དངུལ་འབྲེལ་ལས་འགན་གྱི་ཡན་ལག་དང་པ།

འ་ནི་དབྱེ་རིམ་ནང་ན་ LibreOffice ཀེལ་སི་གི་ཨང་རྩིས་དངུལ་འབྲེལ་ལས་འགན་ཚུ་ཤོམ་ཏེ་ཡོདཔ་ཨིན།

ACCRINT

དུས་མཚམས་གླ་དངུལ་ཚུའི་ ཐད་ཀར་ སྲུང་སྐྱོབ་ཀྱི་ སྐྱེད་འཕེལ་ཡོད་མི་རྩིས་སྟོན་འབདཝ་ཨིན།

ཚུག་སྦྱོར།

ACCRINT(སྤྲོད་ ; སྐྱེད་དང་པམ་ ; བུ་ལོན་སྤྲོད་འཇལ་ ; གོང་ཚད་ ; མཉམ་པ་ ; འབྱུང་ཐེངས་ ; གཞི་རྩ།)

སྤྲོད་ : སྲུང་སྐྱོབ་ཀྱི་སྤྲོད་ཚེས།

སྐྱེད་དང་པམ་ : སྲུང་སྐྱོབ་ཀྱི་སྐྱེད་ཚེས་དང་པམ།

བུ་ལོན་སྤྲོད་འཇལ་ : རྩིས་སྟོན་འབད་ནི་ཨིནམ་ཚུན་གྱི་ སྐྱེད་ཡར་འཕེལ་ཡོད་པའི་ཚེས་གྲངས།

གོང་ཚད་ : སྐྱེད་ཀྱི་ལོ་བསྟར་གོང་ཚད་ཆུང་བ། (འཛིན་ཤོག་སྐྱེད་ཀྱི་གོང་ཚད།)

མཉམ་པ་ : སྲུང་སྐྱོབ་ཀྱི་གནས་གོང་མཉམ་པ།

འབྱུང་ཐེངས་ : ལོ་རེ་རེ་ལུ་སྐྱེད་གླ་དངུལ་ཚུའི་གྱངས་ཁ། (༡, ༢ ཡང་ན་ ༤།).

གཞི་རྩ་ : འདི་གདམ་ཁ་ཚུའི་ཐོ་ཡིག་ལས་གདམ་ཡོདཔ་དང་ དེ་གིས་ལོ་འདི་ག་དེ་སྦེ་རྩིས་ནི་ཨིན་ན་ བརྡ་སྟོནམ་ཨིན།

གཞི་རྩ།

རྩིས་སྟོན།

༠ ཡང་ན་ བརླག་སྟོར་ཞུགས་ཡོདཔ།

ཡུ་ཨེསི་ཐབས་ལམ་ (ཨེན་ཨེ་ཨེསི་ཌི), ཉིནམ་ ༣༠ རེ་གི་ཟླཝ་ ༡༢།

1

ཟླཝ་ཚུ་ནང་ལུ་ཉིན་གྲངས་ཏག་ཏག་ ལོ་གཅིག་ནང་ལུ་ཉིན་གྲངས་ཏག་ཏག

2

ཟླཝ་ནང་ལུ་ཉིན་གྲངས་ཏག་ཏག་ ལོ་གཅིག་ནང་ལུ་ ཉིན་གྲངས་ ༣༦༠ ཡོདཔ་ཨིན།

3

ཟླཝ་ནང་ལུ་ཉིན་གྲངས་ཏག་ཏག་ ལོ་གཅིག་ནང་ལུ་ཉིན་གྲངས་ ༣༦༥ ཡོདཔ་ཨིན།

4

ཡུ་རོ་པིན་ ཐབས་ལམ་ ཟླཝ་ ༡༢ དང་ཟླཝ་རེ་རེ་ལུ་ ཉིན་གྲངས་ ༣༠ རེ།


དཔེ།

སྲུང་སྐྱོབ་འདི་༢་༢༨་༢༠༠༡ ལུ་སྤྲོད་ཡོདཔ་ཨིན། སྐྱེད་དང་པམ་འདི་ ༨་༣༡་༢༠༠༡ ལུ་གཞི་སྒྲིག་འབད་ཡོདཔ་ཨིན། བུ་ལོན་སྤྲོད་འཇལ་གནད་སྡུད་འདི་ ༥་༡་༢༠༠༡ ལུ་ཨིན། གོང་ཚད་འདི་༠་༡ ཡང་ན་ ༡༠% དང་མཉམ་པ་འདི་ ༡༠༠༠ དངུལ་ཆ་ཕྲན་ཚུ་ཨིན། སྐྱེད་དངུལ་འདི་ལོ་ཕྱེད་ཀ་སྦེ་སྤྲོད་ཡོདཔ་ཨིན་(འབྱུང་ཐེངས་འདི་ ༢ )། གཞི་རྩ་འདི་ ཡུ་ཨེསི་ཐབས་ལམ་(༠)ཨིན། སྐྱེད་ག་དེམ་ཅིག་འཕེལ་ཡོདཔ?

=ACCRINT("2001-02-28";"2001-08-31";"2001-05-01";0.1;1000;2;0) returns 16.94444.

ACCRINTM

བུ་ལོན་སྤྲོད་འཇལ་ཚེས་གྲངས་གུ་ལུ་ one-off གླ་་དངུལ་གྱི་ ཐད་ཀར་ལུ་ སྲུང་སྐྱོབ་ཀྱི་ ཡར་འཕེལ་ཡོད་པའི་སྐྱེད་རྩིས་སྟོན་འབདཝ་ཨིན།

ཚུག་སྦྱོར།

ACCRINTM(སྤྲོད་ ; བུ་ལོན་སྤྲོད་འཇལ་ ; གོང་ཚད་ ; མཉམ་པ་ ; གཞི་རྩ།)

སྤྲོད་ : སྲུང་སྐྱོབ་ཀྱི་སྤྲོད་ཚེས།

བུ་ལོན་སྤྲོད་འཇལ་ : རྩིས་སྟོན་འབད་ནི་ཨིནམ་ཚུན་གྱི་ སྐྱེད་ཡར་འཕེལ་ཡོད་པའི་ཚེས་གྲངས།

གོང་ཚད་ : སྐྱེད་ཀྱི་ལོ་བསྟར་གོང་ཚད་ཆུང་བ་ (འཛིན་ཤོག་སྐྱེད་ཀྱི་གོང་ཚད།)

མཉམ་པ་ : སྲུང་སྐྱོབ་ཀྱི་གནས་གོང་མཉམ་པ།

གཞི་རྩ་ : འདི་གདམ་ཁ་ཚུའི་ཐོ་ཡིག་ལས་གདམ་ཡོདཔ་དང་ དེ་གིས་ལོ་འདི་ག་དེ་སྦེ་རྩིས་ནི་ཨིན་ན་ བརྡ་སྟོནམ་ཨིན།

