

More explanations on top of this page.

SUMX2PY2

ཨེ་རེ་གཉིས་ནང་ མཚུངས་པའི་གནས་གོང་ཚུའི་ གྲུ་བཞི་བསྡོམས་ཀྱི་བསྡོམས་སླར་ལོག་འབདཝ་ཨིན།

ཚུག་སྦྱོར།

SUMX2PY2(ཨེ་རེ་ ཨེགསི་; ཨེ་རེ་ ཝཡི།)

ཨེ་རེ་ ཨེགསི་ གིས་ ཆ་ཤས་ཚུ་ གྲུ་བཞི་བཟོ་ནི་དང་ ཁ་སྐོང་རྐྱབ་ནི་ཨིན་པའི་ ཨེ་རེ་དང་པམ་ཁྱད་ཚབ་འབདཝ་ཨིན།

ཨེ་རེ་ ཝའི་ གིས་ ཆ་ཤས་ཚུ་གྲུ་བཞི་བཟོ་ནི་དང་ ཕབ་ནི་ཨིན་པའི་ ཨེ་རེ་གཉིས་པ་ཁྱད་ཚབ་འབདཝ་ཨིན།

More explanations on top of this page.

SUMXMY2

ཨེ་རེ་གཉིས་ནང་ མཚུངས་པའི་གནས་གོང་ཚུའི་བར་ མི་མཐུན་པའི་ གྲུ་བཞི་ཚུ་ཁ་སྐོང་བརྐྱབ་ཨིན།

ཚུག་སྦྱོར།

SUMXMY2(Array X; Array Y)

ཨེ་རེ་ ཨེགསི་ གིས་ ཆ་ཤས་ཚུ་ཕབ་ནི་དང་ གྲུ་བཞི་བཟོ་ནི་ཨིན་པའི་ ཨེ་རེ་དང་པམ་དེ་ཁྱབ་ཚབ་འབདཝ་ཨིན།

ཨེ་རེ་ ཝའི་ གིས་ ཆ་ཤས་ཚུ་ ཕབ་ནི་དང་གྲུ་བཞི་བཟོ་ནི་ཨིན་པའི་ ཨེ་རེ་གཉིས་པམ་དེ་ཁྱད་ཚབ་འབདཝ་ཨིན།

More explanations on top of this page.

TRANSPOSE

ཨེ་རེ་གི་ གྲལ་ཐིག་དང་ ཀེར་ཐིག་ཚུ་ བཟོ་བསྒྱུར་འབདཝ་ཨིན།

ཚུག་སྦྱོར།

TRANSPOSE(ཨེ་རེ།)

ཨེ་རེ་ གིས་ ཤོག་ཁྲམ་ནང་ཡོད་པའི་ བཟོ་བསྒྱུར་འབད་ནི་ཨིན་པའི་ ཨེ་རེ་ཁྱད་ཚབ་འབདཝ་ཨིན།

དྲན་འཛིན་ངོས་དཔར།

འ་ནི་ཤོག་ལེབ་མགོ་ལུ་ ཨེ་རེ་ལས་འགན་ཚུ་ལག་ལེན་འཐབ་ནིའི་ལུ་ ངོ་སྤྲོད་ཡོངས་ཁྱབ་གཅིག་འཐོབ་ཨིན།


དཔེ།

ཤོག་ཁྲམ་ནང་ལུ་ བཟོ་བསྒྱུར་འབད་ཡོད་པའི་ཨེ་རེ་འབྱུང་ཚུགས་པའི་ཁྱབ་ཚད་སེལ་འཐུ་འབད། ཨེ་རེ་ངོ་མ་ལུ་ ཨེན་ གྲལ་ཐིག་དང་ ཨེམ་ གྲལ་ཐིག་ཚུ་ཡོད་པ་ཅིན་ ཁྱོད་ཀྱི་ སེལ་འཐུ་གྲུབ་ཡོད་པའི་ ཁྱབ་ཚད་ལུ་ ག་ཅི་མེད་རུང་ ཨེམ་ གྲལ་ཐིག་དང་ ཨེན་ གྲལ་ཐིག་ཚུ་འོང་དགོཔ་ཨིན། དེ་ལས་ མན་ངག་དེ་ཐད་ཀར་དུ་ བཙུགས་ཏེ་ ཨེ་རེ་ངོ་མ་སེལ་འཐུ་འབད་ཞིནམ་ལས་ ཨེབ། ཡང་ན་ ཁྱོད་ཀྱིས་ ལས་འགན་ཝི་ཛརཌི་ལག་ལེན་འཐབ་ཏེ་ཡོད་པ་ཅིན་ ཨེ་རེ་ དཔྱད་སྒྲོམ་ རྟགས་བཀལ། བཟོ་བསྒྱུར་འབད་ཡོད་པའི་ ཨེ་རེ་དེ་ སེལ་འཐུ་གྲུབ་ཡོད་པའི་དམིགས་གཏད་ཁྱབ་ཚད་ནང་འབྱུངམ་ཨིནམ་མ་ཚད་ དེ་ཚུ་ བསྒྱུར་བཅོས་ཚུ་ལས་རང་བཞིན་གྱིས་ཉེན་སྐྱོབ་འབད་དེ་ཡོདཔ་ཨིན།

