Format Function

ཨང་དེ་ཡིག་རྒྱུན་ལུ་གཞི་བསྒྱུར་འབདཝ་དང་ དེ་ལས་ཁྱོད་ཀྱིས་གསལ་བཀོད་འབད་མི་རྩ་སྒྲིག་ལུ་འཁྲིལ་རྩསྒྲིག་འབདཝ་ཨིན།

ཚིག་སྦྱོར:

རྩ་སྒྲིག་ (ཨང་ [རྩ་སྒྲིག་ཡིག་རྒྱུན་བཟུམ་སྦེ])

གནས་གོང་སླར་ལོག:

ཡིག་རྒྱུན།

ཚད་བཟུང་ཚུ་:

ཨང་: ཨང་གྲངས་ཀྱི་གསལ་བརྗོད་དེ་ཁྱོད་ཀྱིས་རྩ་སྒྲིག་འབད་ཡོད་མི་ཡིག་རྒྱུན་ལུ་གཞི་བསྒྱུར་འབད་ནི་ཨིན་མི།

རྩ་སྒྲིག་: ཡིག་རྒྱུན་དེ་ཨང་དོན་ལུ་རྩ་སྒྲིག་ཨང་དེ་གསལ་བཀོད་འབདཝ་ཨིན། རྩ་སྒྲིག་བསྐྱུར་ཡོད་པ་ཅིན་ རྩ་སྒྲིག་ལས་འགན་གྱིས་ ཡིག་རྒྱུན་ ལས་འགན་བཟུམ་སྦེ་ལཱ་འབདཝ་ཨིན།

ཨང་རྟགས་ཚུ་རྩ་སྒྲིག་འབད་དོ།

འོག་གི་ཐོ་ཡིག་དེ་ཁྱོད་ཀྱིསཨང་རྩ་སྒྲིག་འབད་ནི་་དོན་ལུ་ལག་ལེན་འཐབ་བཏུབ་པའི་ཨང་རྟགས་ཚུ་འགྲེལ་བཤད་འབདཝ་ཨིན།

༠: ཨང་ དེ་ལུ་ཨང་རྟགས་རྩ་སྒྲིག་ནང་ ༠ གི་གནས་ས་ལུ་ཨང་ཡིག་ཡོད་པ་ཅིན་ ཨང་ཡིག་དེ་བཀྲམ་བཏོན་འབད་ཡོདཔ་ དེ་མེན་པ་ཅིན་ཀླད་ཀོར་དེ་བཀྲམ་བཏོན་འབད་ཡོདཔ་ཨིན།

ཨང་དེ་ལུ་ རྩ་སྒྲིག་ཨང་རྟགས་ནང ཀླད་ཀོར་ཚུ་ལས་ཨང་ཡིག་དག་པ་ཅིག་ཨིན་པ་ཅིན་་ (བཅུ་ཚག་གི་ལོགས་གཞན་གུ་)སྔོན་བསྐྱོད་ཡང་ན་ རྒྱབ་ལུ་ཀླད་ཀོར་ཚུ་ཆ་མཉམ་བཀྲམ་བཏོན་ཡོདཔ་ཨིན། ཨང་དེ་ལུ་བཅུ་ཚག་དབྱེ་བྱེད་ཀྱི་གཡོན་ཕྱོགས་ལུ་ཨང་ཡིག་ཚུ་རྩ་སྒྲིག་ཨང་རྟགས་ནང་ཀླད་ཀོར་ཚུ་ཡོངས་བསྡོམ་ལས་ལྷག་པ་ཅིན་ ཁ་སྐོང་ཨང་ཡིག་ཚུ་རྩ་སྒྲིག་མ་འབད་བར་བཀྲམ་བཏོན་འབད་ཡོདཔ་ཨིན།

ཨང་ནང་བཅུ་ཚག་གི་ས་གནས་ཚུ་ཆ་མཉམ་རྩ་སྒྲིག་ ཨང་རྟགས་དེ་ནང་བཅུ་ཚག་དབྱེ་བྱེད་ཤུལ་ལས་འབྱུང་མི་ཀླད་ཀོར་ཚུ་གི་ཨང་དེ་ལུ་འཁྲིལ་སྡེ་ཚན་བཟོཝ་ཨིན།