གཞི་རྩ།

རྩིས་སྟོན།

༠ ཡང་ན་ བརླག་སྟོར་ཞུགས་ཡོདཔ།

ཡུ་ཨེསི་ཐབས་ལམ་ (ཨེན་ཨེ་ཨེསི་ཌི), ཉིནམ་ ༣༠ རེ་གི་ཟླཝ་ ༡༢།

1

ཟླཝ་ཚུ་ནང་ལུ་ཉིན་གྲངས་ཏག་ཏག་ ལོ་གཅིག་ནང་ལུ་ཉིན་གྲངས་ཏག་ཏག

2

ཟླཝ་ནང་ལུ་ཉིན་གྲངས་ཏག་ཏག་ ལོ་གཅིག་ནང་ལུ་ ཉིན་གྲངས་ ༣༦༠ ཡོདཔ་ཨིན།

3

ཟླཝ་ནང་ལུ་ཉིན་གྲངས་ཏག་ཏག་ ལོ་གཅིག་ནང་ལུ་ཉིན་གྲངས་ ༣༦༥ ཡོདཔ་ཨིན།

4

ཡུ་རོ་པིན་ ཐབས་ལམ་ ཟླཝ་ ༡༢ དང་ཟླཝ་རེ་རེ་ལུ་ ཉིན་གྲངས་ ༣༠ རེ།


དཔེ།

༤/༡/༢༠༠༡ ལུ་ སྲུང་སྐྱོབ་གཅིག་སྤྲོད་དེ་ཡོདཔ་ཨིན། དུས་ཡུན་ཚང་བའི་ཚེས་གྲངས་འདི་ ༦/༡༥/༢༠༠༡ ལུ་གཞི་སྒྲིག་འབད་ཡོད། གོང་ཚད་འདི་ ༠་༡ ཡང་ན་ ༡༠% དང་ མཉམ་པ་འདི་ ༡༠༠༠ དངུལ་ཆ་ཕྲན་ཨིན། ཉིན་བསྟར་/ལོ་བསྟར་རྩིས་ལས་ཀྱི་ གཞི་རྩ་འདི་ ཉིན་བསྟར་ལྷག་ལུས་ (༣) ཨིན། སྐྱེད་ག་དེམ་ཅིག་འཕེལ་ཡོད?

=ACCRINTM("2001-04-01";"2001-06-15";0.1;1000;3) returns 20.54795.

AMORDEGRC

བུ་ལོན་སྤྲོད་འཇལ་དུས་ཡུན་དོན་ལུ་ གོང་ཐང་ཆག་པའི་དངུལ་བསྡོམས་འདི མར་འབབ་བུ་ལོན་བཏབ་པ་སྦེ་རྩིས་སྟོན་འབདཝ་ཨིན། AMORLINC བཟུམ་མེན་པར་ གོང་ཐང་ཆག་པའི་ཚེ་ལས་རང་དབང་ཨིན་པའི་ གོང་ཐང་ཆག་པའི་གྲངས་རྟགས་འདི་ནཱ་ལུ་ལག་ལེན་འཐབ་ཡོདཔ་ཨིན།

ཚུག་སྦྱོར།

AMORDEGRC(རིན་ ; ཉོ་ཚོང་འབད་ཡོད་པའི་ཚེས་གྲངས་ ; དུས་ཡུན་དང་པ་ ; ཉེན་སྐྱོབ་ ; དུས་ཡུན་ ; གོང་ཚད་ ; གཞི་རྩ།)

གླ་ཆ་ : ཉོ་སྒྲུབ་གླ་ཆ་ཚུ།

ཉོ་ཚོང་འབད་བའི་ཚེས་ : ཉོ་སྒྲུབ་ཀྱི་ཚེས།

དུས་ཡུན་དང་པམ་ : བུ་ལོན་སྤྲོད་འཇལ་དུས་ཡུན་དང་པམ་གྱི་ཚེས་མཇུག

ཉེན་སྐྱོབ་ : མར་འབབ་འབད་ནི་ཚེས་ཀྱི་མཇུག་ལུ་ཉེན་སྐྱོབ་གནས་གོང་གི་བདོག་གཏད་གཙོ་བོ།

དུས་ཡུན་ : ཆ་འཇོག་འབད་དགོསཔ་ཨིན་པའི་བུ་ལོན་སྤྲོད་འཇལ་འབད་ནིའི་དུས་ཡུན།

གོང་ཚད་ : མར་འབབ་ཀྱི་མགྱོགས་ཚད།

གཞི་རྩ་ : འདི་གདམ་ཁ་ཚུའི་ཐོ་ཡིག་ལས་གདམ་ཡོདཔ་དང་ དེ་གིས་ལོ་འདི་ག་དེ་སྦེ་རྩིས་ནི་ཨིན་ན་ བརྡ་སྟོནམ་ཨིན།

གཞི་རྩ།

རྩིས་སྟོན།

༠ ཡང་ན་ བརླག་སྟོར་ཞུགས་ཡོདཔ།

ཡུ་ཨེསི་ཐབས་ལམ་ (ཨེན་ཨེ་ཨེསི་ཌི), ཉིནམ་ ༣༠ རེ་གི་ཟླཝ་ ༡༢།

1

ཟླཝ་ཚུ་ནང་ལུ་ཉིན་གྲངས་ཏག་ཏག་ ལོ་གཅིག་ནང་ལུ་ཉིན་གྲངས་ཏག་ཏག

2

ཟླཝ་ནང་ལུ་ཉིན་གྲངས་ཏག་ཏག་ ལོ་གཅིག་ནང་ལུ་ ཉིན་གྲངས་ ༣༦༠ ཡོདཔ་ཨིན།

3

ཟླཝ་ནང་ལུ་ཉིན་གྲངས་ཏག་ཏག་ ལོ་གཅིག་ནང་ལུ་ཉིན་གྲངས་ ༣༦༥ ཡོདཔ་ཨིན།

4

ཡུ་རོ་པིན་ ཐབས་ལམ་ ཟླཝ་ ༡༢ དང་ཟླཝ་རེ་རེ་ལུ་ ཉིན་གྲངས་ ༣༠ རེ།


AMORLINC

བུ་ལོན་སྤྲོད་འཇལ་དུས་ཡུན་གྱི་དོན་ལུ་ གོང་ཐང་ཆག་པའི་དངུལ་བསྡོམས་ རིང་ཚད་ཀྱི་བུ་ལོན་བཏབ་པ་སྦེ་རྩིས་སྟོནམ་ཨིན། དངུལ་བདོག་གཏད་འདི་ བུ་ལོན་སྤྲོད་འཇལ་དུས་ཡུན་སྐབས་ལུ་ ཉོ་ཚོང་འབད་འབདཝ་ཨིན་པ་ཅིན་ གོང་ཐང་ཆག་པ་གི་ སྙོམས་ཚད་ཀྱི་དངུལ་བསྡོམས་འདི་ ཆ་འཇོག་འབད་ནི་ཨིན།

ཚུག་སྦྱོར།

AMORLINC(རིན་ ; ཉོ་ཚོང་འབད་ཡོད་པའི་ཚེས་ ; དུས་ཡུན་དང་པམ་ ; ཉེན་སྐྱོབ་ ; དུས་ཡུན་ ; གོང་ཚད་ ; གཞི་རྩ།)

གླ་ཆ་ : ཉོ་སྒྲུབ་གླ་ཆ་ཚུ།

ཉོ་ཚོང་འབད་བའི་ཚེས་ : ཉོ་སྒྲུབ་ཀྱི་ཚེས།

དུས་ཡུན་དང་པམ་ : བུ་ལོན་སྤྲོད་འཇལ་དུས་ཡུན་དང་པམ་གྱི་ཚེས་མཇུག

ཉེན་སྐྱོབ་ : མར་འབབ་འབད་ནི་ཚེས་ཀྱི་མཇུག་ལུ་ཉེན་སྐྱོབ་གནས་གོང་གི་བདོག་གཏད་གཙོ་བོ།

དུས་ཡུན་ : ཆ་འཇོག་འབད་དགོསཔ་ཨིན་པའི་བུ་ལོན་སྤྲོད་འཇལ་འབད་ནིའི་དུས་ཡུན།

གོང་ཚད་ : མར་འབབ་ཀྱི་མགྱོགས་ཚད།

གཞི་རྩ་ : འདི་གདམ་ཁ་ཚུའི་ཐོ་ཡིག་ལས་གདམ་ཡོདཔ་དང་ དེ་གིས་ལོ་འདི་ག་དེ་སྦེ་རྩིས་ནི་ཨིན་ན་ བརྡ་སྟོནམ་ཨིན།

