ཤོག་ཁྲམ་བཙུགས།

ཤོག་ཁྲམ་གསརཔ་གཅིག་བཙུགས་ནིའི་དོན་ལུ་ ལག་ལེན་འཐབ་ཡོད་པའི་གདམ་ཁ་ཚུ་ངེས་འཛིན་འབདཝ་ཨིན། ཁྱོད་ཀྱིས་ ཡིག་སྣོད་ལས་ཤོག་ཁྲམ་གསརཔ་གཅིག་གསར་བསྐྲུན་འབད་ནི་ ཡང་ན་ ཡོད་བཞིན་པའི་ཤོག་ཁྲམ་གཅིག་བཙུགས་ཚུགསཔ་ཨིན།

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

Choose Sheet - Insert Sheet.


གནས་ས།

ཁྱོད་རའི་ཡིག་ཆ་ནང་ལུ་ ཤོག་ཁྲམ་གསརཔ་འདི་ག་ཏེ་བཙུགས་ནི་ཨིན་ན་གསལ་བཀོད་འབདཝ་ཨིན།

ད་ལྟོའི་ཤོག་ཁྲམ་གྱི་ཧེ་མ།

ད་ལྟོའི་ཤོག་ཁྲམ་གྱི་ཧེ་མ་ ཤོག་ཁྲམ་གསརཔ་གཅིག་ཐད་ཀར་དུ་བཙུགསཔ་ཨིན།

ད་ལྟོའི་ཤོག་ཁྲམ་གྱི་ཤུལ་མ།

ད་ལྟོའི་ཤོག་ཁྲམ་གྱི་ཤུལ་མ་ ཤོག་ཁྲམ་གསརཔ་གཅིག་ཐད་ཀར་དུ་བཙུགསཔ་ཨིན།

གསར་བསྐྲུན་འབད།

ཡིག་ཆ་ནང་ན་ ཤོག་ཁྲམ་གསརཔ་གཅིག་ཡང་ན་ ཡོད་བཞིན་པའི་ཤོག་ཁྲམ་གཅིག་ བཙུགས་ནི་ཨིན་ན་མེན་ན་གསལ་བཀོད་འབདཝ་ཨིན།

གསར་བསྐྲུན་འབད།

Creates a new sheet. Enter a sheet name in the Name field. Allowed characters are letters, numbers, spaces, and the underline character.

ཤོག་ཁྲམ་ཚུ་གི་གྱངས་ཁ།

གསར་བསྐྲུན་འབད་ནི་ཨིན་པའི་ ཤོག་ཁྲམ་ཚུའི་གྱངས་ཁ་གསལ་བཀོད་འབདཝ་ཨིན།

མིང་།

གསར་བསྐྲུན་འབད་ནི་ཨིན་པའི་ ཤོག་ཁྲམ་ཚུའི་གྱངས་ཁ་གསལ་བཀོད་འབདཝ་ཨིན།

ལེབ་གྲངས་ལུ་བསྐྱར་མིང་བཏགས་དོ་

ཡིག་སྣོད་ལས།

ཡོད་བཞིན་པའི་ཡིག་ཆ་ལས་ ད་ལྟོའི་ཡིག་ཆ་ནང་ན་ཤོག་ཁྲམ་གཅིག་བཙུགསཔ་ཨིན།

བརྡ་འཚོལ།

ཡིག་སྣོད་གཅིག་སེལ་འཐུ་འབད་ནིའི་དོན་ལུ་ ཌའི་ལོག་གཅིག་ཁ་ཕྱེཝ་ཨིན།

འཐོབ་ཚུགས་པའི་ལེབ་གྲངས་ཚུ།

ཁྱོད་ཀྱིས་ བརྡ་འཚོལ་ ཨེབ་རྟ་ལག་ལེན་ཐོག་ལས་ཡིག་སྣོད་གཅིག་སེལ་འཐུ་གྲུབ་པ་ཅིན་ དེ་ནང་ལུ་ཤོམ་ཏེ་ཡོད་པའི་ཤོག་ཁྲམ་ཚུ་ ཐོ་བཀོད་སྒྲོམ་ནང་ལུ་བཀྲམ་སྟོན་འབད་ཡོདཔ་ཨིན། ཡིག་སྣོད་འགྲུལ་ལམ་འདི་ འ་ནི་སྒྲོམ་གྱི་འོག་ལུ་བཀྲམ་སྟོན་འབད་དེ་ཡོདཔ་ཨིན། ཐོ་བཀོད་སྒྲོམ་ནང་ལས་ བཙུགས་ནི་ཨིན་པའི་ཤོག་ཁྲམ་ སེལ་འཐུ་འབད།

འབྲེལ་མཐུད།

ཤོག་ཁྲམ་འདི་འདྲ་བཤུས་ཀྱི་ཚབ་མ་འབྲེལ་ལམ་སྦེ་བཙུགས་ནིའི་དོན་ལུ་ སེལ་འཐུ་འབད། ད་ལྟོའི་ནང་དོན་ཚུ་སྟོན་ནིའི་དོན་ལུ་ འབྲེལ་ལམ་ཚུ་ དུས་མཐུན་བཟོ་ཚུགསཔ་ཨིན།