#: ཨང་ནང་ན་ ཨང་ཡིག་གནས་ས་ལུ་ # ས་གནས་འཛིན་་པ་ནང་ རྩ་སྒྲིག་ཨང་རྟགས་ཡོད་པ་ཅིན་ཨང་ཡིག་དེ་བཀྲམ་བཏོན་འབད་ཡོདཔ་དང་ དེ་མེན་གནས་ས་དེ་ལུ་ག་ནི་ཡང་བཀྲམ་བཏོན་མི་འབད།

མདའ་མཚོན་དེ་ ༠ བཟུམ་ལཱ་འབདཝ་ཨིན་ དམིགས་བསལ་སྔོན་བསྐྱོད་ཡང་ན་རྒྱབ་ལུ་ཀླད་ཀོར་ཚུ་ཆ་མཉམ་རྩ་སྒྲིག་ཨང་རྟགས་ནང་ཡིག་འབྲུ་ཚུ་# ཨང་ཡིག་ཚུ་ཨང་ནང་ལས་ལྷགཔ་ཨིན་པ་ཅིན་བཀྲམ་བཏོན་མི་འབད། འབྲེལ་བ་ཡོད་པའི་ཨང་གི་ཨང་ཡིག་ཚུ་རྐྱངམ་ཅིག་བཀྲམ་བཏོན་ཡོདཔ་ཨིན།

.: བཅུ་ཚག་གནས་འཛིན་མི་གྱིས་བཅུ་ཚག་གནས་་ཚུ་གི་ཨང་དེ་བཅུ་ཚག་ཁ་ཕྱེལ་སོ་སོ་གི་གཡོན་དང་གཡས་ཕྱོགས་ལུ་གཏན་འབེབས་བཟོཝ་ཨིན།

རྩ་སྒྲིག་ཨང་རྟགས་དེ་ནང་ན་#ས་གནས་འཛིན་པ་ཚུ་བརྡ་མཚོན་དེ་གི་གཡོན་ཕྱོགས་ལུ་རྐྱངམ་ཅིག་ ཨང་ཚུ་ ༡ ལས་ཉུང་མི་བཅུ་ཚག་དབྱེ་བྱེད་ཀྱི་འགོ་བཙུགསཔ་ཨིན། ཨ་རྟག་རང་རྒྱབ་ལུ་ཀླད་ཀོར་གཅིག་ཁར་དཔྱ་ཕྲན་ཨང་ཚུ་བཀྲམ་བཏོན་འབད་ནི་ལུ་ བཅུ་ཚག་དབྱེ་བྱེད་ཀྱི་གཡོན་ཕྱོགས་ལུ་ཨང་ཡིག་དང་པ་གི་དོན་ལུ་ས་གནས་འཛིན་པ་སྦེ་ ༠ ལག་ལེན་འཐབ།

%: ཨང་རྟགས་རྩ་སྒྲིག་ནང་འབྱུང་མི་ཨང་དེ་(%)བརྒྱ་ཆ་རྟགས་དེ་བཙུགསཔ་ད་་༡༠༠ གིས་འབད་ཨང་དེ་དགུ་ཐབས་རྐྱབས་ཨིན།

ཨི་- ཨི་+ ཨི་- ཨི་+ : རྩ་སྒྲིག་ཨང་རྟགས་ནང་ན་ཨང་ཡིག་ས་གནས་འཛིན་པ་ཉུང་མི་གཅིག་ (༠ ཡང་ན་ # ) བརྡ་མཚོན་གྱི་གཡས་ཕྱོགས་ལུ་ཨི་- ཨི་+ ཨི- ཡང་ན་ ཨི་+ ཡོདཔ་ཨིན་ ཨང་དེ་ཚན་རིག་ཡང་ན་བསྒྱུར་གྲངས་རྩ་སྒྲིག་ནང་རྩ་སྒྲིག་འབད་ཡོདཔ་ཨིན། ཡི་གུ་ E ཡང་ན་e དེ་ཨང་དང་བསྒྱུར་གྲངས་བར་ན་བཙུགས་ཡོདཔ་ཨིན། བརྡ་མཚོན་གྱི་གཡས་ཕྱོགས་ལུ་ཨང་ཡིག་ཚུ་གི་དོན་ལུ་ས་གནས་འཛིན་པ་གི་ཨང་དེ་གིས་བསྒྱུར་གྲངས་ནང་ཨང་ཡིག་ཚུ་གི་ཨང་དེ་གཏན་འབེབས་བཟོཝ་ཨིན།