གཞི་རྩ།

རྩིས་སྟོན།

༠ ཡང་ན་ བརླག་སྟོར་ཞུགས་ཡོདཔ།

ཡུ་ཨེསི་ཐབས་ལམ་ (ཨེན་ཨེ་ཨེསི་ཌི), ཉིནམ་ ༣༠ རེ་གི་ཟླཝ་ ༡༢།

1

ཟླཝ་ཚུ་ནང་ལུ་ཉིན་གྲངས་ཏག་ཏག་ ལོ་གཅིག་ནང་ལུ་ཉིན་གྲངས་ཏག་ཏག

2

ཟླཝ་ནང་ལུ་ཉིན་གྲངས་ཏག་ཏག་ ལོ་གཅིག་ནང་ལུ་ ཉིན་གྲངས་ ༣༦༠ ཡོདཔ་ཨིན།

3

ཟླཝ་ནང་ལུ་ཉིན་གྲངས་ཏག་ཏག་ ལོ་གཅིག་ནང་ལུ་ཉིན་གྲངས་ ༣༦༥ ཡོདཔ་ཨིན།

4

ཡུ་རོ་པིན་ ཐབས་ལམ་ ཟླཝ་ ༡༢ དང་ཟླཝ་རེ་རེ་ལུ་ ཉིན་གྲངས་ ༣༠ རེ།


DB

ཨང་རྩིས་མར་འབབ་ཐབས་ལམ་ ལག་ལེན་ཐོག་ལས་ གསལ་བཀོད་གྲུབ་ཡོད་པའི་དུས་ཡུན་གྱི་དོན་ལུ་ བདོག་གཏད་ཀྱི་ གོང་ཐང་ཆག་པ་སླར་ལོག་འབདཝ་ཨིན།

འ་ནི་གོང་ཐང་ཆག་པའི་རྣམ་པ་འདི་ ཁྱོད་ཀྱི་གོང་ཐང་ཆག་པ་འགོ་བཙུགས་གུ་ གོང་ཐང་ཆག་པའི་གནས་གོང་མཐོ་མི་གཅིག་འཐོབ་དགོས་འདོད་ན་ལག་ལེན་འཐབ་ཨིན་ (རིང་ཚད་ཀྱི་གོང་ཐང་ཆག་པ་ལུ་རྒྱབ་འགལ་འབད་ཡོད་བཟུམ་སྦེ་) ། འགོ་ཐོག་རིན་ནང་ལས་ཧེ་མ་ལས་རང་ཕབ་ཡོད་པའི་གོང་ཐང་ཆག་པ་གི་ཐོག་ལས་ གོང་ཐང་ཆག་པའི་དུས་རེ་རེ་དང་བཅས་ གོང་ཐང་ཆག་པའི་གནས་གོང་འདི་མར་ཕབ་འབད་ཡོདཔ་ཨིན།

ཚུག་སྦྱོར།

DB(རིན་; ཉེན་སྐྱོབ་; ཚེ་; དུས་ཡུན་;ཟླཝ།)

རིན་ འདི་བདོག་གཏད་ཀྱི་འགོ་ཐོག་རིན་ཨིན།

ཉེན་སྐྱོབ་ འདི་ གོང་ཐང་ཆག་པའི་མཇུག་གི་ བདོག་གཏད་ཀྱི་གནས་གོང་ཨིན།

ཚེ་ ཚེ་ཀྱིས་ བདོག་གཏད་དེ་ གོང་ཐང་ཆག་པའི་ དུས་ཡུན་ངེས་འཛིན་འབདཝ་ཨིན།

དུས་ཡུན་ འདི་དུས་ཡུན་རེ་རེའི་ རིང་ཚད་ཨིན། རིང་ཚད་འདི་གོང་ཐང་ཆག་པའི་དུས་ཡུན་བཟུམ་སྦེ་ ཚེས་ཆ་ཕྲན་གཅིག་པུ་ནང་ལུ་བཙུགས་དགོསཔ་ཨིན།

ཟླཝ་ (གདམ་ཁ་ཅན་) གིས་ གོང་ཐང་ཆག་པའི་ལོ་ངོ་དང་པའི་ཟླཝ་གི་གྱངས་ཁ་མཚོན་རྟགས་སྟོནམ་ཨིན། ཐོ་བཀོད་དེ་ ངེས་འཛིན་འབད་དེ་མེད་པ་ཅིན་ ༡༢ འདི་ སྔོན་སྒྲིག་སྦེ་ལག་ལེན་འཐབ་ཡོདཔ་ཨིན།

དཔེ།

འགོ་ཐོག་གོང་ཚད་ ༢༥༠༠༠ དངུལ་ཆ་ཕྲན་འབད་མི་ གློག་རིག་རིམ་ལུགས་གཅིག་ དུས་ཡུན་ ལོ་ངོ་ གསུམ་གྱི་རིང་ལུ་ གོང་ཐང་ཆག་ནི་ཨིན་པས། ཉེན་སྐྱོབ་གནས་གོང་དེ་ ༡༠༠༠ དངུལ་ཆ་ཕྲན་འོང་ནི་ཨིན་པས། དུས་ཡུན་གཅིག་དེ་ ཉིན་གྲངས་ ༣༠ ཨིན།

=DB(25000;1000;36;1;6) = 1,075.00 currency units

གློག་རིག་རིམ་ལུགས་ཀྱི་ གཏན་བཟོས་མར་འབབ་གོང་ཐང་ཆག་པ་དེ་ ༡,༠༧༥་༠༠ དངུལ་ཆ་ཕྲན་ཨིན།

DDB

ཨང་རྩིས་མར་འབབ་ཐབས་ལམ་ ལག་ལེན་ཐོག་ལས་ གསལ་བཀོད་གྲུབ་ཡོད་པའི་དུས་ཡུན་གྱི་དོན་ལུ་ བདོག་གཏད་ཀྱི་ གོང་ཐང་ཆག་པ་སླར་ལོག་འབདཝ་ཨིན།

ཁྱོད་ཀྱི་འགོ་ཐོག་གོང་ཐང་ཆག་པའི་གནས་གོང་མཐོ་མི་གཅིག་ རིང་ཚད་ཀྱི་གོང་ཐང་ཆག་པ་ལུ་རྒྱབ་འགལ་སྦེ་དགོས་མཁོ་བ་ཅིན་ གོང་ཐང་ཆག་པའི་རྣམ་པ་འ་ནི་བཟུམ་ལག་ལེན་འཐབ། གོང་ཐང་ཆག་པའི་གནས་གོང་འདི་དུས་ཡུན་རེ་རེ་དང་བཅས་ཉུང་སུ་སྦེ་འགྱོཝ་ཨིནམ་ལས་ སྤྱིར་བཏང་ལུ་ ཉོ་ཚོང་འབད་དེ་(དཔེ་འབད་བ་ཆིན་ སྣུམ་འཁོར་ཚུ་ གློག་རིག་ཚུ་) དུམ་གྲ་ཅིག་གི་ཤུལ་ལས་ གནས་གོང་གྱོང་རྒུད་འདི་ མཐོ་མི་བདོག་གཏད་ཚུའི་དོན་ལུ་ལག་ལེན་འཐབ་ཡོདཔ་ཨིན། འ་ནི་རྩིས་སྟོན་དབྱེ་བའི་འོག་ལུ་ ཀི་དེབ་གནས་གོང་འདི་ཀླད་ཀོར་ལུ་ནམ་ཡང་མི་ལྷོདན་ཨིན་དྲན་གནང་།

ཚུག་སྦྱོར།

DDB(རིན་;ཉེན་སྐྱོབ་;ཚེ་;དུས་ཡུན་;ཆ་རྐྱེན།)

རིན་ གིས་ བདོག་གཏད་ཀྱི་འགོ་ཐོག་རིན་ གཏན་བཟོཝ་ཨིན།

ཉེན་སྐྱོབ་ གིས་ དེའི་ཚེ་མཇུག་ལུ་བདོག་གཏད་ཀྱི་གནས་གོང་གཏན་བཟོཝ་ཨིན།

Life is the number of periods (for example, years or months) defining how long the asset is to be used.