A

B

C

D

1

2

3

4

5

2

6

7

8

9


The above table is 2 rows, 4 columns. In order to transpose it, you must select 4 rows, 2 columns. Assuming you want to transpose the above table to the range A7:B10 (4 rows, 2 columns) you must select the entire range and then enter the following:

TRANSPOSE(A1:D2)

Then make sure to enter it as matrix formula with . The result will be as follows:

A

B

7

2

6

8

3

7

9

4

8

10

5

9


TREND

ཐིག་གི་ཁ་ཕྱོགས་དང་མཉམ་དུ་ གནས་གོང་ཚུ་སླར་ལོག་འབདཝ་ཨིན།

ཚུག་སྦྱོར།

TREND(Data_Y; Data_X; New Data_X; Linear_Type)

Data_Y གིས་ ཝའི་གནད་སྡུད་ཨེ་རེ་ཁྱད་ཚབ་འབདཝ་ཨིན།

Data_X (གདམ་ཁ་ཅན་) ཨེགསི་གནད་སདུད་ཨེ་རེ་ ཁྱད་ཚབ་འབདཝ་ཨིན།

New Data_X (གདམ་ཁ་ཅན་) གིས་ གནས་གོང་ཚུ་སླར་རྩིས་སྟོན་ནིའི་དོན་ལུ་ལག་ལེན་འཐབ་ཡོད་པའི་ ཨེགསི་གནད་སྡུད་ཀྱི་ ཨེ་རེ་ཁྱད་ཚབ་འབདཝ་ཨིན།

Linear_Type(གདམ་ཁ་ཅན)། Linear_Type = ༠ ཨིན་པ་ཅིན་ གྲལ་ཐིག་ཚུ་ ཀླད་ཀོར་ས་ཚིགས་བརྒྱུད་དེ་རྩིས་སྟོན་ཡོདཔ་ཨིན། ནི་མེན་པ་ཅིན་ པར་ལེན་གྲལ་ཐིག་ཚུ་ཡང་ རྩིས་སྟོན་འབད་ནི་ཨིན། སྔོན་སྒྲིག་དེ་ Linear_Type <> ༠ ཨིན།

In the LibreOffice Calc functions, parameters marked as "optional" can be left out only when no parameter follows. For example, in a function with four parameters, where the last two parameters are marked as "optional", you can leave out parameter 4 or parameters 3 and 4, but you cannot leave out parameter 3 alone.

More explanations on top of this page.

དཔེ།

ཁ་ཕྱོགས་གནད་སྡུད་འབྱུང་བའི་ ཤོག་ཁྲམ་གཅིག་ཁྱབ་ཚད་སེལ་འཐུ་འབད། ལས་འགན་སེལ་འཐུ་འབད། ཨའུཊི་པུཊི་གནད་སྡུད་བཙུགས་ ཡང་ན་ མཱའུསི་གི་ཐོག་ལས་སེལ་འཐུ་འབད། ཨེ་རེ་ ས་སྒོ་ རྟགས་བཀལ། OK ཨེབ་གཏང་། ཨའུཊི་པུཊི་གནད་སྡུད་ལས་རྩིས་སྟོན་ཡོད་པའི་ ཁ་ཕྱོགས་གནད་སྡུད་དེ་བཀྲམ་སྟོན་འབད་ཡོད།