བསྒྱུར་གྲངས་དེ་མེད་ཆ་ཨིན་པས་ མའི་ནས་རྟགས་དེ་བསྒྱུར་གྲངས་ཀྱི་ཧེ་མ་ཐད་ཀར་དུ་ E-, E+, e-, e+ གཅིག་ཁར་་བཀྲམ་བཏོན་འབད་ཡོདཔ་ཨིན། བསྒྱུར་གྲངས་དེ་ཡོད་ཆ་ཨིན་པ་ཅིན་ པ་ལས་རྟགས་རྐྱངམ་ཅིག་བསྒྱུར་་གྲངས་ཚུ་གི་ཧེ་མ་E+ or e+ དང་གཅིག་ཁར་བཀྲམ་བཏོན་ཡོདཔ་ཨིན།

དབྱེ་རྟགས་སྟོང་ཕྲག་ཚུ་ཨང་ཡིག་ས་གནས་འཛིན་མ་(༠ ཡང་ན་ #)གིས་འབད་མཉམ་སྦྲགས་ཡོད་མི་དབྱེ་རིག་ནང་ན་རྩ་སྒྲིག་ཨང་་དེ་ཡོད་པ་ཅིན་བཀྲམ་བཏོན་འབད་ཡོདཔ་ཨིན།

དུས་ཡུན་སྟོང་སྦེ་དང་བཅུ་ཚག་དབྱེ་བྱེད་ཀྱི་ལག་ལེན་འཐབ་ཐངས་དེ་ལུང་ཕྱོགས་སྒྲིག་སྟངས་ལུ་རྟུནམ་ཨིན། ཁྱོད་ཀྱིས་གཞི་རིམ་འབྱུང་ཁུངས་ཨང་རྟགས་ནང་ཨང་ཐད་ཀར་དུ་བཙུགསཔ་ད་ ཨ་རྟག་ར་དུས་ཡུན་ཅིག་བཅུ་ཚག་དབྱེ་རྟགས་སྦེ་ལག་ལེན་འཐབ། ཡིག་འབྲུ་ངོ་མ་བཅ་ཚག་དབྱེ་བྱེད་སྦེ་བཀྲམ་བཏོན་འབད་ཡོད་མི་དེ་ཁྱོད་རའི་རིམ་ལུགས་སྒྲིག་སྟངས་ཚུ་ནང་རྩ་སྒྲིག་ཨང་གུ་རྟེནམ་ཨིན།

- + $ ( ) བར་སྟོང་: ཨེ་པ་ལསི་ (+), མའི་ནསི་ (-)ཌོ་ལར་ ($), བར་སྟོང་་ཡང་ན་གུག་ཤད་ཚུ་ཐད་ཀར་དུ་ཐད་དོན་ཡིག་འབྲུ་སྦེ་རྩ་སྒྲིག་ཨང་རྟགས་དེ་་བཀྲམ་བཏོན་འབད་ཡོདཔ་ཨིན།

གཞན་ན་ལུ་ཐོ་བཀོད་འབད་ཡོད་མི་ལས་ཡིག་འབྲུ་ཚུ་བཀྲམ་བཏོན་ལུ་ ཁྱོད་ཀྱིས་གཡོ་ཤད་ལོག་པ(\)གིས་འབད་སྔོན་དཔེ་་ཡང་་ན་དྲན་ཚིག་རྟགས་ཚུ་("")ནང་མཉམ་སྦྲགས་དགོཔ་ཨིན།