དུས་ཡུན་ གིས་གོང་ཐང་ཆག་པ་འདི་རྩིས་སྟོན་འབད་ནི་ཨིན་པའི་དུས་ཡུན་ངེས་འཛིན་འབདཝ་ཨིན།

ཆ་རྐྱེན་ (གདམ་ཁ་ཅན་) གོང་ཐང་ཆག་པ་མར་ཕབ་འབད་བའི་ཆ་རྐྱེན་ཨིན། གནས་གོང་འདི་ཐོ་བཀོད་འབད་དེ་མེད་ན་ཅིན་ སྔོན་སྒྲིག་འདི་ཆ་རྐྱེན་ ༢ ཨིན།

དཔེ།

འགོ་ཐོག་གོང་ཚད་ ༧༥༠༠༠ དངུལ་ཆ་ཕྲན་འབད་མི་ གློག་རིག་རིམ་ལུགས་དེ་ཟླ་རིམ་སྦེ་ ལོ་ངོ་ ༥ གི་རིང་ གོང་ཐང་ཆག་ནི་ཨིན་པས། གོང་ཐང་ཆག་པའི་མཇུག་ལུ་ གནས་གོང་དེ་ ༡ དངུལ་ཆ་ཕྲན་འོང་ནི་ཨིན་པས། ཆ་རྐྱེན་དེ་ ༢ ཨིན།

DDB(75000;1;60;12;2) = ༡,༧༢༡་༨༡ དངུལ་ཆ་ཕྲན། ནི་འབདཝ་ལས་ ཉོ་ཚོང་གྲུབ་པའི་ཤུལ་གྱི་ ཟླཝ་དང་པའི་སྐབས་ ལོག་བལྟབ་མར་འབབ་གོང་ཐང་ཆག་པ་དེ་ ༡,༧༢༡་༨༡ དངུལ་ཆ་ཕྲན་ཚུ་ཨིན།

DURATION_ADD

ལོ་ཚུ་ནངགི་གཏན་བཟོས་ཀྱི་སྐྱེད་སྲུང་སྐྱོབ་དུས་ཡུན་རྩིས་སྟོན་འབདཝ་ཨིན།

དྲན་འཛིན་ངོས་དཔར།

The functions whose names end with _ADD or _EXCEL2003 return the same results as the corresponding Microsoft Excel 2003 functions without the suffix. Use the functions without suffix to get results based on international standards.


ཚུག་སྦྱོར།

DURATION_ADD(བུ་ལོན་སྤྲོད་འཇལ་;དུས་ཡུན་ཚང་བ་; འཛིན་ཤོག་; ཐོན་འབྲས་; འབྱུང་ཐེགས་; གཞི་རྩ།)

བུ་ལོན་སྤྲོད་འཇལ་ : སྲུང་སྐྱོབ་ཀྱི་ཉོ་ཚོང་འབད་བའི་ཚེས།

དུས་ཡུན་ཚང་བ་ : སྲུང་སྐྱོབ་དུས་ཡུན་ཚང་ནིའི་ཚེས། (དུས་ཡོལཝ་ཨིན།).

འཛིན་ཤོག་ : ལོ་བསྟར་འཛིན་ཤོག་ སྐྱེད་གོང་ཚད་(སྐྱེད་ཀྱི་ གོང་ཚད་ཆུང་བ )།

ཐོན་འབྲས་ : སྲུང་སྐྱོབ་ཀྱི་ ལོ་བསྟར་ཐོན་འབྲས།

འབྱུང་ཐེངས་ : ལོ་རེ་རེ་ལུ་སྐྱེད་གླ་དངུལ་ཚུའི་གྱངས་ཁ། (༡, ༢ ཡང་ན་ ༤།).

གཞི་རྩ་ : འདི་གདམ་ཁ་ཚུའི་ཐོ་ཡིག་ལས་གདམ་ཡོདཔ་དང་ དེ་གིས་ལོ་འདི་ག་དེ་སྦེ་རྩིས་ནི་ཨིན་ན་ བརྡ་སྟོནམ་ཨིན།

གཞི་རྩ།

རྩིས་སྟོན།

༠ ཡང་ན་ བརླག་སྟོར་ཞུགས་ཡོདཔ།

ཡུ་ཨེསི་ཐབས་ལམ་ (ཨེན་ཨེ་ཨེསི་ཌི), ཉིནམ་ ༣༠ རེ་གི་ཟླཝ་ ༡༢།

1

ཟླཝ་ཚུ་ནང་ལུ་ཉིན་གྲངས་ཏག་ཏག་ ལོ་གཅིག་ནང་ལུ་ཉིན་གྲངས་ཏག་ཏག

2

ཟླཝ་ནང་ལུ་ཉིན་གྲངས་ཏག་ཏག་ ལོ་གཅིག་ནང་ལུ་ ཉིན་གྲངས་ ༣༦༠ ཡོདཔ་ཨིན།

3

ཟླཝ་ནང་ལུ་ཉིན་གྲངས་ཏག་ཏག་ ལོ་གཅིག་ནང་ལུ་ཉིན་གྲངས་ ༣༦༥ ཡོདཔ་ཨིན།

4

ཡུ་རོ་པིན་ ཐབས་ལམ་ ཟླཝ་ ༡༢ དང་ཟླཝ་རེ་རེ་ལུ་ ཉིན་གྲངས་ ༣༠ རེ།


དཔེ།

སྲུང་སྐྱོབ་གཅིག་ ༡/༡/༢༠༠༡ ལུ་ཉོ་ཚོང་འབད་ཡོདཔ་ཨིནམ་ད་ དུས་ཡུན་ཚང་བའི་ཚེས་གྲངས་དེ་ ༡/༡/༢༠༠༦ ལུ་ཨིན་པས། སྐྱེད་ཀྱི་གོང་ཚད་ཆུང་བ་དེ་ ༨% ཨིན་པས། ཐོན་འབྲས་དེ་ ༩་༠% ཨིན་པས། སྐྱེད་དེ་ ལོ་ཕྱེད་སྦེ་སྤྲོད་ཡོདཔ་མས་(འབྱུང་ཐེངས་དེ་ ༢ ཨིན)། ཉིན་བསྟར་སྐྱེད་ལྷག་ལུས་རྩིས་ལས་ (གཞི་རྩ་ ༣) ལག་ལེན་འཐབ་ཐོག་ལས་ ལེགས་བཅོས་འབད་ཡོད་པའི་དུས་ཡུན་དེ་ རིང་ཐུང་ག་དེམ་ཅིག་འདུག?

=DURATION_ADD("2001-01-01";"2006-01-01";0.08;0.09;2;3)

EFFECTIVE

སྐྱེད་ཀྱི་གོང་ཚད་ཆུང་བའི་དོན་ལུ་ ལོ་བསྟར་ནེཊི་སྐྱེད་གོང་ཚད་སླར་ལོག་འབདཝ་ཨིན།

སྐྱེད་ཆུང་བ་དེ་ རྩིས་ལས་དུས་ཡུན་གྱི་མཇུག་ཀྱི་ དངུལ་བསྡོམས་སྐྱེད་ཀྱི་ཆད་ལུ་གཞི་བསྟུན་འབདཝ་ཨིན། ནུས་ཅན་སྐྱེད་དེ་ བྱིན་ཡོད་པའི་གླ་དངུལ་གྱི་གྱངས་ཁ་དང་བཅསཔ་སྦེ་ཡར་འཕརཝ་ཨིན། མིང་ཚིག་སོ་སོར་ནང་འབད་བ་ཅིན་ སྐྱེད་དེ་འཕྲལ་འཕྲལ་རང་ རྩིས་ལས་དུས་ཡུན་མཇུག་གི་ཧེ་མ་ གཞི་བཙུགས་ནང་སྦེ་སྤྲོད་ཡོདཔ་ཨིན། (དཔེ་འབད་བ་ཅིན་ ཟླ་རིམ་བཞིན་ ཡང་ན་ དཔྱ་གསུམ་བཞིན།)

ཚུག་སྦྱོར།

EFFECTIVE(NOM;P)

NOM འདི་སྐྱེད་ཆུང་བ་ཨིན།

པི་ འདི་ ལོ་བསྟར་ སྐྱེད་གླ་དངུལ་ དུས་ཡུན་གྱི་གྱངས་ཁ་ཨིན།

དཔེ།

ལོ་བསྟར་སྐྱེད་གོང་ཚད་ཆུང་བ་དེ་ ༩་༧༥% དང་ སྐྱེད་ཀྱི་རྩིས་ལས་དུས་ཡུན་བཞི་ཚུ་ངེས་འཛིན་འབད་དེ་ཡོད་པ་ཅིན་ སྐྱེད་གོང་ཚད་ངོ་མ་ག་དེམ་ཅིག་སྨོ་ (ནུས་ཅན་གོང་ཚད་)?

=EFFECTIVE(9.75%;4) = 10.11% The annual effective rate is therefore 10.11%.

EFFECT_ADD

སྐྱེད་གོང་ཚད་ཆུང་བ་དང་ ལོ་རེ་རེའི་གླ་དངུལ་སྐྱེད་ཀྱི་གྱངས་ཁ་གུ་ལུ་གཞི་རྩ་སྟེ་ སྐྱེད་ཀྱི་ལོ་བསྟར་གོང་ཚད་ནུས་ཅན་རྩིས་སྟོནམ་ཨིན།

དྲན་འཛིན་ངོས་དཔར།

The functions whose names end with _ADD or _EXCEL2003 return the same results as the corresponding Microsoft Excel 2003 functions without the suffix. Use the functions without suffix to get results based on international standards.


ཚུག་སྦྱོར།

EFFECT_ADD(གོང་ཚད་ཆུང་བ་;Npery)

NominalRate is the annual nominal rate of interest.

པི་ འདི་ ལོ་བསྟར་ སྐྱེད་གླ་དངུལ་ དུས་ཡུན་གྱི་གྱངས་ཁ་ཨིན།

དཔེ།

༥་༢༥% གོང་ཚད་ཆུང་བ་དང་ དཔྱ་གསུམ་བསྟར་གླ་དངུལ་གྱི་ ལོ་བསྟར་ནུས་ཅན་སྐྱེད་ཀྱི་གོང་ཚད་ག་ཅི་སྨོ།

=EFFECT_ADD(0.0525;4) returns 0.053543 or 5.3543%.

IRR

མ་རྩ་བཙུགས་པའི་དོན་ལུ་ སླར་ལོག་གི་ནང་འཁོད་གོང་ཚད་རྩིས་སྟོན་འབདཝ་ཨིན། གནས་གོང་ཚུ་གིས་དུས་རྒྱུན་བར་མཚམས་ལུ་ མ་དངུལ་འབབ་རྒྱུན་ཁྱད་ཚབ་འབདཝ་ཨིནམ་ད་ ཉུང་མཐའ་རང་ གནས་གོང་གཅིག་དེ་ མེད་ཆ་འོང་དགོཔ་ད་ (གླ་དངུལ་ཚུ་) ཉུང་མཐའ་རང་གནས་གོང་གཅིག་ ཡོད་ཆ་འོང་དགོཔ་ཨིན་(འབབ་ཁུངས་) །

If the payments take place at irregular intervals, use the XIRR function.

ཚུག་སྦྱོར།

IRR(གནས་གོང་ཚུ་ ; ཕོག་ཚོད་དཔག་ནི།)

གནས་གོང་ཚུ་ ནང་ན་གནས་གོང་ཤོམ་ཏེ་ཡོད་པའི་ཨེ་རེ་ཁྱད་ཚབ་འབདཝ་ཨིན།

ཕོག་ཚོད་དཔག་ནི་ (གདམ་ཁ་ཅན་) དེ་ ཕོག་ཚོད་འབད་ཡོད་པའི་གནས་གོང་ཨིན། སླར་ལོག་གི་ནང་འཁོད་གོང་ཚད་རྩིས་སྟོན་འབད་ནིའི་དོན་ལུ་ ཁས་ལན་ཅན་ཐབས་ལམ་གཅིག་ལག་ལེན་འཐབ་ཡོདཔ་ཨིན། ཁྱོད་ཀྱིས་ གནས་གོང་དག་པ་ཅིག་ལས་ལྷག་སྟེ་བྱིན་མ་ཚུགས་པ་ཅིན་ ཁས་ལན་ཅན་དེ་ ལྕོགས་ཅན་བཟོ་ནིའི་དོན་ལུ་ ཁྱོད་ཀྱིས་ འགོ་ཐོག་ཕོག་ཚོད་དཔག་ནི་གཅིག་བྱིན་དགོཔ་ཨིན།

དཔེ།

Under the assumption that cell contents are A1=-10000, A2=3500, A3=7600 and A4=1000, the formula =IRR(A1:A4) gives a result of 11,33%.

ཉེན་བརྡའི་ངོས་དཔར།

Because of the iterative method used, it is possible for IRR to fail and return Error 523, with "Error: Calculation does not converge" in the status bar. In that case, try another value for Guess.


ISPMT

བསྒྱུར་བཅོས་མ་འབད་བའི་བུ་ལོན་བཏབ་པའི་གཞི་བཙུགས་འབད་ནི་ཚུ་གི་དོན་ལུ་ སྐྱེད་ཀྱི་གནས་རིམ་རྩིས་སྟོན་འབདཝ་ཨིན།

ཚུག་སྦྱོར།

ISPMT(གོང་ཚད་; དུས་ཡུན་; བསྡོམས་_དུས་ཡུན་ཚུ་; མ་རྩ་འཇོག་པ་)

གོང་ཚད་ དུས་མཚམས་སྐྱེད་གོང་ཚད་གཞི་སྒྲིག་འབདཝ་ཨིན།

དུས་ཡུན་འདི་ སྐྱེད་ཀྱི་རྩིས་སྟོན་ནིའི་དོན་ལུ་གཞི་བཙུགས་འབད་ནི་ཚུའི་གྱངས་ཁ་ཨིན།

དུས་ཡུན་ _ བསྡོམས་ འདི་ གཞི་བཙུགས་འབད་ནིའི་དུས་ཡུན་ཚུའི་གྱངས་ཁ་བསྡོམས་ཨིན།

མ་རྩ་འཇོག་པ་ འདི་མ་རྩ་བཙུགས་པའི་དངུལ་བསྡོམས་ཨིན།

དཔེ།

ངོ་བསྟོད་དངུལ་བསྡོམས་ ༡༢༠,༠༠༠ དངུལ་ཆ་ཕྲན་ ལོ་ངོ་གཉིས་ཀྱི་དུས་ཡུན་དང་ ལོ་བསྟར་སྐྱེད་གོང་ཚད་ ༡༢% དེ་ལས་ ཟླ་རིམ་གཞི་བཙུགས་འབད་ནི་དང་བཅསཔ་པའི་དོན་ལུ་ ལོ་ངོ་ ༡་༥ གི་ཤུལ་ལས་སྐྱེད་ཀྱི་ གནས་རིམ་དེ་དགོས་མཁོ་ཡོདཔ་ཨིན།

ISPMT(༡% ; ༡༨ ; ༢༤ ; ༡༢༠༠༠༠) = -༣༠༠ དངུལ་ཆ་ཕྲན་ཚུ། ལོ་ ༡་ ༥ གི་ཤུལ་ལས་ ཟླ་རིམ་དངུལ་སྐྱེད་ འདི་༣༠༠ དངུལ་ཆ་ཕྲན་ལུ་ཁྱོད་འབོརཝ་ཨིན།

PV

རྒྱུན་རིམ་གྱི་ དུས་རྒྱུན་གླ་དངུལ་ལས་འབྱུང་བའི་ མ་རྩ་བཙུགས་པའི་ ད་ལྟོའི་གནས་གོང་སླར་ལོག་འབདཝ་ཨིན།