\ : གཡོ་ཤད་ལོག་པ་དེ་གིས་རྩི་སྒྲིག་ཨང་རྟགས་ནང་ཤུལ་མམ་གྱི་ཡིག་འབྲུ་དེ་བཀྲམ་བཏོན་འབདཝ་ཨིན།

རྩ་སྒྲིག་ཨང་རྟགས་ནང་ཡིག་འབྲུ་ཚུ་དམིགས་བསལ་དོན་ལྡན་ཡོད་མི་རྐྱངམ་ཅིག་ གཡོ་ཤད་ལོག་པ་ཀྱིས་སྔོན་དཔེ་ཡོད་པ་ཅིན་ཐད་དོན་ཡིག་འབྲུ་ཚུ་སྦེ་བཀྲམ་བཏོན་འབད་ཡོདཔ་ཨིན། གཡོ་ཤད་ལོག་པ་དེ་རང་་ ཁྱོད་ཀྱིས་རྩ་སྒྲིག་ཨང་རྟགས་ནང་ (\\)གཡོ་ཤད་ལོག་པ་གཉིས་ལྡན་མ་བཙུགས་ཚུན་ཚོད་བཀྲམ་བཏོན་མི་འབད།

ཡིག་འབྲུ་ཚུ་གཡོ་ཤད་ལོག་པ་གིས་འབད་རྩ་སྒྲིག་ཨང་རྟགས་ནང་ཐད་དོན་ཡིག་འབྲུ་ཚུ་བཀྲམ་བཏོན་སྔོན་དཔེ་འབད་དགོ་མི་ཚུ་ ཚེས་་དང་ དུས་ཚོད་རྩ་སྒྲིག་འབད་མི་ཡིག་འབྲུ་ཚུ་(a, c, d, h, m, n, p, q, s, t, w, y, /, :) ཨང་གྲངས་ཀྱི་རྩ་སྒྲིག་ཡིག་འབྲུ་ཚུ་ (#, 0, %, E, e, ལྷོད་རྟགས་ དུས་ཡུན)དང་ ཡིག་རྒྱུནརྩ་སྒྲིག་ཡིག་འབྲུ་ཚུ་ (@, &, <, >, !)ཨིན།

ཁྱོད་ཀྱིས་ཡང་འོག་གི་སྔ་སྒོང་ངེས་འཛིན་འབད་ཡོད་མི་ཨང་རྩ་སྒྲིག་ཚུ་ལག་ལེན་འཐབ་བཏུབ། དམིགས་བསལ་དོན་ལུ་ "General Number" སྔ་སྒོང་ངེས་འཛིན་འབད་ཡོད་མི་རྩ་སྒྲིག་ཨང་རྟགས་ཚུ་ཆ་མཉམ་ཨང་དེ་བཅུ་ཚག་ཨང་དང་གཅིག་ཁར་བཅུ་ཚག་གནས་ས་གཉིས་སྦེ་་སླར་ལོག་ཡོདཔ་ཨིན།

ཁྱོད་ཀྱིས་སྔ་སྒོང་ངེས་འཛིན་འབད་ཡོད་མི་རྩ་སྒྲིག་ཚུ་ལག་ལེན་འཐབ་པ་ཅིན་ རྩ་སྒྲིག་གི་མིང་དེ་དྲན་ཚིག་རྟགས་ཚུའི་ནང་ན་ཚུད་དགོཔ་ཨིན།

སྔ་སྒོང་ངེས་འཛིན་འབད་ཡོད་མི་རྩ་སྒྲིག

ཡོངས་ཁྱབ་ཨང་: ཨང་ཚུ་བཙུགས་ཡོད་མི་བཟུམ་སྦེ་བཀྲམ་བཏོན་འབད་ཡོདཔ་ཨིན།

དངུལ་: ཨང་གི་གདོང་ཁར་ཌོ་ལར་རྟགས་བཙུགསཔ་དང་་གུག་ཤད་ནང་མེད་ཆ་ཨང་ཚུ་མཉམ་སྦྲགསཔ་ཨིན།

གཏན་བཟོ་: བཅུ་ཚག་དབྱེ་སེལ་བ་གི་གདོང་ཁ་ལུ་ཉུང་མཐའ་ཨང་གཅིག་བཀྲམ་བཏོནཝ་ཨིན།

ཚད་ལྡན་: ཨང་ཚུ་དང་གཅིག་ཁར་དབྱེ་སེལ་བ་སྟོང་ཚུ་བཀྲམ་བཏོན་འབདཝ་ཨིན།

བརྒྱ་ཆ: ཨང་ལུ་བརྒྱ་ཆ་རྟགས་ཅིག་མཇུག་བསྣོན་འབད་ནི་དང་ ༡༠༠ གིས་འབད་ཨང་དེ་དགུ་ཐབས་རྐྱབས་ཨིན།