འ་ནི་ལས་འགན་དེ་ གསལ་བཀོད་འབད་ཡོད་པའི་དུས་ཡུན་གྱི་དུས་མཚམས་ལུ་ ད་རིས་གཏན་བཟོས་གོང་ཚད་ལུ་ མ་རྩ་བཙུགས་ནིའི་དོན་ལུ་ དགོ་པའི་དངུལ་བསྡོམས་ དམིགས་གསལ་དངུལ་བསྡོམས་ལེན་ནི་ རྩིས་སྟོན་འབད་ནིའི་དོན་ལུ་ ལག་ལེན་འཐབ། ཁྱོད་ཀྱིས་ དུས་ཡུན་སོང་བའི་ཤུལ་ལས་ དངུལ་ག་དེམ་ཅིག་ལྷག་ལུས་ནི་ཨིན་ན་ གཏན་འབེབས་བཟོ་ཚུགསཔ་ཨིན། དངུལ་བསྡོམས་དེ་ དུས་ཡུན་རེ་རེའི་ འགོ་བཙུགསཔ་ད་ལུ་ ཡང་ན་ མཇུག་ལུ་སྤྲོད་ནི་ཚུ་ཡང་ གསལ་བཀོད་འབད།

འ་ནི་གནས་གོང་ཚུ་ ཨང་གྲངས་ གསལ་བརྗོད་ ཡང་ན་ གཞི་བསྟུན་ཚུ་བཟུམ་སྦེ་བཙུགས། དཔེ་ཡབད་བ་ཅིན་ ལོ་བསྟར་སྐྱེད་དེ་ བརྒྱ་ཆ་ ༨% སྤྲོད་ཡོདཔ་ཨིན་རུང་ ཁྱོད་ཀྱིས་ ཟླཝ་དེ་དུས་མཚམས་སྦེ་ལག་ལོན་འཐབ་ནི་ཨིན་པ་ཅིན་ གོང་ཚད་ དང་ LibreOffice ཀེལ་སི་ རང་བཞིན་གྱིས་ ཆ་རྐྱེན་ངེས་བདེན་རྩིས་སྟོན་འབད་དེ་ ༨%/༡༢ གི་འོག་ལུ་བཙུགས།

ཚུག་སྦྱོར།

PV(Rate; NPER; PMT; FV; Type)

གོང་ཚད་ ཀྱིས་ དུས་ཡུན་རེ་རེའི་སྐྱེད་ཀྱི་གོང་ཚད་ངེས་འཛིན་འབདཝ་ཨིན།

NPER འདི་དུས་ཡུན་ཚུའི་གྱངས་ཁ་བསྡོམས་ཨིན། (གླ་དངུལ་དུས་ཡུན་)།

PMT འདི་དུས་ཡུན་རེ་རེ་ལུ་དུས་རྒྱུན་གླ་དངུལ་བཟོ་ཡོད་མི་འདི་ཨིན།

FV (གདམ་ཁ་ཅན་) གྱིས་ མཐའ་མཇུག་གི་གཞི་བཙུགས་འབད་ཚར་བའི་ཤུལ་ལས་ ལྷག་ལུས་ མ་འོངས་གནས་གོང་ངེས་འཛིན་འབདཝ་ཨིན།

དབྱེ་བ་ (གདམ་ཁ་ཅན་) གླ་དངུལ་ཚུ་ལུ་ ཚེས་གྲངས་རན་པ་ མཚོན་རྟགས་སྟོནམ་ཨིན། དབྱེ་བ་ = ༡ གི་ རན་པ་དེ་ དུས་ཡུན་འགོ་བཙུགས་ལུ་གོ་ནི་ཨིནམ་ད་ དབྱེ་བ = ༠ (སྔོན་སྒྲིག་) གི་ རན་པ་དེ་དུས་ཡུན་མཇུག་ལུ་ཨིནམ་སྦེ་ ཧ་གོཝ་ཨིན།

In the LibreOffice Calc functions, parameters marked as "optional" can be left out only when no parameter follows. For example, in a function with four parameters, where the last two parameters are marked as "optional", you can leave out parameter 4 or parameters 3 and 4, but you cannot leave out parameter 3 alone.

དཔེ།

ལོ་བསྟར་སྐྱེད་ཀྱི་གོང་ཚད་དེ་ ༨% དང་ ཟླ་རིམ་བཞིན་ དངུལ་ཆ་ཕྲན་ ༥༠༠ སྤྲོད་ཡོད་པ་ཅིན་ མ་རྩ་བཙུགས་པ་གི་ ད་ལྟོའི་གནས་གོང་ ག་ཅི་སྨོ? གླ་དངུལ་སྤྲོད་ནི་དུས་ཚོད་དེ་ ཟླཝ་ ༤༨ དང་ དངུལ་ཆ་ཕྲན་ ༢༠,༠༠༠ དེ་ གླ་དངུལ་དུས་ཡུན་གྱི་མཇུག་ལུ་ལྷག་ལུས་ནི་ཨིན།

པི་ཝི་ (༨%/༡༢;༤༨;༥༠༠;༢༠༠༠༠) = -༣༥,༠༡༩.༣༧ དངུལ་ཆ་ཕྲན་ཚུ། མིང་བཏགས་ཡོད་པའི་གནས་སྟངས་ཚུའི་འོག་ལུ་ ཁྱོད་ཀྱིས ཟླཝ་རེ་རེ་ནང་ལུ་ དངུལ་ཆ་ཕྲན་ ༥༠༠ སྦེ་ཟླཝ་ ༤༨ རིང་ལུ་ལེན་ཏེ་ མཇུག་ལུ་ལྷག་ལུད་ ༢༠,༠༠༠ ཡོད་དགོས་མནོ་ཅིན་ད་རིས་དངུལ་ཆ་ཕྲན་ ༣༥,༠༡༩.༣༧ བཙུགས་དགོས། ཕན་ཚུན་དཔྱད་ཀྱིས་ ༤༨ x ༥༠༠ དངུལ་ཆ་ཕྲན་ + ༢༠,༠༠༠ དངུལ་ཆ་ཕྲན་ =༤༤,༠༠༠ ཨིནམ་སྦེ་སྟོནམ་མས། འ་དི་དངུལ་བསྡོམས་དང་ ༣༥,༠༠༠ བཙུགས་ཡོད་པའི་དངུལ་ཆ་ཕྲན་གྱིས་ སྤྲོད་ཡོད་པའི་སྐྱེད་ཁྱད་ཚབ་འབདཝ་ཨིན་པས།

ཁྱོད་ཀྱིས་ མན་ངག་ནང་ལུ་ གནས་གོང་ཚུའི་ཚབ་མ་ལུ་ གཞི་བསྟུན་ཚུ་བཙུགས་པ་ཅིན་ ཁྱོད་ཀྱིས་ "If-then" འཆར་བཤད་གང་རུང་ཚུའི་གྱངས་ཁ་རྩིས་སྟོན་འབད་ཚུགསཔ་ཨིན། དྲན་དགོཔ་: གཞི་བསྟུན་ཚུ་ལས་ ཆད་མེད་ཚུ་ གཞི་བསྟུན་ཡང་དག་སྦེ་ ངེས་འཛིན་འབད་དགོཔ་ཨིན། དབྱེ་བ་ནི་བཟུམ་མའི་ འཇུག་སྤྱོད་ཀྱི་ དཔེར་བརྗོད་ཚུ་ གོང་ཐང་ཆག་པའི་ལས་འགན་ཚུའི་འོག་ལུ་ཐོབ་ཨིན།

RECEIVED

གྲ་སྒྲིག་འབད་ཡོད་པའི་དུས་ཚོད་ཀྱི་ས་ཚིགས་ལུ་ སྲུང་སྐྱོབ་སྐྱེད་གཏན་བཟོས་ཀྱི་དོན་ དངུལ་སྤྲོད་འབད་ཡོད་པའི་ལེན་པའི་དངུལ་བསྡོམས་རྩིས་སྟོན་འབདཝ་ཨིན།

ཚུག་སྦྱོར།

RECEIVED(བུ་ལོན་སྤྲོད་འཇལ་; དུས་ཡུན་ཚང་བ་; མ་རྩ་བཙུགས་པ་; མར་བཅག་; གཞི་རྩ།)

བུ་ལོན་སྤྲོད་འཇལ་ : སྲུང་སྐྱོབ་ཀྱི་ཉོ་ཚོང་འབད་བའི་ཚེས།

དུས་ཡུན་ཚང་བ་ : སྲུང་སྐྱོབ་དུས་ཡུན་ཚང་ནིའི་ཚེས། (དུས་ཡོལཝ་ཨིན།).