ཚན་རིག་གི་: ཚན་རིག་གི་རྩ་སྒྲིག་ནང་ཨང་ཚུ་བཀྲམ་བཏོན་འབདཝ་ཨིན། (དཔེར་ན་ ༡་༠༠ཨི+༡༠༠༠་དོན་ལུ་༠༣ )

རྩ་སྒྲིག་ཨང་རྟགས་དེ་སི་མི་ཀོ་ལཱོན་ཚུ་གིས་འབད་སོ་སོ་ཁ་ཕྱེལ་་འབད་མི་དབྱེ་ཚན་གསུམ་ལུ་བགོ་བཤའ་རྐྱབས་བཏུབ། ཡན་ལག་དང་པམ་དེ་གིས་ཡོད་ཆ་གནས་གོང་དོན་ལུ་རྩ་སྒྲིག་དང་ གཉིས་པམ་དེ་གིས་མེད་ཆ་གནས་གོང་ཚུའི་དོན་ལུ་་དང་ཡན་ལག་གསུམ་པམ་དེ་གིས་ཀླད་ཀོར་དོན་ལུ་ངེས་འཛིན་འབདཝ་ཨིན། ཁྱོད་ཀྱིས་རྩ་སྒྲིག་ཨང་རྟགས་གཅིག་རྐྱངམ་ཅིག་གསལ་བཀོད་འབད་བ་ཅིན་ དེ་གིས་ཨང་ཚུ་ཆ་མཉམ་ལུ་འཇུག་སྤྱོད་འབདཝ་ཨིན།

You can set the locale used for controlling the formatting numbers, dates and currencies in LibreOffice Basic in - Language Settings - Languages. In Basic format codes, the decimal point (.) is always used as placeholder for the decimal separator defined in your locale and will be replaced by the corresponding character.

འདི་གཅིགཔ་སྦེ་ཚེས་ ཆུ་ཚོད་དང་དངུལ་རྩ་སྒྲིག་ཚུའི་དོན་ལུ་ཉེན་གནས་སྒྲིག་སྟངས་འདི་ཚུ་ལུ་འཇུགཔ་ཨིན། གཞི་རྟེན་རྩ་སྒྲིག་ཨང་རྟགས་འདི་ཁྱོད་ཀྱི་ཉེན་གནས་སྒྲིག་སྟངས་སུ་འཁྲིལ་ཏེ་ཁ་བསྒྱུར་འབད་ནི་་དང་བཀྲམ་བཏོན་འབད་ནི་ཨིན།

Error codes:

༥ ནུས་མེད་བྱ་སྒོའི་ལམ་ལུགས་བོད་བརྡ་

དཔེར་བརྗོད:

Sub ExampleFormat

    MsgBox Format(6328.2, "##,##0.00")

    ཨར་ཨི་ཨེམ་ཨ་རྟག་ར་གཞི་རིམ་འབྱུང་རིམ་ཨང་རྟགས་ནང་་ཨང་ཚུ་བཙུགས་མི་དབྱེ་རིག་བཅུ་ཚག་སྦེ་དུས་ཡུན་ཅིག་ལག་ལེན་འཐབ་ཨིན།

    ཨར་ཨི་ཨེམ་ དཔེར་བརྗོད་༦ ༣༢༨་༢༠ དབྱིན་སྐད་ཉེན་གནས་དོན་ལུ་ ༦་༣༢༨ ༢༠ ཇར་མཱན་ཉེན་གནས་ནང་བཀྲམ་བཏོན་འབདཝ་ཨིན།

End Sub