མ་རྩ་བཙུགས་པ་ : ཉོ་ཚོང་འབད་བའི་དངུལ་བསྡོམས།

མར་བཅག་ : སྲུང་སྐྱོབ་ཀྱི་ཉོ་སྒྲུབ་གུ་ལུ་ མར་བཅག་བརྒྱ་ཆ།

གཞི་རྩ་ : འདི་གདམ་ཁ་ཚུའི་ཐོ་ཡིག་ལས་གདམ་ཡོདཔ་དང་ དེ་གིས་ལོ་འདི་ག་དེ་སྦེ་རྩིས་ནི་ཨིན་ན་ བརྡ་སྟོནམ་ཨིན།

གཞི་རྩ།

རྩིས་སྟོན།

༠ ཡང་ན་ བརླག་སྟོར་ཞུགས་ཡོདཔ།

ཡུ་ཨེསི་ཐབས་ལམ་ (ཨེན་ཨེ་ཨེསི་ཌི), ཉིནམ་ ༣༠ རེ་གི་ཟླཝ་ ༡༢།

1

ཟླཝ་ཚུ་ནང་ལུ་ཉིན་གྲངས་ཏག་ཏག་ ལོ་གཅིག་ནང་ལུ་ཉིན་གྲངས་ཏག་ཏག

2

ཟླཝ་ནང་ལུ་ཉིན་གྲངས་ཏག་ཏག་ ལོ་གཅིག་ནང་ལུ་ ཉིན་གྲངས་ ༣༦༠ ཡོདཔ་ཨིན།

3

ཟླཝ་ནང་ལུ་ཉིན་གྲངས་ཏག་ཏག་ ལོ་གཅིག་ནང་ལུ་ཉིན་གྲངས་ ༣༦༥ ཡོདཔ་ཨིན།

4

ཡུ་རོ་པིན་ ཐབས་ལམ་ ཟླཝ་ ༡༢ དང་ཟླཝ་རེ་རེ་ལུ་ ཉིན་གྲངས་ ༣༠ རེ།


དཔེ།

བུ་ལོན་སྤྲོད་འཇལ་ཚེས་གྲངས་ : དབྱིན་ལོ་ ༡༩༩༩ དབྱིན་ཟླ་ ༢ པའི་དབྱིན་ཚེས་ ༡༥ དུས་ཡུན་ཚང་བའི་ཚེས་གྲངས་ : དབྱིན་ལོ་ ༡༩༩༩ དབྱིན་ཟླ་ ༥ པའི་ དབྱིན་ཚེས་ ༡༥ དངུལ་སྡོམས་ མ་རྩ་བཙུགས་པ་: ༡༠༠༠ དངུལ་ཆ་ཕྲན་ མར་བཅག་ : བརྒྱ་ཆ་ ༥་༧༥་ གཞི་རྩ་ : ཉིན་བསྟར་ལྷག་ལུས་/༣༦༠ = ༢

དུས་ཡུན་ཚང་བའི་ཚེས་གྲངས་ལུ་ལེན་པའི་དངུལ་བསྡོམས་འདི་འོག་ལུ་ཡོད་མི་བཟུམ་སྦེ་རྩིས་སྟོན་ཡོདཔ་ཨིན།:

=RECEIVED("1999-02-15";"1999-05-15";1000;0.0575;2) returns 1014.420266.

ཌིསིཀ

སྲུང་སྐྱོབ་ཀྱི་ འཐུས་དེ་ བརྒྱ་ཆ་སྦེ་ རྩིས་སྟོན་འབདཝ་ཨིན། (མར་བཅག་)།

ཚུག་སྦྱོར།

DISC(བུ་ལོན་སྤྲོད་འཇལ་;དུས་ཡུན་ཚང་བ་; གོང་ཚད་; བུན་ཚབ་; གཞི་རྩ)

བུ་ལོན་སྤྲོད་འཇལ་ : སྲུང་སྐྱོབ་ཀྱི་ཉོ་ཚོང་འབད་བའི་ཚེས།

དུས་ཡུན་ཚང་བ་ : སྲུང་སྐྱོབ་དུས་ཡུན་ཚང་ནིའི་ཚེས། (དུས་ཡོལཝ་ཨིན།).

གོང་ཚད་ : མཉམ་པའི་གནས་གོང་གི་༡༠༠ དངུལ་ཆ་ཕྲན་རེ་རེའི་སྲུང་སྐྱོབ་ཀྱི་གོང་ཚད།

བུན་ཚབ་ : སྲུང་སྐྱོབ་ཀྱི་ དངུལ་གྱི་ཆ་ཕྲན་༡༠༠ རེ་རེ་ལུ་ གནས་གོང་མཉམ་པ་གི་ བུན་ཚབ་གནས་གོང་།

གཞི་རྩ་ : འདི་གདམ་ཁ་ཚུའི་ཐོ་ཡིག་ལས་གདམ་ཡོདཔ་དང་ དེ་གིས་ལོ་འདི་ག་དེ་སྦེ་རྩིས་ནི་ཨིན་ན་ བརྡ་སྟོནམ་ཨིན།

གཞི་རྩ།

རྩིས་སྟོན།

༠ ཡང་ན་ བརླག་སྟོར་ཞུགས་ཡོདཔ།

ཡུ་ཨེསི་ཐབས་ལམ་ (ཨེན་ཨེ་ཨེསི་ཌི), ཉིནམ་ ༣༠ རེ་གི་ཟླཝ་ ༡༢།

1

ཟླཝ་ཚུ་ནང་ལུ་ཉིན་གྲངས་ཏག་ཏག་ ལོ་གཅིག་ནང་ལུ་ཉིན་གྲངས་ཏག་ཏག

2

ཟླཝ་ནང་ལུ་ཉིན་གྲངས་ཏག་ཏག་ ལོ་གཅིག་ནང་ལུ་ ཉིན་གྲངས་ ༣༦༠ ཡོདཔ་ཨིན།

3

ཟླཝ་ནང་ལུ་ཉིན་གྲངས་ཏག་ཏག་ ལོ་གཅིག་ནང་ལུ་ཉིན་གྲངས་ ༣༦༥ ཡོདཔ་ཨིན།

4

ཡུ་རོ་པིན་ ཐབས་ལམ་ ཟླཝ་ ༡༢ དང་ཟླཝ་རེ་རེ་ལུ་ ཉིན་གྲངས་ ༣༠ རེ།


དཔེ།

སྲུང་སྐྱོབ་གཅིག་ ༡/༢༥/༢༠༠༡ ལུ་ཉོ་ཚོང་འབད་ཡོདཔ་ད་ དུས་ཡུན་ཚང་བའི་ཚེས་གྲངས་ འདི་ ༡༡/༡༥/༢༠༠༡ ལུ་ཨིན་པས། གོང་ཚད་(ཉོ་ཚོང་གོང་ཚད་) དེ་ ༩༧ དང་ བུན་ཚབ་གནས་གོང་དེ་ ༡༠༠ ཨིན་པས། ཉིན་བསྟར་ལྷག་ལུས་རྩིས་ལས་ལག་ལེན་ཐོག་ལས་ (གཞི་རྩ་ ༣) བུ་ལོན་སྤྲོད་འཇལ་འདི་མཐོ་བ་ག་དེམ་ཅིག་འདུག(མར་བཅག)?

=DISC("2001-01-25";"2001-11-15";97;100;3) returns about 0.0372 or 3.72 per cent.

ཨེསི་ཝའི་ཌི།

ཨང་རྩིས་ཁ་མི་བཟོད་ནི་གོང་ཐང་ཆག་པའི་གོང་ཚད་སླར་ལོག་འབདཝ་ཨིན།

དངོས་པོ་གཅིག་གི་ གོང་ཐང་ཆག་པའི་འཕར་ཚད་བསྡོམས་ཀྱི་ དུས་ཡུན་གཅིག་གི་དོན་ལུ་ གོང་ཐང་ཆག་པའི་དངུལ་བསྡོམས་རྩིས་སྟོན་འབད་ནིའི་དོན་ལུ་ ལས་འགན་དེ་ལག་ལེན་འཐབ། ཨང་རྩིས་ཁ་མི་བཟེད་ནི་གོང་ཐང་ཆག་པ་གིས་ དུས་ཡུན་ལས་དུས་ཡུན་ལུ་ གཏན་བཟོས་དངུལ་བསྡོམས་ཐོག་ལས་ དངུལ་བསྡོམས་གོང་ཐང་ཆག་པ་ མར་ཕབ་འབདཝ་ཨིན།

ཚུག་སྦྱོར།

SYD(རིན་; ཉེན་སྐྱོབ་; ཚེ་; དུས་ཡུན།)

རིན་ འདི་བདོག་གཏད་ཀྱི་འགོ་ཐོག་རིན་ཨིན།

ཉེན་སྐྱོབ་ འདི་གོང་ཐང་ཆག་པའི་ཤུལ་མ་གི་བདོག་གཏད་ཀྱི་གནས་གོང་ཨིན།

ཚེ་དེ་ བདོག་གཏད་དེ་གོང་ཐང་ཆག་པའི་ དུས་ཚོད་འཕར་ཚད་གཏན་བཟོ་ནིའི་དུས་ཡུན་ཨིན།

དུས་ཡུན་ གིས་གོང་ཐང་ཆག་པ་འདི་རྩིས་སྟོན་འབད་ནི་ཨིན་པའི་དུས་ཡུན་ངེས་འཛིན་འབདཝ་ཨིན།

དཔེ།

ཝི་ཌིའོ་རིམ་ལུགས་ འགོ་ཐོག་བསྒང་ རིན་གོང་ ༥༠,༠༠༠ དངུལ་ཆ་ཕྲན་གནས་མི་དེ་ ལོ་བསྟར་སྦེ་ཤུལ་མམ་གྱི་ལོ་ ༥ གི་རིང་ གོང་ཐང་ཆག་ནི་ཨིན་པས། ཉེན་སྐྱོབ་གནས་གོང་དེ་ དངུལ་ཆ་ཕྲན་ ༡༠,༠༠༠ ཨིན་དགོཔ་ཨིན། ཁྱོད་ཀྱིས་ གོང་ཐང་ཆག་པའི་གནས་གོང་ ལོ་ངོ་དང་པ་ནང་ རྩིས་སྟོན་འབད་ནི་ཨིན་མི།

SYD(༥༠༠༠༠;༡༠༠༠༠;༥;༡)=༡༣,༣༣༣.༣༣ དངུལ་ཆ་ཕྲན། ལོ་ངོ་དང་པམ་གྱི་གོང་ཐང་ཆག་པ་འདི་ ༡༣,༣༣༣.༣༣ དངུལ་ཆ་ཕྲན་ཨིན།

དུས་ཡུན་རེ་རེའི་གོང་ཐང་ཆག་པའི་གོང་ཚད་ཀྱི་ སྤྱི་མཐོངཡོདཔ་བཟོ་ནིའི་དོན་ལུ་ གོང་ཐང་ཆག་པའི་ཐིག་ཁྲམ་ངེས་འཛིན་འབད་ནི་དེ་དྲག་ཤོས་ཨིན། LibreOffice ཀེལ་སི་རང་སོའི་ཤུལ་མམ་ནང་ འཐོབ་ཚུགས་པའི་ གོང་ཐང་ཆག་པའི་མན་ངག་སོ་སོ་ཚུ་བཙུགས་ཐོག་ལས་ ཁྱོད་ཀྱིས་ གོང་ཐང་ཆག་པའི་རྣམ་པ་ག་དེ་མང་ཤོས་འོད་ལྡན་འདུག་ག་མཐོང་ཚུགསཔ་ཨིན། ཐིག་ཁྲམ་དེ་ ཡོག་ལུ་ཡོདཔ་བཟུམ་སྦེ་བཙུགས།:

ཨེ།

བི།

སི།

ཨེ།

ཨེ།

1

Initial Cost

Salvage Value

Useful Life

Time Period

Deprec. SYD

2

50,000 currency units

10,000 currency units

5

1

13,333.33 currency units

3

2

10,666.67 currency units

4

3

8,000.00 currency units

5

4

5,333.33 currency units

6

5

2,666.67 currency units

7

6

0.00 currency units

8

7

9

8

༡༠

9

༡༡

10

༡༢

༡༣

>0

Total

40,000.00 currency units


ཨི་ ༢ ནང་གི་མན་ངག་འདི་འོག་ལུ་ཡོད་དོ་བཟུམ་ཨིན།:

=SYD($A$2;$B$2;$C$2;D2)

འ་ནི་མན་ངག་དེ་ ཀེར་ཐིག་ ཨི་ལས་མར་ ཨི་༡༡ ལུ་ ངོ་བཤུས་འབད་ཡོད་ (ཨི་ ༢ སེལ་འཐུ་འབད་ཞིནམ་ལས་ མཱའུསི་དང་བཅསཔ་སྦོ་ འོག་གི་གཡས་སྒྱིད་ཁུག་དེ་ མར་འདྲུད།)

ནང་ཐིག་ ཨི་ ༡༣ ནང་ན་ གོང་ཐང་ཆག་པའི་དངུལ་བསྡོམས་ཀྱི་བསྡོམས་ཞིབ་དཔྱད་འབད་ནིའི་མན་ངག་ཤོམ་ཏེ་ཡོདཔ་ཨིན། དེ་གིས་ཨེསི་ ཡུ་ ཨེམ་ ཨའི་ ཨེཕ་ལས་འགན་དེ་ ཨི་ ༨ :ཨི་ ༡༡ ནང་ གནས་གོང་མེད་ཆ་སྦེ་ལག་ལེན་འཐབ་ཨིནམ་ལས་ དེ་ཆ་འཇོག་འབད་མི་བཏུབ། གནས་སྟངས་ >༠ དེ་ ནང་ཐིག་ ཨེ་ ༡༣ ནང་ཤོམ་ཏ་ཡོད། ཨི་ ༡༣ ནང་ཡོད་པའི་མན་ངག་ཚུ་ འོག་ལུ་ཡོདཔ་བཟུམ་ཨིན།:

=SUMIF(E2:E11;A13)

ད་འབདན་ གོང་ཐང་ཆག་པ་དེ་ དུས་ཡུན་ལོ་ངོ་ ༡༠ ཚུན་བལྟ་ནི་ ཡང་ན་ དངུལ་ཆ་ཕྲན་ ༡ གི་ཉེན་སྐྱོབ་གནས་གོང་ ཡང་ན་ འགོ་ཐོག་གླ་ཆ་སོ་སོ་བཙུགས་ནི་ལ་སོགས།

དངུལ་འབྲེལ་ལས་འགན་ཚུའི་ཡན་ལག་གཉིས་པ།

དངུལ་འབྲེལ་ལས་འགན་ཚུའི་ཡན་ལག་གསུམ་པ།

Functions by Category